༄༅།།མདོ་གདུགས།

文摘   文学   2024-08-02 22:13   青海  

 ༄༅།། དེ་བཞིན་གཤེགས་པའི་གཙུག་ཏོར་ལས་འཁྲུངས་པའི། །རྒྱལ་བ་ཀུན་གྱི་ཡུམ་གྱུར་གདུགས་དཀར་མོ། །དྲན་པ་ཙམ་གྱིས་རིགས་སྔགས་ཚ་ཟེར་ཀྱིས། །བདུད་སྡེ་དཔུང་འཇོམས་བདེ་སྟེར་ཡུམ་ཆེན་མོ། །མན་ཤེལ་མདངས་ལྡན་དབུ་སྟོང་ཕྱག་ཞབས་སྟོང་། །སྤྱན་སྟོང་སངས་རྒྱས་སྟོང་གི་དབང་ཕྱུག་མ། །མི་དང་མི་མིན་སྟོང་ཕྲག་དྲུག་ཅུའི་གདོན། །ལས་གྱུར་འགལ་རྐྱེན་ཀུན་ཞི་བདེ་ལེགས་སྩོལ། །ཁྱད་པར་ཕ་རོལ་རྦོད་གཏོང་བསམ་སྦྱོར་གྱིས། །སྒོ་གསུམ་མནན་གཏད་བྱད་སྟེམ་རེངས་མཚོན་སོགས། །སྦྱོར་ངན་ཀུན་གྱིས་མི་ཚུགས་ཕྱིར་གྱིས། །བདག་ཅག་སྲུང་སྐྱོབ་བཅོལ་བའི་འཕྲིན་ལས་མཛོད། །མདོར་ན་ནད་གདོན་བར་ཆོད་ཀུན་ཞི་ནས། །ཚེ་བསོད་དཔལ་འབྱོར་བཙན་ཕྱུག་འཕན་དར་རྒྱས། །ལོངས་སྤྱོད་ཕུན་ཚོགས་ཅི་འདོད་དབང་དུ་སྡུས། །ཕས་རྒོལ་གང་གི་བསྐྱད་དུ་མེད་པ་པར་མཛོད།

 ༄༅།། ཞང་སྐད་ས་ཧྲིག་ཨེར་སངས་ཧྲུན་། །བོད་སྐད་ཤེས་རབ་ཕར་ཕྱིན་མདོ། །འཁོར་འདས་བོན་རྣམས་སྟོང་བ་ཉིད། སྟོང་བ་ཉིད་ནི་གཟུགས་ཡིན་སྟེ། །གཟུགས་ནི་སྟོང་བའི་རང་བཞིན་གནས། །སྟོང་བ་ཉིད་ནི་གཟུགས་གཞན་མ་ཡིན་ནོ། །འཁོར་འདས་བོན་ལ་དབྱེ་རུ་མེད། །ཐིག་ལེ་གཅིག་གི་ངང་ལ་རྫོགས། །ཨ་ༀ་ཧཱུཾ་རཾ་ཛ་སད་སལེ་སང་ངེ་ཡེ་སྭཱཧྭཱ། །ན་མོ་སངས་རྒྱས་བོན་དང་སེམས་དཔའི་བདེན་སྟོབས་ཀྱིས། །མི་མཐུན་ནད་དང་རྐྱེན་བགེགས་བར་ཆོད་སོགས། །ཟློག་བསྒྱུར་བསྒྲལ་ཞིང་བསམ་དོན་དགེ་ཚོགས་འཕེལ། །གཤེན་བསྟན་དར་ཞིང་རྒྱས་པའི་འཕྲིན་ལས་མཛོད།

གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ  སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章