༄༅།།རླུང་རྟ་སྡེ་བཞི།

文摘   2024-08-06 08:02   云南  

 རླུང་རྟ་འབུལ་སྲོལ་ནི་བོད་དང་ཞང་ཞུང་གི་ཡུལ་དུ་གནའ་སྔ་མོ་ནས་དར་བའི་ཆོ་ག་ཞིག་སྟེ། ཆེས་ཡ་ཐོག་གི་ཞང་ཞུང་མི་རྣམས་ཀྱིས་བྲག་ངོས་སུ་ཀླུང་རྟ་སྡེ་བཞི་བརྐོ་བ་དང་། ཐོག་ལྕགས་སོགས་ཀྱིས་ངོས་སུ་བརྐོ་བའམ། བླུག་པ་ཡོད། གནའ་བོའི་བོན་ལུགས་སུ་འབྱུང་བའི་ཁམས་ཀྱི་བྱེ་བྲག་སའི་མཚོན་རྟགས་སུ་སེང་གེ་དང་ཆུའི་འཚོན་རྟགས་སུ་འབྲུག ། མེའི་མཚོན་རྟགས་སུ་ཁྱུང་། རླུང་གི་མཚོན་རྟགས་སུ་སྟག་གི་གཟུགས་རྣམས་བཀོད་སྲོལ་བྱུང་བ་བཞིན་དུ། དེང་དུས་སུ་བདེ་སྤྱོད་བྱེད་བཞིན་པའི་རླུང་རྟ་འདི་རྣམས་བྱུང་བ་ཡིན། 

 རླུང་རྟ་སྡེ་བཞིའི་དགོས་པ་ནི་ཚེ་སྲོག་བརྟན་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་མཚོན་རྟགས་སུ་ཁྱུང་གི་གཟུགས། མི་མཐུན་ནད་གཅོང་འཚེ་བ་མེད་ཅིང་ལུས་ཀྱི་རྩལ་སྟོབས་རྒྱས་པ་མཚོན་རྟགས་སུ་སྟག་གི་གཟུགས། དབང་ཐང་རྒྱས་ཤིང་རྒྱལ་བའི་གསུང་དབྱངས་སྒྲོག་པའི་མཚོན་རྟགས་སུ་འབྲུག་གི་གཟུགས། ལས་དང་བསམ་པ་ལ་བར་ཆད་མེད་ཅིང་འཕགས་པའི་ཡོན་ཏན་རྒྱས་པའི་མཚོན་རྟགས་སུ་སེང་གེའི་གཟུགས། བླ་དཔལ་གོང་དུ་འཕེལ་ཞིང་ཕྲིན་ལས་རྣམ་བཞི་ཐོགས་མེད་མཚོན་རྟགས་སུ་རྟ་མཆོག་གི་གཟུགས་བྱེད་སྲོལ་ཆགས་སོ། རྟ་མཆོག་གི་སྟེང་དུ་ནོར་བུས་བརྒྱན་པ་ནི་སྐྱེས་བུའི་ནུས་ཤུགས་དེ་མཐུན་རྐྱེན་ལེགས་པའི་ཚོགས་ཀྱིས་སྤྲས་པ་དང་རང་རྒྱུད་ཀྱི་འབྱུང་བའི་ནུས་ཤུགས་ཕུན་སུམ་ཚོགས་པས་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཚོན། ལ་ལས་གནམ་ལ་ཆེ་བ་ཁྱུང་དང་འབྲུག་ལ་ཆེ་བ་སྟག་དང་སེང་གེས་མཚོན་པའི་བཞེད་སྲོལ་ཡོད་དོ།།

 རྩོམ་ཁུངས། གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章