བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ཐད་་་་་

政务   2024-11-01 12:09   西藏  

     རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉིན་ཤས་གོང《བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས། བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》ཅེས་པ་པར་འགྲེམས་བྱས་པ་དང་། ཕྱོགས་བཞིའི་ཐད་ནས་བུ་བཙའི་རྒྱབ་སྐྱོར་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད།

      བུ་བཙའི་ཞབས་ཞུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད།

     གཅིག བུ་བཙའ་འགན་བཅོལ་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྟབས་བསྟུན་ལས་ཞུགས་མི་སྣ་དང་ཞིང་པ། ལས་རྣམ་གསར་པའི་མི་སྣ་བཅས་བུ་བཙའི་འགན་བཅོལ་ནང་འཇུག་པར་མཛུབ་སྟོན་བྱ་རྒྱུ།

     གཉིས། བུ་བཙའི་ངལ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་བུ་བཙའི་ངལ་གསོ་དང་། ཕྲུ་གུ་བཙས་པའི་གཟེངས་བསྟོད་ངལ་གསོ། སྐྱེ་གཡོག་ངལ་གསོ། ཕྲུ་གུ་སྐྱོང་བའི་ངལ་གསོ་སོགས་ཕྲུ་གུ་བཙའ་བའི་ངལ་གསོ་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱ་རྒྱུ།

     གསུམ། བུ་བཙའི་ཁ་གསབ་ལམ་ལུགས་བཙུགས་ནས་ས་གནས་ཀྱིས་སྲིད་ཇུས་སྦྲེལ་མཐུད་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། བརྟན་པོའི་ངང་དོན་འཁྱོལ་ཧུར་ཐག་བྱ་རྒྱུ།

     བཞི། སྐྱེ་འཕེལ་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་གིས་ཚད་མཐུན་གྱི་ཕྲུ་གུ་སྐྱེ་བའི་ན་ཟུག་འགོག་བྱེད་སྨན་དང་དེ་བཞིན་རམ་འདེགས་སྐྱེ་འཕེལ་ལག་རྩལ་རྣམ་གྲངས་དག་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུར་མཛུབ་ཁྲིད་བྱ་རྒྱུ།

     བྱིས་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་ཐད།

     གཅིག བྱིས་པའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། ཆ་རྐྱེན་འཛོམས་པའི་བྱིས་པའི་སྨན་བཅོས་གོ་རིམ་ལྟར་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་དུས་ཐོག་ཏུ་འཇུག་རྒྱུ།

     གཉིས། ཀུན་ཕན་བཅོལ་གསོའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅོལ་གསོའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡོངས་སུ་ཁྱབ་པ་སྔོན་ལ་མངོན་འགྱུར་ཡོང་བ་བྱེད་པ། སྡེ་ཁུལ་ནང་ཁུལ་དུ་ཡོད་པའི་བཅོལ་གསོ་གོང་འཕེལ་ཤུགས་ཆེར་གཏོང་བ། མི་སྣ་བཀོལ་སྤྱོད་ལས་ཁུངས་ཀྱིས་བཅོལ་གསོ་དང་ཁྱིམ་ཚང་བཅོལ་གསོ་བྱེད་གནས་སོགས་རྣམ་པ་སྣ་ཚོགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། བཅོལ་གསོ་གཞི་གཅིག་ཏུ་འགྱུར་བའི་ཞབས་ཞུ་གོང་འཕེལ་ཤུགས་ཆེན་གཏོང་བ་བཅས་བྱ་རྒྱུ།

      གསུམ། ཀུན་ཕན་བཅོལ་གསོའི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ཀུན་ཕན་བཅོལ་གསོའི་སྒྲིག་གཞིར་ལས་གཉེར་ཁ་གསབ་འོས་འཚམ་སྤྲོད་རྒྱུར་སྐུལ་མ་གཏོང་རྒྱུ།

     བཞི། བྱིས་པའི་འཕེལ་རྒྱས་དང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ།

     སློབ་གསོ་དང་སྡོད་ཁང་། ལས་ཞུགས་སོགས་ཀྱི་རྒྱབ་སྐྱོར་བྱ་ཐབས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད།

     གཅིག སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་གིས་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་དང་སྤྱི་ཚོགས་ལག་ལེན་གྱི་རྣམ་གྲངས་ཧུར་ཐག་སྤེལ་བར་རྒྱབ་སྐྱོར་བྱེད་པ། ས་གནས་ཁག་གིས་ཁྱིམ་ཚང་གཅིག་གི་ཕྲུ་གུ་མང་པོ་སློབ་གྲྭ་གཅིག་ཏུ་སློབ་སྦྱོང་བྱེད་ཐུབ་པའི་ལག་བསྟར་བྱེད་ཐབས་ཞིབ་ཕྲ་འདོན་པར་བསྔགས་སྐུལ་བཅས་བྱ་རྒྱུ། 

    གཉིས། སྡོད་ཁང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་བུ་ཕྲུག་མང་བའི་ཁྱིམ་ཚང་གིས་ཁང་པ་ཉོ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་བསྔགས་སྐུལ་བྱ་རྒྱུ།

    གསུམ། ལས་བཟོ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་བབ་བསྟུན་ངང་ལས་སྒྲུབ་དང་ཁྱིམ་སྡོད་གཞུང་སྒྲུབ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྱིམ་ཚང་མཛའ་མཐུན་ཅན་གྱི་ལས་ཀའི་ཁོར་ཡུག་བསྐྲུན་པར་བསྔགས་སྐུལ་བྱ་རྒྱུ།

    བུ་བཙའ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུའི་ཐད།

    གཅིག གཉེན་སྒྲིག་དང་ཕྲུ་གུ་སྐྱེ་བའི་རིག་གནས་གསར་པ་ཧུར་ཐག་འཛུགས་སྐྱོང་དང་། དགེ་མཚན་ལྡན་པའི་གཉེན་སྒྲིག་ལྟ་བ་དང་། ཕྲུ་གུ་སྐྱེ་བའི་ལྟ་བ། ཁྱིམ་ཚང་ལྟ་བ་བཅས་དར་སྤེལ་ཤུགས་ཆེན་གཏོང་རྒྱུ།

    གཉིས། སྤྱི་ཚོགས་ཀྱི་དྲིལ་བསྒྲགས་དར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས། མི་འབོར་སྤུས་མཐོའི་གོང་འཕེལ་གྱི་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་བྱ་སྤྱོད་ལག་ལེན་བསྟར་རྒྱུ།

    《བྱ་ཐབས་འགའ་ཞིག》ཅེས་པའི་ནང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་མཐོ་རུ་ཏན་ཏིག་བཏང་ནས། དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཞིབ་ཕྲའི་བྱ་ཐབས་ཞིབ་ཚགས་སུ་དང་ལེགས་སུ་གཏོང་བ། སྲིད་གཞུང་དང་མི་སྤྱོད་ཚན་པ། མི་སྒེར་སོགས་ཕྱོགས་མང་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། བུ་བཙའི་རྒྱབ་སྐྱོར་གྱི་སྲིད་ཇུས་བྱ་ཐབས་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章