天津市北辰区人民法院到丁青法院实地调研援藏工作

民生   2024-08-15 18:26   西藏  


  天津市北辰区人民法院到丁青法院实地调研援藏工作

ཐེན་ཅིན་གྲོང་ཁྱེར་པེན་ཁྲེན་ཆུས་མི་དམངས་ཁྲིམས་ཁང་སྟེང་ཆེན་ཁྲིམས་ཁང་དུ་བོད་སྐྱོར་ལས་དོན་སྐོར་ལ་བརྟག་ཞིབ་བྱེད་པར་ཕེབས།

  为全面贯彻落实援藏政策,携手共叙津藏法院情,强化津藏法院交融联系,进一步拓宽丁青县人民法院受援渠道,近日,天津市北辰区人民法院党组副书记、副院长许殿君一行4人调研组到丁青法院实地调研援藏工作。昌都市中级人民法院党组成员、三级高级法官艾斌陪同调研。县委常务副书记、常务副县长、县委党校校长马博参加了相关活动。

  ཉེ་ཆར།ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་གཞོན་པ་ཞུས་ཏེན་ཅུན་བཅས་པ་མི་༤བརྟག་ཞིབ་ཚོགས་ཆུང་སྟེང་ཆེན་་ཁྲིམས་ཁང་དུ་ཕེབས་ནས་བོད་སྐྱོར་ལས་དོན་བསྐོར་ལ་བརྟག་ཞིབ་བྱེད་པར་རེད།ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་མི་རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་ཨའེ་པིན་གྱིས་བརྟག་ཞིབ་ལས་དོན་ནང་ཞུགས་པ་དང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རྒྱུན་ལས་རྫོང་དཔོན་གཞོན་པ།རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་མ་པོ་འབྲེལ་ཡོད་བྱེད་སྒོར་ཞུགས་པར་རེད།

  北辰法院调研组先后参观了丁青县人民法院工作宣传栏、诉讼服务中心、温馨调解室、干警活动中心、党建活动室、干警食堂等。

  པེན་ཁྲེན་ཁྲིམས་ཁང་གི་བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་དྲིལ་བསྒྲགས་སྒྲོམ་སྟེགས་དང་།གཏུག་བཤེར་ཞབས་ཞུ་ལྟེ་གནས།དྲོ་སྐྱིད་འདུམ་འགྲིག་ཁང་།ལས་བྱེད་ཉེན་རྟོག་པའི་བྱེད་སྒོ་ལྟེ་གནས།ཏང་འཛུགས་སྐྱོང་བྱེད་སྒོ་ཁང་།ལས་བྱེད་ཉེན་རྟོག་པའི་ཟ་ཁང་སོགས་ལ་ལྟ་ཞིབ་བྱས་རེད།


   随后,天津市北辰区人民法院党组副书记、副院长许殿君同志同丁青法院干警进行座谈,丁青县人民法院党组成员、政治部主任周驰主持座谈会。在座谈交流中,丁青县人民法院党组成员、审判管理办公室(综合办公室)主任扎西拉姆汇报了丁青法院近期工作开展情况,天津市北辰区人民法院党组副书记、副院长许殿君一行介绍了北辰法院相关情况,特别是收结案数、法官人均办案数、审判管理质效指标落实情况等,丁青法院立案庭、综合审判庭等负责同志就审判工作中遇到的疑难复杂问题进行了虚心请教。

  མི་མཐུད།ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་གཞོན་པ་ཞུས་ཏེན་ཅུན་ལྷན་སྟེང་ཆེན་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་དབར་བཞུགས་མོལ་ཡང་བྱས་པ་རེད།སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཁོངས་མི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ཀྲོའུ་ཁྲི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་གཞོན་པ་ཞུས་ཏེན་ཅུན་དང་བཅས་པ་པེ་ཁྲེན་ཁྲིམས་ཁང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་ལྷག་པར་དུ་གྱོད་གཞི་བསྡུ་ལེན་དང་མཇུག་འགྲིལ་བའི་གྲངས་འབོར་ཁྲིམས་དཔོན་མི་རེའི་ཆ་སྙོམས་གྱོད་གཞི་སྒྲུབ་གྲངས།འདྲི་གཅོད་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་དམིགས་ཚད་དོན་འཁྱོལ་བྱས་ཚུལ་སོགས་ངོ་སྤྲོད་བྱས་པ་རེད།སྟེང་ཆེན་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཁྲིམས་ར་དང་ཕྱོགས་བསྡུས་འདྲི་གཅོད་ཁྲིམས་ར་སོགས་ཀྱི་འགན་འཁུར་ཁྲིམས་དཔོན་གྱིས་འདྲི་གཅོད་ལས་དོན་ཁྲོད་འཕྲད་པའི་དཀའ་གནད་དང་རྙོག་འཛིང་ཆེ་བའི་གནད་དོན་ལ་ཁེངས་སྐྱུང་གིས་བཀའ་འདྲི་ཞུས་པ་རེད།

  昌都市中级人民法院党组成员、三级高级法官艾斌对天津北辰法院长期以来对丁青法院的无私援助表示衷心感谢,对许殿君副院长一行不辞辛苦莅临丁青调研指导致以崇高敬意,要求丁青法院充分把握、倍加珍惜北辰法院法官挂职援助的难得机遇,既要认真学习内地法院先进办案理念经验,也要悉心帮助解决援藏法官工作和生活方面的实际困难、为援藏法官全身心投入工作解决后顾之忧,努力以优异成绩回报北辰法院的援藏情谊。

   ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་ཨའེ་པིན་གྱིས་ཐེན་ཅིན་པེ་ཁྲེན་ཁྲིམས་ཁང་གིས་དུས་ཡུན་རིང་པོའི་ནང་སྟེང་ཆེན་ཁྲིམས་ཁང་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་།ཡོན་ཀྲང་གཞོན་པ་ཞུས་ཏེན་ཅུན་དང་བཅས་པ་དཀའ་ངལ་ལ་མི་འཛེམ་པར་སྟེང་ཆེན་ཁྲིམས་ཁང་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་བླ་ན་མེད་པའི་གུས་བཀུར་ཞུས་པ་རེད།སྟེང་ཆེན་ཁྲིམས་ཁང་གིས་པེན་ཁྲེང་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་ལས་དོན་རོགས་སྐྱོར་དང་ཐོབ་དཀའ་བའི་གོ་སྐབས་གཅེས་སྤྲས་བྱས་ཏེ་ནང་སའི་ཁྲིམས་ཁང་གི་སྔོན་ཐོན་གྱོད་གཞི་ཐག་གཅོད་འདུ་ཤེས་དང་ཉམས་མྱོང་སློབ་སྦྱོང་ནན་ཏན་བྱེད་དགོས་པ་མ་ཟད།བོད་སྐྱོར་ཁྲིམས་དཔོན་གྱི་ལས་དོན་དང་འཚོ་བའི་ཐད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་དགོས་པར་མ་ཟད་པེན་ཁྲེང་ཁྲིམས་ཁང་གི་བོད་སྐྱོར་བརྩེ་སེམས་ལ་དྲིན་ལན་འཇལ་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

审核||      嘎松尼玛

ཞིབ་འབེབས།     སྐལ་བཟང་ཉི་མ།

审稿||    阮诗玉   周驰    

         ཞུ་དག་པ།    རང་ཧྲུ་ཡུས།    ཀྲའུ་ཁྲི།        

责任编辑   翻译||   洛桑曲宗     

རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར།   བློ་བཟང་ཆོས་འཛོམས།

丁青县人民法院
发布本院司法信息及工作开展情况
 最新文章