ས་བབ་མཐོ་ཤོས་ཀྱི་གློག་ལྡན་ལས་སྒྲུབ་བདེ་བླག་ངང་ལེགས་གྲུབ་བྱུང་བ།

政务   2024-11-06 12:40   西藏  

ཟླ10པའི་ཚེས31ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་རྩ་འཛུགས་ཀྱིས་གློག་ལྡན་ལས་སྒྲུབ་མཉེན་གཤིས་ལས་དོན་ཚོགས་པས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4450ཡི་ཆན་ཧྥུའུ220ཡི་ཁང་མའེ་གློག་སྐུད་ལས་ཡུལ་དུ་བོད་ལྗོངས་ཀྱི་གློག་དྲ་ཐོག་མ་དང་། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གློག་འདྲེན་སྐུད་ལམ་སོགས་གློག་གནས་ཀྱིས་གློག་ལྡན་ལས་སྒྲུབ་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ། བོད་ལྗོངས་ཀྱི་གློག་ཤུགས་བཟོ་ལས་ལོ་རྒྱུས་ཐོག་གི་མཐོ་གནོན་གློག་འདྲེན་སྐུད་ལམ་གློག་ལྡན་ལས་སྒྲུབ་ཀྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བཏོད་ཡོད།


      

ཆན་ཧྥུའུ220ཡི་ཁང་མའེ་གློག་སྐུད་ལ་ཁྱོན་རིང་ཚད་སྤྱི་ལེ203ཡོད་པ་དང་། ལམ་རྒྱུད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4000ཡན་ཟིན་པ་དེ་ནི་བོད་ལྗོངས་ཀྱི་གློག་དྲའི་གློག་ཤུགས་མཁོ་འདོན་འགན་ལེན་དང་ནུས་རྒྱུ་གཙང་མ་བསྡུ་ཉར་གཙང་སེལ་བྱེད་པའི་གློག་གཏོང་སྐུད་ལམ་གལ་ཆེན་ཞིག་ཡིན། ད་ཐེངས་གློག་མི་ཆད་པར་གློག་ལྡན་ལས་སྒྲུབ་བྱེད་ཐབས་བརྒྱུད་གློག་འདྲེན་སྐུད་ལམ་གྱི་སྐྱོན་སེལ་བ་སོགས་ཀྱི་ལས་དོན་སྤེལ་བ་དེས་རྒྱ་ཆེའི་གློག་ཤུགས་སྤྱོད་མཁན་དང་། གློག་གཏོང་ཁེ་ལས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ནུས་ལྡན་གཏོང་ཐུབ་ལ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

དུས་ཡུན་རིང་པོའི་ནང་ས་བབ་མཐོ་བའི་གློག་འདྲེན་སྐུད་ལམ་ལ་གློག་ལྡན་ལས་སྒྲུབ་བྱ་རྒྱུ་ནི་སྔ་ཕྱི་བར་གསུམ་དུ“དཀའ་གནད་ཆེ་བའི་གནད་དོན”ཞིག་ཡིན་ཞིང་། དེའི་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་གྱིས་ས་བབ་མཐོ་སར་གློག་ལྡན་ལས་སྒྲུབ་བྱེད་པར་ཚོད་ལྟ་བྱེད་མྱོང་མེད་པ་དང་། ལག་རྩལ་རྙོག་འཛིང་ཆེ་བ། ལས་སྒྲུབ་ཀྱི་ཉེན་ཁ་ཆེ་བ། ངེས་གཏན་མེད་པའི་རྒྱུ་རྐྱེན་མང་བ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་འཕྲད་སྲིད་པའི་ཁར། ས་བབ་མཐོ་བའི་ས་ཁུལ་དུ་གློག་ལྡན་ལས་སྒྲུབ་བྱེད་པ་དེས་ལས་སྒྲུབ་མི་སྣའི་སེམས་ཁམས་དང་ལུས་ཁམས་ཀྱི་ཚོད་བགམ་ཚང་མ་ཐང་གཤོངས་ས་ཁུལ་ལས་ལྷག་པར་ཆེ་བས་ལས་སྒྲུབ་ལེགས་གྲུབ་ཡོང་བའི་དཀའ་ཚེགས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

གོམ་སྟབས་རྗེས་མར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། བདེ་འཇགས་དང་ནུས་ཆེ། སྟབས་བདེ་བཅས་ཀྱི་སྔོན་ཐོན་ལག་རྩལ་དེ་བས་མང་བ་གློག་དྲ་ཞིབ་བཅོས་ཀྱི་ལས་དོན་ནང་སྤྱད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོའི་གློག་གཏོང་འགན་ལེན་སོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།


ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   ཡེ་ཤེས་བཟང་མོ།

ཞུ་དག  བསོད་ནམས་དོན་གྲུབ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章