མི་གཅིག་ལ་ལྟ་སྟངས་གཉིས། འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཞེས་པ་ལྟར། བུ་བསམ་གྲུབ་ལ་ཨ་ནེ་དང་རྨོ་བོ་གཉིས་ཀྱི་ལྟ་སྟངས་མི་འདྲ བུ་བསམ་གྲུབ་ཨ་ནེའི་ནང་ལ་ཕྱིན་ན། ཨ་ནེས་ཁོ་པར་བསྟོད་ར་ཁོ་ན་གཏོང་གི་ཡོད། བུ་དེ་ལྟ་བུ་གང་དུ་འཚལ་བར་འགྲོ ལོ་ན་ཆུང་ཆུང་ཡིན་ཡང་རྒན་རབས་ལ་གུས་ཞབས་ཆེ་བ། ལག་ཏུ་བཟའ་རྒྱུ་གང་ཡོད་ན། ག་དུས་ཡིན་ཡང་གཞན་ལ་བགོ་བཤའ་བརྒྱབ་ནས་སྟེར་བ་སོགས་བསྟོད་པར་བྱེད། ཡང་བུ་བསམ་གྲུབ་རྨོ་བོའི་ནང་ལ་ཕྱིན་ན་མི་ངན་ཞིག་ལ་གྱུར། རྨོ་བོའི་ནང་གི་སྒོ་འཛུལ་བ་དང་། རྨོ་བོས་མི་ཐོད་དཀར་ཁོ་སླེབས་བྱུང་བས། དེ་རིང་ཡང་། ཁོས་བྱ་ངན་གང་ཞིག་བྱེད་པར་ཡོང་ངམ་ཞེས་མི་ངན་ཞིག་ལ་རྩི་ཡི་ཡོད། རྨོ་བོས་ཕྲུ་གུ་དེས་མགོ་བོའི་ཞྭ་མོ་འཁྱོག་པོར་གྱོན། སྐེད་པར་གོས་ཐུང་གི་སྐེད་རག་ལེགས་པར་མ་བཅིངས་ཤིང་། འགྲོ་སྐབས་གོས་ཐུང་དེ་སྟོད་ལ་ལག་གིས་འཐེན་ཙམ་འཐེན་ཙམ་བྱེད་པ། སྣ་ལ་སྣབས་སྟུག་གིས་ཁེངས་ཡོད་ཀྱང་། འཕྱིད་ཙམ་ཡང་མི་བྱེད་པར་གང་སར་སྣང་མེད་དུ་འགྲོ་ལུགས་དེར་ལྟོས་དང་ཞེས་སྨད་ར་བཏང་། རྨོ་བོ་དང་ཨ་ནེ་གཉིས་ཀྱིས་ཁོ་བོར་ལྟ་སྟངས་མི་འདྲ་བ་དེ་འདྲ་གང་ཡིན་ནམ། ཨ་ནེས་ཁོ་པར་ཇི་ཙམ་བསྟོད་པ་དེ་ཙམ་གྱིས་ལེགས་པ། ཨ་ནེའི་ཁྱིམ་ལ་བུ་བསམ་གྲུབ་སླེབས་ཚེ། ཁོ་པ་ཕྲུ་གུ་ཡག་པོ་ཞིག་ཡིན་པ་དང་། རྨོ་བོའི་ནང་ལ་སླེབས་ཚེ་རྨོ་བོས་སྨད་ར་ཇི་ཙམ་བཏང་བ་དེ་ཙམ་གྱིས་རྨོ་བོའི་ནང་ལ་བུ་བསམ་གྲུབ་ནི་སྤྱོད་ངན་ཞིག་ལ་འགྱུར། ལོ་ཆུང་བྱིས་པ་ཚོས་ཁོར་ཡུག་ཁྲོད་དུ་མི་ཡིས་རང་ལ་གདེང་འཇོག་གང་འདྲ་ཞིག་བྱེད་མིན་ལ་ལྟ་ཡི་ཡོད། ལྷག་པར་དུ་ཕ་མས་རང་ལ་གདེང་འཇོག་གང་འདྲ་བྱེད་ཀྱི་ཡོད་མེད་དེ་ཕ་མའི་གཏམ་བརྗོད་ཀྱི་སྐད་ཆ་ཚིག་ཁ་ཤས་དང་། ཡང་ན། ཕ་མའི་སྤྱན་གཟིགས་སྟངས་བཅས་ལས་ཕྲུ་གུ་དེའི་མི་ཚེ་གཅིག་རིང་གི་བག་ཆགས་སོགས་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་རེད།
《ཉི་འོད་གྲོང་ཁྱེར》ཞེས་པ་གཟིགས་པ་ཡིན་ནམ། ལྟད་མོ་འདིས་བོད་ལ……ཁྲོམ་ལ་མངགས་སྐྱེལ་བ་རྡུང་བའི་བརྙན་ཐུང་སྐོར་ལ་ཉེན་རྟོག་པས......བོད་ཀྱི་གུས་སྲོལ་འདི་དག་ཚང་མས་སྦྱོང་སྤྱོད་སྤེལ་གསུམ་གནང་བར་འཚལ།

རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com