བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།
སྤྱི་ཚེས་4ཉིན། ངེད་གྲོང་ཁྱེར་གྱིས་“ཡར་ཀླུང་གླེང་སྟེགས”ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་ཤིང་། ཧུའུ་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་(ཞིང་ཆེན་མི་དམངས་སྲིད་གཞུང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས)གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་(ཀྲུའུ་རེན)ཀྲུང་ཅུན་གདན་ཞུ་བྱས་ནས་ཆེད་དོན་སྙན་ཞུ་གནང་བ་རེད།
དགེ་རྒན་ཆེ་མོ་བ་ཀྲུང་ཅུན་གྱིས་“ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་དོན་འཁྱོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་སྤེལ་བྱ་རྒྱུ་”བརྗོད་དོན་དུ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་དམ་པོར་དམིགས་ནས། གཙོ་གནད་ཅི་ཞིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡིན་པ། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གཙོ་གནད་ལས་འགན་དང་དེ་བཞིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ལ་མཐའ་སྐོར་ཏེ། གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་ལྡན་ཞིང་ཞིབ་ཚགས་པའི་དཔེ་གཞིའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་དང་དེ་བཞིན་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་དང་བླང་བྱ་ཁག་ལ་གསལ་འགྲེལ་བྱས་པ་དང་འབྲེལ་ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་གྱིས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་བསམ་འཆར་ཡང་བཏོན་གནང་བ་རེད།
ཧྲན་ཆང་གིས་གཙོ་སྐྱོང་གནང་སྐབས་བླང་བྱ་བཏོན་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ད་ཐེངས་ཀྱི་“ཡར་ཀླུང་གླེང་སྟེགས”ཆེད་དོན་ཟུར་ཁྲིད་གོ་སྐབས་སུ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ངེད་གྲོང་ཁྱེར་གྱི་གཙོ་གནད་ལས་ཀའི་ཁྲོད་དུ་ཁྱབ་པ་བྱས་ཐོག དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
གླེང་སྟེགས་དེ་བརྙན་ཤེལ་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་སྐོང་འཚོགས་བྱས་ཤིང་། རྫོང་(ཆུས། གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་དང་། སྣེ་གདོང་དུ་ཞུགས་པའི་དེ་མིན་གྱི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་གཞན་དག གྲོང་ཁྱེར(ཀྲུང་དབྱང་། ལྗོངས)ཐད་གཏོགས་ཚན་པ་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཡོན་ལས་བྱེད་པ་སོགས་ཚོགས་ར་གཙོ་བོར་འཆད་ཁྲིད་ཉན་པར་ཕེབས་ཡོད་པ་རེད།
ཡར་ཀླུང་བསྡུས་འཕྲིན།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུ་དག བསོད་ནམས་དོན་གྲུབ།