ཟླ་བདུན་པའི་གསེར་གྱི་མེ་ཏོག་རི་སྐྱེས་ཤྭ་མོ་སེར་པོ།

文摘   2024-11-09 12:00   澳大利亚  

本文作者:索南冷知


编辑整理:陈禹含





  མཚོ་བོད་མཐོ་སྒང་ལ་མཚོན་ན་དབྱར་ཟླ་དྲུག་པ་དང་བདུན་པ་ནི་ས་གཞི་ཀུན་ཏུ་མེ་ཏོག་དང་སྐྱེ་དངོས་སྣ་ཚོགས་ཀྱིས་བརྒྱན་པའི་དག་ཞིང་དུ་འབོད་ལ།རྟ་ནོར་ལུགས་གསུམ་བག་ཡངས་སུ་འཚོ་ཞིང་།གཡུ་ཡི་ཐང་མ་ལྟ་བའི་ཡུལ་ལྗོངས་འདིར་ང་ཚོས་རྒྱལ་ཁབས་སྲུང་སྐྱོབ་རིམ་པའི་རྩི་ཤིང་དང་སྲོག་ཆགས།འབུ་སྲིན་སོགས་མང་དུ་མཐོང་ཐུབ།དེའི་ཁྲོད་རང་ལ་མཚོན་ན་ཆེས་བག་ཆགས་ཆེ་བ་ནི་མཐོ་སྒང་གི་གསེར་གྱི་མེ་ཏོག་སྟེ་རི་སྐྱེས་ཤྭ་མོ་སེར་པོ་རེད།



  རི་སྐྱེས་ཤྭ་མོ་སེར་པོ་ནི་ཟླ་དྲུག་པ་དང་བདུན་པའི་ནང་ས་ངོས་མཐོ་ཚད་2800-4300བར་སྐྱེ་བའི་མཐོ་དབུས་མཐོ་སྒང་གི་སྐྱེ་རྡུལ་ཕྲ་རབ་ཀྱི་གྲོས་ཀྱི་ཡིནལ།ཁྱད་མཚར་ལྡན་པའི་མཚོ་བོད་མཐོ་སྒང་དུ་མ་གཏོགས་མེད་པའི་སྐྱེ་དངོས་ཤིག་ཀྱང་ཡིན།ཁྱབ་ཁོངས་ཡང་ཤིན་ཏུ་རྒྱ་ཆེ་སྟེ་མཚོ་སྔོན་དང་དབུས་གཙང་།སུ་ཁྲིན་དང་ཀན་ལྷོ་སོགས་སུ་སྐྱེ་ཞིང་།མཚོ་སྔོན་ནུབ་ཕྱོགས་ཀྱི་ཐེམ་ཅིན།མདོ་ལ།མདའ་བཞི།རྐང་ཚ།རྨ་ལྷོ་རྩེ་ཁོག་དང་སོག་རྫོང་སོགས་འབྲོག་སྡེ་ཁག་དུ་མང་དུ་མཐོང་བ་ཡིན།ནམ་རྒྱུན་ཆར་བ་བབས་རྗེས་ས་ངོས་ཀུན་དུ་གསེར་གྱི་ཞྭ་མོ་གྱོན་པ་ལྟ་བུའི་རི་སྐྱེས་ཤྭ་མོ་སེར་པོ་ཕྲེང་བ་བཞིན་བསྒྲིགས་ཡོད་ལ།ཟས་རིགས་སུ་ཡང་ཡོངས་ཁྱབ་དུ་བཀོད་བཞིན་ཡིན།



 རྩྭ་ཐང་གི་རི་སྐྱེས་ཤྭ་མོ་སེེར་པོ་ནི་མང་ཆེ་ཤས་མདོག་སེར་པོ་ཡིན་ལ། དབྱིབས་སྒོར་ཞིང་མཐོ་ཚད་ལི་སྨི་5ལྷག་དང་ཟབ་མཐུག་ལི་སྨི་1.5ལྷག་ཡིན།ཕྱི་དབྱིབས་ནི་ཞང་ཞྭ་ཞིག་དང་གཉིས་སུ་མེད་ལ།རྩ་བ་དཀར་པོ་ཡིན་ལ་ས་ངོས་ནང་ལི་སྨི1ལྷག་གི་མཚམས་སུ་ཕྱིར་བུད་ཡོད།དབུ་རྩེ་སེར་ཞིང་ཞབས་མཐའ་ཅུང་དཀར་བའི་ངོས་སུ་ཡོད་པས་འདི་ལ་ཟླ་བདུན་པའི་རྩྭ་ཐང་གི་གསེར་གྱི་མེ་ཏོག་ཞེས་ཀྱང་འབོད།


    འབྲོག་ཕྱོགས་སུ་དབྱར་ཁར་བྱིས་པ་རྣམས་ནོར་རྫི་ནས་ཕྱིར་ཡོངས་སྐབས་རི་སྐྱེས་ཤ་མོ་མང་པོ་འཐུས་ཡོང་ལ།ཐོག་མར་ལྕགས་ཐབ་(火炉)སྟེང་བཞག་ནས་ནང་དུ་ཚ་ཉུང་ཙམ་བཏབ་སྟེ་ཆུ་མང་བ་ཕྱིར་ཕུད་པ་དང་།དེ་ནས་མར་ཉུང་ཙམ་ནང་དུ་འཇོག་ལ།མར་ཅུང་ཙམ་ཞུ་རྗེས་ཐོག་ཏུ་རྩམ་པ་བཏབ་སྟེ་ཟ་བ་ནི་དབྱར་གཞུང་དུས་ཆེས་མངར་བ་བའི་ཟས་མཆོག་ཅིག་ཏུ་བརྩི་བར་མ་ཟད།འབྲོག་པ་གང་མང་ཞིག་གི་བྱིས་དུས་ཀྱི་ཕྱིར་དྲན་ནང་གསོན་པའི་རྨི་ལམ་ལྟ་བུ་ཡིན།དེ་མིན་ཟས་རིགས་སྣ་མང་ཡང་དུ་ཡང་བཀོད་བཞིན་ཡོད།


   རྩྭ་ཐང་གི་རི་སྐྱེས་ཤྭ་མོ་ནི་ཟས་རིགས་སུ་བཀོད་པ་མ་ཟད་སྨན་སྦྱོར་གྱི་ནུས་པའང་ཡོད།ཁོ་རྩི་ཤིང་དང་སྨན་སྣ་གཞན་དང་མི་འདྲ་བར་རྩད་པ་སོགས་ཡོངས་སུ་སྨན་དུ་བཀོད་ཆོག ནང་དུ་ཚོ་བཅུད་གཞི་རྒྱུ་Bདང་Cསོགས་ཡོད་ལ་ད་དུང་གཞི་རྒྱུ་ཀའེ(钙)ཡང་ཕུན་སུམ་ཚོགས་པ་ཡོད་པས།ལུས་པོའི་ནུས་ཚད་གསོ་བ་དང་ཁྲག་རྒྱུ་གསོ་བ་སོགས་ལ་ཡང་ནུས་པ་ཁྱད་མཚར་ཐོན་བཞིན་ཡོད།བོད་སྨན་དུ་འདི་ནི་རུས་ཚུགས་ན་བ་སོགས་སུ་ཡང་བཀོད་བ་ཡིན།


  ཟླ་བདུན་པའི་མཐོ་སྒང་གི་རྩྭ་ཐང་ནི་རྩྭ་སྨན་དང་ཟས་རིགས་ཀྱི་དག་ཞིང་དང་འདྲ་བར་ང་ཚོས་མཐོང་མ་མྱོང་བའི་སྐྱེ་དངོས་གྲངས་ཀྱིས་མི་ལོན་པ་ཡོད་ལ།རི་སྐྱེས་ཤྭ་མོ་སེར་པོ་ནི་དེའི་ནང་ཆ་ཤས་ཅིག་ཡིན་པས།ཁྱད་མཚར་གྱི་གནས་མཆོག་འདི་ལ་ད་དུང་ཡང་ང་ཚོས་འཚོར་གཤེར་གྱི་ལམ་བུའི་རྒྱུན་ཐག་བསྙེགས་དགོས།







GangriNeichog雪境
雪境生态宣传教育与研究中心,2014年在青海省注册成为一家民间的自然保护机构。我们这群年轻人不止于热情并脚踏实地。在中国西部山区丰富多彩的自然圣境中,“雪境”希望为每一个生命都可以公平持续地共享自然所带来的福祉而努力。
 最新文章