གད་སྙིགས་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲེལ་བའི་ལག་དེབ།

文摘   2024-10-09 08:18   中国  

གད་སྙིགས་ཀྱི་གནད་དོན་སེལ་ཐབས་དང་ཁོར་ཡུག་གི་ཉེན་ཁ།


གད་སྙིགས་མེར་བསྲེགས་པས་དུག་ཅན་གྱི་དངོས་རྫས་མང་པོ་འབྱུང་བཞིན་ཡོད། དེ་དག་ལས་ཆེས་ཉེནཁ་ཅན་ནི་སྐྲན་ནད་ཀྱི་རྒྱུ་གཙོ་བོ་གཉིས་ངན་དབྱིན (DI0XINs.DXNs) ཡིན་ལ། འབྲས་སྐྲན་གྱི་ནད་གཞི་བསྐྱེད་པ་མ་ཟད་ད་དུང་སྐྱེ་འཕེལ་དང་རིམས་འགོག ནང་རྒྱུད་ཟགས་གཤེར་བཅས་ཀྱི་དུག་གཤིས་ཆེན་པོ་ཡོད། གད་སྙིགས་མེར་བསྲེགས་པ་ལས་བྱུང་བའི་གཉིས་ངན་དབྱིན་ནི་མི་དང་སྲོག་ཆགས་ཀྱིས་ཐད་ཀར་རྔུབ་པ་དང་ཡང་ན། ཆུ་དང་ས་གཞིར་འཐིམས་པའམ་ལྷུང་ནས་ཁ་ཟས་ཀྱི་འབྱུང་ཁུངས་སུ་གྱུར་བ་དང་མཐའ་མཇུག་མིས་ཟ་བཞིན་ཡོད། མིག་སྔར། བསྟུད་མར་དྲོད་ཚད་ཏུའུ་850་Cཡན་ལ་བུད་ཚེ་ད་གཟོད་དུག་གི་ཁ་རླངས་དེ་དག་ལས་ཅུང་ཙམ་ཞུ་ཐུབ་པ་དང་། དེ་ནས་འཚག་གཤེར་གྱི་གོ་རིམམང་བོ་བརྒྱུད་རྗེས་ད་གཟོད་ཕྱིར་གཏོང་ཆོག་པའི་ཚད་དུ་བསླེབ་ཐུབ། འབྲོག་པའི་ཁྱིམ་གྱི་ཨོང་བ་ འབུད་སའི་ཐབ་ཀར་དེ་ལྟ་བུའི་དྲོད་ཚད་མི་ལོངས་པ་ལྟ་བུ་ཡིན། 

ས་འོག་དུ་འཇུག་པ།  གད་སྙིགས་ས་འོག་ཏུ་བཅུག་པ་ཙམ་གྱིས་གནོད་འཚེ་མེད་པའི་ཐག་གཅོད་བྱས་མེད། དེའི་ནང་ དུ་འབུ་ཕྲ་མང་པོ་དང་རྫབ་རླངས། ལྗིད་ཚད་ཆེ་བའི་ལྕགས་རིགས་ཀྱི་འབག་བཙོག་སོགས་གནོད་འཚེ་མང་པོ་མི་མངོན་པའི་ཚུལ་དུ་གནས་ཡོད། གད་སྙིགས་ཀྱི་ཟགས་ཁུས་དུས་ཡུན་རིང་བོར་ས་འོག་གི་ཆུའི་ཐོན་ཁུངས་ལ་འབག་བཙོག་བྱེད་ཀྱིན་ཡོད་པ་མ་ཟད། གནོད་ལྡན་གྱི་རྫས་འགྱུར་མང་པོ་དང་འབུ་ཕྲའི་འབག་བཙོག་མང་བོ་འབྱུང་བཞིན་ཡོད་པས། གད་སྙིག་ས་འོག་ཏུ་འཇུག་སར་ངེས་པར་དུ་ཟགས་ཁུ་མི་བཞུར་པའི་ཐབས་ཤེས་སྤྱོད་དགོས།



གསུམ་པ། དངོས་སུ་ལག་ལེན་བྱེད་བཞིན་པའི་མཐོ་སྒང་གི་གད་སྙིགས་དོ་དམ་བྱེད་སྟངས། 

གཤམ་གྱི་དཔེ་རིས་ལས་གད་སྙིགས་དོ་དམ་བྱེད་སྟངས་ལ་ལྟ་བ།


གད་སྙིགས་རིགས་དགར་བའི་བསགས་སྐར་བརྗེ་ས།


ཡུའུ་ཤུའུ་ཡི་རྫོང་མང་བོར་འབྲོག་པ་ཚོར་ཕྱིར་བསྡུ་བྱེད་ཐུབ་པའི་གད་སྙིགས་རིགས་དགར་བར་བསགས་སྐར་ལ་བརྟེན་ནས་འཚོ་བའི་མཁོ་ཆས་ལེན་པའི་ཐབས་ཤེས་སྤྱད་པས། གད་སྙིགས་འཁོར་བསྐྱོད་དང་གཙང་སེལ་གྱི་ཚད་ཇེ་ཉུང་དུ་ཕྱིན་པ་མ་ཟད་ལས་ཞུགས་ཀྱི་གནད་དོན་ཡང་ཐག་བཅད།

གད་སྙིགས་མེད་པའི་སྡེ་ཁུལ་ནས་ལག་བསྟར་བྱེད་པ།


སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་རོལ་སྟངས་ནི་མ་གཞི་ནས་གད་སྙིགས་མེད་པའི་འཚོ་བ་ཞིག་ཡིན། ཡུའུ་ཤུའུ་ནང་ཆེན་གྱི་སྙིགས་མེད་དུད་བརྒྱ་སྡེ་ཁུལ་གྱིས་འགྱིག་རྫས་སོགས་ཞུ་མི་ཐུབ་པའི་དངོས་པོ་གཏན་འགོག་བྱས་ཏེ་སྲོལ་རྒྱུན་དང་རང་བྱུང་གི་རྒྱུ་ཆ་བེད་སྤྱོད་གཏོང་བར་རྒྱུན་བསྐྱངས་ཏེ། དཔེར་ན་ཤིང་དང་ཀོ་བ། རས། ལྕགས་སོགས་བེད་སྤྱོད་བྱེད་བཞིན་ཡོད།

སྡེ་ཁུལ་གྱི་ཁོར་ཡུག་སློབ་གསོའི་ལྟེ་བས་སྡོད་ཁང་རྙིང་བའི་རྒྱུ་ཆ་ཕྱིར་བསྡུ་བྱེད་པ་དང་ཁང་བའི་ནང་དུ་ལག་བརྒྱད་ཀྱི་ཁྱིམ་ཆས་རྙིང་བ་བེད་སྤྱོད་བཏང་། དེ་མིན། སྡེ་ཁུལ་གྱིས་ཕྱི་འོང་ཟས་རིགས་དང་སྐོམ་ཆུ་སོགས་གཏན་འགོག་བྱས་ཏེ། གལ་སྲིད་ནང་དུ་འཁྱེར་ཡོང་ཚེ་སྡེ་ཁུལ་གྱི་ཕྱི་རུ་སྐྱེལ་བཞིན་ཡོད་པ་དང་། འདི་རུ་སྲོལ་རྒྱུན་དང་རང་བྱུང་ཐོན་རྫས་གཙང་མ་རྩམ་པ་དང་ཞོ་སོགས་མཁོ་འདོན་བྱེད་ཀྱིན་ཡོད།


GangriNeichog雪境
雪境生态宣传教育与研究中心,2014年在青海省注册成为一家民间的自然保护机构。我们这群年轻人不止于热情并脚踏实地。在中国西部山区丰富多彩的自然圣境中,“雪境”希望为每一个生命都可以公平持续地共享自然所带来的福祉而努力。
 最新文章