ཟླ་11ཚེས་1ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། སྒྲིག་གཞི་འཁོར་རྒྱུག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ། “འདུ་ཤེས་གསུམ”གྱི་སློབ་གསོ། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་བ་མ་ཟད། ལས་བྱེད་ལས་བཟོར་འཚམས་འདྲི་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་པ་བྱས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཐོག་གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་དེ་བས་ཆེ་བའི་ཐོག་ནས་ཕྱོགས་ཁག་གི་སྟོབས་ཤུགས་ལ་མཐུན་སྒྲིལ་དང་བསྡུ་འགུག་བྱས་ཏེ་ཏང་གི་ལྷོ་ཁའི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
གྲོང་ཁྱེར་དབུ་ཁྲིད་བསྟན་འཛིན་དང་། ཨན་ཤིན་གོ ཟླ་བ་ཚེ་རིང་བཅས་ལྷན་དུ་ཞུགས་ཡོད་པ་རེད།
འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྤྱི་ཚོགས་རིང་ལུགས་སློབ་གླིང་དང་། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སུ་སྒྲིག་གཞི་འཁོར་རྒྱུག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན། “འདུ་ཤེས་གསུམ”གྱི་སློབ་གསོ། ཏང་ཕྱིའི་མི་སྣ་དང་ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་གིན་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བཞིན་པ།
ལི་ཧྥུའུ་ཀྲུང་གིས་སྔ་རྗེས་སུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་དང་། སྤྱི་ཚོགས་རིང་ལུགས་སློབ་གླིང་། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་ཏུ་ཕེབས་ནས་ལས་བྱེད་ལས་བཟོ་དང་སྤེལ་རེས་གནང་སྟེ་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ། དེ་བཞིན་ལྷག་བསྡད་པའི་དཀའ་ངལ་སྐོར་བཀའ་འདྲི་གནང་བ་རེད། ལི་ཧྥུའུ་ཀྲུང་གིས། ཉེ་བའི་ལོ་ཤས་རིང་། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱ་རྒྱུ་མཐའ་འཁྱོངས་ཐོག་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་དགོངས་པ་གལ་ཆེན། དེ་བཞིན་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་བཅས་རྒྱུན་མཐུད་སློབ་སྦྱོང་མཐར་ཕྱིན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་མཐར་ཕྱིན། བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་བརྗེ། དྲང་སྲུང་གསར་གཏོད། འགན་འཁྲི་འཁུར་ཕོད་བཅས་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་དུས་བབ་དང་ལས་འགན་གསར་པ་འཕྲད་པས་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་དམིགས་ཚད་བརྟན་དུ་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས་ཞེས་གསུངས། འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྤྱི་ཚོགས་རིང་ལུགས་སློབ་གླིང་དང་། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སུ་སྒྲིག་གཞི་འཁོར་རྒྱུག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན། “འདུ་ཤེས་གསུམ”གྱི་སློབ་གསོ། ཏང་ཕྱིའི་མི་སྣ་དང་ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་གིན་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་རང་རྟོགས་ངང་དུས་རབས་གསར་པའི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “སྲུང་སྐྱོང་གཉིས”དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་ཆབ་སྲིད་ཀྱི་རྩ་བའི་སྒྲིག་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ལྷག་བསམ་རྣམ་དག་གི་ཆབ་སྲིད་གཤིས་རྒྱུད་སྔར་བས་ཞུན་བརྡར་བྱེད་པ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། མི་རིགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་མཁན་རྣམ་དག་པ་ཞིག་དང“སྲུང་སྐྱོང་གཉིས”ཀྱི་དང་ལེན་པ་རྣམ་དག་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་སྒྲིག་གཞི་འཁོར་རྒྱུག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན། “འདུ་ཤེས་གསུམ”གྱི་སློབ་གསོ། ཏང་ཕྱིའི་མི་སྣ་དང་ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་ཞིང་། ལས་བྱེད་ལས་བཟོར་གཟིགས་པར་ཕེབས་པ།
ལི་ཧྥུའུ་ཀྲུང་གིས། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། གསོན་ཉམས་ལྡན་པའི་ངང“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་པ། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་སེ་འབྲུ་ལྟར་དམ་པོར་སྦྲེལ་རྒྱུར་སྐུལ་འདེད་གཏོང་དགོས། “ཆོས་ལུགས་ལས་དོན་ནི་དོན་ཆུང་མིན”པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། ནན་ཏན་ངང་“ཕན་འདོགས་པ་ལྔའི”བླང་བྱ་དོན་འཁྱོལ་བྱེད་པ། ཁྲིད་སྟོན་ཐད་ཤུགས་རྒྱག་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་རྒྱག་པ། དུས་ཐོག་ཏུ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་རྩ་སེལ་བ་བཅས་བྱས་ཏེ་གྲུབ་མཐའ་འཆམ་མཐུན་དང་དགོན་སྡེ་འཆམ་མཐུན། ཆོ་ག་འཆམ་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་དམངས་གཉེར་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏང་ཕྱིའི་འཐུས་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་བྱེད་པའི་འབད་འཐབ་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ཏང་གི་འགོ་ཁྲིད་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་བྱེད་ནུས། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པའི་ནན་བཤད་གནང་བ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུ་དག བསོད་ནམས་དོན་གྲུབ།