༄༅།།ནག་མོ་སྟག་རི་རོང་གི་བསྐང་བ་བཞུགས་སོ།།

文摘   文学   2024-08-23 10:07   青海  

༄༅།།ནག་མོ་སྟག་རི་རོང་གི་བསྐང་བ་བཞུགས་སོ།།

 ༄༅།།སྟག་གཟིག་སྐད་དུ། ཛ་བྷྱོ་མ་མ་ཁྲག་ཏི། བོད་སྐད་དུ་ནག་མོ་སྟག་རི་རོང་གི་བསྐང་བ། མ་མོ་ལས་བྱེད་མ་ཉན་ན། མ་སྲིང་ལ་སོགས་བུད་མེད་ཚོགས། ཁྲོས་སམ་རུའམ་གོས་ངན་ནམ། མ་མོ་འཁྲུགས་ནས་ཕྲག་དོག་བྱེད་པའི་རྟགས། ཉམས་པ་ཆེ་ན་འཁྲུགས་པ་ཆེ། འཁྲུཊ་པ་ཆེ་ན་བཀའ་ཆད་ཆེ། ཉམས་པ་འབྲིང་ན་འཁྲུག་པ་འབྲིང་། འཁྲུག་པ་འབྲིང་ན་བཀའ་ཆད་འབྲིང་། བཀའ་ཆད་འབྲིང་ན་ནོར་ལ་ངན། ཉམས་པ་ཆུང་ན་འཁྲུགས་པ་ཆུང་། འཁྲུགས་པ་ཆུང་ན་བཀའ་ཆད་ཆུང་།བཀའ་ཆད་ཆུང་ན་ཕྱུགས་ལ་ངན། དེ་ནས་ཉམས་ཆེའི་བསྐང་ཐབས་ལ། །གཏོར་མ་བརྒྱ་དང་ལྷ་བཤོས་བརྒྱ། །ཁྲག་ཕོར་བརྒྱ་དང་མར་མེ་བརྒྱ། །སྔགས་པ་གསུམ་གྱིས་བསྔོ་བ་ཡིན། །ཉམས་པ་འབྲིང་གི་བསྐང་ཐབས་ལ། །གཏོར་མ་ལྔ་བཅུ་རྩ་ལྔ་དང་། །ལྷ་བཤོས་ལྔ་བཅུ་རྩ་ལྔ་དང་། །ཁྲག་ཕོར་ལྔ་བཅུ་རྩ་ལྔ་དང་། །མར་མེ་ལྔ་བཅུ་རྩ་ལྔ་སོགས། །བོན་པོ་གཉིས་ཀྱིས་བསྔོ་བ་ཡིན། །ཉམས་པ་ཆུང་བའི་བསྐང་ཐབས་ལ། །གཏོར་མ་ཉི་ཤུ་རྩ་ལྔ་དང་། །ལྷ་བཤོས་ཉི་ཤུ་རྩ་ལྔ་དང་། །ཁྲག་ཕོར་ཉི་ཤུ་རྩ་ལྔ་དང་། །མར་མེ་ཉི་ཤུ་རྩ་ལྔ་སོགས། །བོན་པོ་གཅིག་གིས་བསྔོ་བ་ཡིན། །ཉམས་བསྐང་ཆེ་ཆུང་གང་བྱེད་ཀྱང་། །འབྲས་ཀྱི་ཕུག་རོན་བྱ་ནག་དང་། །གཡག་ལུག་རྒྱ་མོ་ར་དང་མདའ། །ཕོ་ཐོང་མོ་ཐོང་འཕང་དང་བཅས། །ཡུ་ཏི་གསེར་སྐྱེམས་འབྲུ་སྣ་ཚོགས། །ཤ་སྣ་སྤྱན་གཟིགས་ཕྱེ་མ་བཤམས།།     བདག་ཉིད་ཨ་ཏི་མུ་ཝེར་དུ་གསལ་བའི་མདུན་དུ་མ་ལས་སྒྲ་བླའི་རྒྱལ་མོ་འཁོར་བཅས་བསྐྱེད། །བདགགིསམོ་བྷྱོ་སྟང་རཾ་རཾ་ཛ་ཞེསབརྗོདཔས་མ་མོ་འཁོར་བཅས་རྣམས་བསྐང་བའི་རྫས་ན་ཀུན་ལ་དགྱེས་ནས་སྐུ་མདོག་དཀར་མོར་གྱུར་ནས། །བདག་ལ་བཀྲ་ཤིས་སྨོན་ལམ་བཏབ་ཅིང་དངོས་གྲུབ་བྱིན་པར་བསམ།། དེ་ནས་བདག་གིས་མ་སྟང་ཁ་ཁ་ཁྲག་ཚེ།། མ་མ་ར་ར་ཁྲག་ཚེ།། མ་མ་ཁོང་ཁོང་ཁྲག་ཚེ།། མ་མ་རཀྴ་སྟང་རྦད་རྦད་ནི་བྷྱོ་བྷྱོ། ཞེས་ལན་བདུན་བརྗོད་ལ། བསྐང་རྫས་རྣམས་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི། སྔོན་མོ་ཁྲ་དང་ལུག རྒྱ་མོ་ར་དང་ནག་མོ་བྱ། ཤ་སྣ་ལ་སོགས་འདོད་ཡོན་རྒྱན་དང་ལྡན་པར་བསམ། དེ་ནས་བཟང་ཤིང་ཕྱེ་མར་དང་། སྤོས་དཀར་ཚིལ་ཆེན་གསུར་བཏང་ལ། གདུང་བའི་དབྱངས་ཀྱིས་འདི་སྐད་གྱེར།། བྷྱོ་ནག་མོ་ཆེན་མོ་འཇིགས་བྱེད་མ། །སྒྲ་བླའི་རྒྱལ་མོ་སྟག་རི་རོང་། །མ་ཅིག་ཆེན་མོ་མཐུ་མོ་ཆེ། །སྐྱེ་འགྲོ་ཀུན་གྱི་ཡུམ་གཅིག་མ། །ཡུམ་གཅིག་མ་ཡི་ཐུགས་དམ་བསྐང་། །མ་ནམ་མཁའི་དབྱིངས་ན་བཞུགས་པའི་ཚེ། །མུ་ཝེར་ལྷ་ཡི་ལྕམ་གཅིག་མ། །ལྕམ་གཅིག་མ་ཡི་ཐུགས་དམ་བསྐང་། །འབྱུང་བ་ལྔ་ཡི་ཁ་སྡུད་མ། །ཁ་སྡུད་མ་ཡི་ཐུགས་དམ་བསྐང་། །བར་སྣང་ཁམས་སུ་བྱོན་ཙམ་ན། །གེ་ཁོད་ལྷ་ཡི་སྒྲུབ་སྡེ་མོ། །སྒྲུབ་སྡེ་མ་ཡི་ཐུགས་དམ་བསྐང་། །རི་རབ་རྩེ་ལ་བྱོན་ཙམ་ན། །པྲ་ཕུད་ལྷ་ཡི་ཡུམ་ཆེན་མོ། །ཡུམ་ཆེན་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །རྒྱ་མཚོའི་གཏིང་ལ་བྱོན་ཙམ་ན། །ཀླུ་ཆེན་བརྒྱད་ཀྱི་ལྕམ་མོ་མཛད། །མཛེ་དང་ཕོལ་མིག་སྣ་འདྲེན་མོ། །སྣ་འདྲེན་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བས་ཐུགས་དམ་བསྐང་། །མ་ཤར་ཕྱོགས་གླིང་ལ་བྱོན་ཙམ་ན། །དཀར་མོ་ཤེལ་གྱི་གཡུང་དྲུང་མ། གཡུང་དྲུང་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བས་ཐུགས་དམ་བསྐང་། །མ་ལྷོ་ཕྱོགས་གླིང་ལ་བྱོན་ཙམ་ན། །སྔོན་མོ་ལས་མཁན་མདངས་ལེན་མ། །མདངས་ལེན་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བས་ཐུགས་དམ་བསྐང་། །མ་ནུབ་ཕྱོགས་གླིང་ལ་བྱོན་ཙམ་ན། །དམར་མོ་ཆེན་མོ་ཁྲག་འཐུང་མ། །ཁྲག་འཐུང་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བས་ཐུགས་དམ་བསྐང་། །མ་བྱང་ཕྱོགས་གླིང་ལ་བྱོན་ཙམ་ན། །སེར་མོ་ལས་ཀྱི་ཇག་པ་མོ༑ །ཇག་པ་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བས་ཐུགས་དམ་བསྐང་། །རྒྱ་གར་ཡུལ་དུ་བྱོན་ཙམ་ན། །དུན་ཟ་ནག་མོ་རལ་གཅིག་མ། རལ་གཅིག་མ་ཡི་ཐུགས་དམ་བསྐང་། །རྒྱ་ནག་ཡུལ་དུ་བྱོན་ཙམ་ན། །རྒྱ་མོ་ཕུང་བྱེད་ཤེལ་མིག་མ། །ཤེལ་མིག་མ་ཡི་ཐུགས་དམ་བསྐང་། །འཇང་གི་ཡུལ་དུ་བྱོན་ཙམ་ན། །འཇང་ཟ་སྔོན་མོ་སྤྱན་གཅིག་མ། །སྤྱན་གཅིག་མ་ཡི་ཐུགས་དམ་བསྐང་། ཧོར་གྱི་ཡུལ་དུ་བྱོན་ཙམ་ན། །ཧོར་ཟ་སྐྱ་མོ་རྐང་རིང་མ། །རྐང་རིང་མ་ཡི་ཐུགས་དམ་བསྐང་། །མོན་གྱི་ཡུལ་དུ་བྱོན་ཙམ་ན། །མོན་ཟ་སེར་མོ་སོ་གཅིག་མ། །སོ་གཅིག་མ་ཡི་ཐུགས་དམ་བསྐང་། །ལྷོ་བལ་ཡུལ་དུ་བྱོན་ཙམ་ན། །མི་སྡུག་གདུག་པའི་ལྷོ་བལ་མོ། །ལྷོ་བལ་མ་ཡི་ཐུགས་དམ་བསྐང་། །སྟག་གཟིག་ཡུལ་དུ་བྱོན་ཙམ་ན། །སྟག་གཟིག་བུ་མོ་ངོ་དམར་མ། །ངོ་དམར་མ་ཡི་ཐུགས་དམ་བསྐང་། །བོད་ཀྱི་ཡུལ་དུ་བྱོན་ཙམ་ན། །བོད་བཟའ་དཀར་མོ་ནུ་གཅིག་མ། །ནུ་གཅིག་མ་ཡི་ཐུགས་དམ་བསྐང་། །ཞང་ཞུང་ཡུལ་དུ་བྱོན་ཙམ་ན། །སྒྲ་བླའི་རྒྱལ་མོ་སྟག་རི་རོང་། །སྟག་རི་རོང་གི་ཐུགས་དམ་བསྐང་། །གཤེན་གྱི་བཀའ་ཉན་མཛད་ཙམ་ན། །ནག་མོ་ཆེན་མོ་སྔགས་བདག་མ། །སྔགས་བདག་མ་ཡི་ཐུགས་དམ་བསྐང་། །མ་ཅིག་མ་ལ་མིང་བརྒྱ་མ། །མིང་བརྒྱ་མ་ཡི་ཐུགས་དམ་བསྐང་། །སྐུ་གཅིག་མ་ལ་མཚན་སྟོང་མ། །མཚན་སྟོང་མ་ཡི་ཐུགས་དམ་བསྐང་། །སྐྱེ་འགྲོ་ཀུན་གྱི་སྲོག་གཅོད་མ། ། །སྲོག་གཅོད་མ་ཡི་ཐུགས་དམ་བསྐང་། །ལྷ་འདྲེ་ཀུན་གྱི་ནང་ཤན་མ། །ནང་ཤན་མ་ཡིས་ཐུགས་དམ་བསྐང་། །སྐུ་ནི་ཅིར་ཡང་མ་ངེས་ཏེ། །མ་ཅིག་ཁྱེད་ཀྱི་ཐུགས་དམ་བསྐང་། བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །དགུན་ནི་གངས་དཀར་རྩེ་ལ་གནས། ། ནད་དང་ཡམས་ཀྱི་སྣ་འདྲེན་མོ། །སྣ་འདྲེན་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །དཔྱིད་ནི་རླུང་དམར་འཚུབ་མའི་ནང་ན་འཕྱོ། །ལྷ་འདྲེ་ཀུན་གྱི་དམག་དཔོན་བྱེད། །དམག་དཔོན་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །དབྱར་ནི་ཆུ་བོའི་གཞུང་ལ་འགྲིམ། །འཇིག་རྟེན་ཁམས་ཀྱི་འཁྲུག་བྱེད་མ། །འཁྲུགས་བྱེད་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །སྟོན་ནི་ན་བུན་ནང་ན་གནས། །ཐོགས་དང་སེར་བའི་མངའ་བདག་མོ། །མངའ་བདག་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །སྲིད་པའི་མ་མོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྒྲ་བླའི་རྒྱལ་མོའི་ཐུགས་དམ་བསྐང་། །སྔགས་བདག་མ་ཡི་ཐུགས་དམ་བསྐང་། །སྨུག་མོ་ལུག་གིས་ཐུགས་དམ་བསྐང་། །རྒྱ་མོ་ར་ཡིས་ཐུགས་དམ་བསྐང་། །བྱ་ནག་ཚོགས་ཀྱིས་ཐུགས་དམ་བསྐང་། །སྔོན་མོ་ཁྲ་ཡིས་ཐུགས་དམ་བསྐང་། །ཤ་སྣ་ཚང་བས་ཐུགས་དམ་བསྐང་། །ཁྲག་སྣ་ཚང་བས་ཐུགས་དམ་བསྐང་། །འབྲུ་སྣ་ཚང་བས་ཐུགས་དམ་བསྐང་། །སྨན་སྣ་ཚང་བས་ཐུགས་དམ་བསྐང་། །གཡག་ལུག་ཚོགས་ཀྱིས་ཐུགས་དམ་བསྐང་། །སྲོག་མེད་དབུགས་ཀྱིས་ཐུགས་དམ་བསྐང་། །དབུགས་མེད་སྲོག་གིས་ཐུགས་དམ་བསྐང་། །གསེར་སྐྱེས་སེར་མོས་ཐུགས་དམ་བསྐང་། །དྲི་ཞིམ་སྤོས་ཀྱིས་ཐུགས་དམ་བསྐང་། །སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང་། །ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་།  །གཉེན་མོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བདག་ཅག་སྒྲུབ་གཤེན་འཁོར་བཅས་ཀྱི། །བར་ཆད་རྐྱེན་ཟེར་བཟློག་ཏུ་གསོལ། །མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ། །བཀྲ་ཤིས་དངོས་གྲུབ་བསྩལ་ཏུ་གསོལ།། ཞེས་རྫུ་འཕྲུལ་མ་མོ་གྲངས་མང་ཡང་། རྩ་བ་སྟག་རི་རོང་ལ་ཐུག དེ་ལྟར་ཉམས་པ་ཆེ་ན་ཚར་བདུན་གྱེར། འབྲིང་ལ་ལྔ་དང་ཆུང་ལ་གསུམ། ཕྱེ་མར་བདག་གི་དངོས་གྲུབ་བྱ། གཞན་རྣམས་གཙང་དག་གནས་སུ་བསྐྱལ། དེ་ལྟར་བསྐང་བ་འདི་བྱས་པས། སྒྲུབ་གཤེན་བཀྲ་ཤིས་བར་ཆད་ཞི། །མ་མོའི་མཐུ་དབང་དངོས་གྲུབ་ཐོབ། །དགྲ་རྣམས་བསམ་པ་ཙམ་གྱིས་ཞི། །མངོན་ཤེས་སྐྱེས་ཤིང་ནད་ཡམས་ཆད། །རིགས་རྒྱུད་འཕེལ་ཞིང་བཙན་ཕྱུགས་དར། །ཅི་བསམ་དོན་རྣམས་ཡིད་བཞིན་འགྲུབ། །སྒྲ་བླའི་རྒྱལ་མོ་བསྐང་བ་འདི། །དྲན་པ་ཡེ་ཤེས་བདག་གི་གཏེར། །ཕྱི་རབས་དུས་ལ་བབས་པ་ན། །སྐལ་བཟང་ལས་ཅན་གཅིག་དང་འཕྲད་པར་ཤོག །འཕྲད་ནས་བསྟན་པ་དར་བར་ཤོག  རྒྱ༔ རྒྱ༔ རྒྱ༔ ༧  ཡང་གོང་ལྟར་རྫས་བསགས་ལ། འདི་ལྟར་བསྐང།མ་སྒྲ་བླའི་རྒྱལ་མོ་སྟག་རི་རོང་། །ལྷ་སྲིན་སྡེ་བརྒྱད་བུ་མོར་བརྫུས་པའི་ཚེ། སྒྲ་རྒྱལ་འབྲུག་ལ་ཞོན་ནས་ཐོག་སེར་འབེབས། །མགྱོགས་པ་གློག་ལ་ཞོན་ནས་གླིང་བཞི་མྱུལ། །རྩལ་ཆེན་སེང་གེར་ཞོན་ནས་ཕྱྭ་ཚེ་འགུགས། །ཅང་ཤེས་རྟ་ལ་ཞོན་ནས་གཡུལ་ལས་རྒྱལ། །སྦྲུལ་ནག་རེ་འབྱམས་ཞོན་ནས་ཆུ་རྒྱུན་འགྲིམ། །བྲག་བྱ་འུག་པ་ཞོན་ནས་བཙན་ཁུང་འགྲིམ། །དྲེལ་ནག་རྐང་གསུམ་ཞོན་ནས་སྟོང་གསུམ་བདུད་མོར་བརྫུས། །སྡེ་བརྒྱད་ཀུན་གྱི་ཁ་ལོ་སྒྱུར་བྱེད་མ། །ཙ་ར་རྒྱ་མོས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །ཤ་ཁྲག་དམར་གྱིས་ཐུགས་དམ་བསྐང་། །སྤུ་སྡུག་རྟེན་གྱིས་ཐུགས་དམ་བསྐང་། །སྒྲ་བླའི་རྒྱལ་མོ་སྟག་རི་རོང། །དུ་བ་སྔོན་མོར་བརྫུས་པའི་ཚེ། །ཁྲ་ཞོན་མ་ཡི་ཐུགས་དམ་བསྐང་། །མེ་ལྕེ་དམར་མོར་བརྫུས་པའི་ཚེ། །འཕར་ཞོན་མ་ཡི་ཐུགས་དམ་བསྐང་། མེ་འདག་དམར་མོར་བརྫུས་པའི་ཚེ། །སྟག་ཞོན་མ་ཡི་ཐུགས་དམ་བསྐང་། སོལ་བ་ནག་མོར་བརྫུས་པའི་ཚེ། །ཕོ་རོག་ཞོན་མས་ཐུགས་དམ་བསྐང་། ཐལ་བ་སྐྱ་མོར་བརྫུས་པའི་ཚེ། །ཝ་ཞོན་མ་ཡི་ཐུགས་དམ་བསྐང་། །དུག་རི་ནག་མོར་བརྫུས་པའི་ཚེ། །སྤྱང་ཞོན་མ་ཡི་ཐུགས་དམ་བསྐང་། །མ་སྤྲུལ་ལུགས་སུ་བཞུཊ་པའི་ཚེ། །སྲིང་གཅིག་མ་ཡི་ཐུགས་དམ་བསྐང་། །མིང་བརྒྱ་མཚན་སྟོང་ཅིར་ཡང་སྤྲུལ། །སྒྲ་བླའི་རྒྱལ་མོའི་ཐུགས་དམ་བསྐང་། །མ་མོ་སྟོང་སྡེའི་ཐུགས་དམ་བསྐང་། །ཙ་ར་རྒྱལ་མོས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །ཤ་ཁྲག་དམར་ཐུགས་དམ་བསྐང་། །སྤུ་སྡུག་རྟེན་གྱིས་ཐུགས་དམ་བསྐང་། །གཡུ་བྱ་ཕུག་རོན་སྙིང་གིས་ཐུགས་དམ་བསྐང་། །ཁྲ་ཁྱུང་སྔོན་མོས་ཐུགས་དམ་བསྐང་། །ཐུགས་དམ་གཉན་མོ་ཁྱེད་བསྐང་ནས། །དམ་ཚིག་ཐ་ཚིག་མ་བསྙེལ་བར། །བོན་དང་གཤེན་གྱི་བསྟན་པ་སྲུངས། །སྡང་བའི་དགྲ་བོ་དབང་དུ་བསྡུས། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།། དགེའོ། བཀྲ་ཤིས།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章