中共丁青县人民法院党组召开党纪学习教育动员部署会

民生   2024-04-17 18:30   西藏  


中共丁青县人民法院党组召开党纪学习教育动员部署会

ཀྲུང་གུང་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

       417日,丁青法院召开党纪学习教育动员部署会,党组书记、院长嘎松尼玛主持会议并发表讲话,领导班子成员、部门负责人参加会议。

  ཟླ་༤ཚེས་༡༧ཉིན་སྟེང་ཆེན་ཁྲིམས་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་།ཏང་ཙུའུ་ཧྲུའུ་ཅི་ཡོན་ཀྲང་བློ་མཐུན་སྐལ་བཟང་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།ཚན་ཁག་གི་ཁོངས་མི་དང་སྡེ་ཚན་གྱི་འགན་འཁུར་བ་ཚིར་ཚོགས་འདུར་ཞུགས་ཡོད་པ་རེད།

    会上,党组成员、政治部主任周驰传达学习习近平总书记关于党纪学习教育的重要讲话和重要指示精神,学习贯彻中央及自治区党委、市委、县委及上级法院相关会议精神。

 ཚོགས་འདུའི་ཐོག་ཏང་ཙུའུ་ཡི་ཁོངས་མི་ཆབ་སྲིད་པུའི་ཀྲུའུ་རེན་ཀྲོའུ་ཁྲིས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་།གྲོང་ཨུད་།རྫོང་ཨུད་བཅས་དང་གོང་རིམ་ཁྲིམས་ཁང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་རེད།

   会上嘎松尼玛同志强调:提高思想认识,深刻领会党纪学习教育的重大意义。要深入学习贯彻习近平总书记的重要讲话和重要指示精神,切实把思想和行动统一到党中央决策部署及自治区党委、市委、县委及上级法院的工作要求上来,进一步增强党纪学习教育的思想自觉、政治自觉、行动自觉,做到学纪、知纪、明纪、守纪,切实把党纪学习教育成果转化为深化党的纪律建设、推动全面从严治党向纵深发展的重要举措。二突出学习重点,确保党纪学习教育取得实效党纪学习教育是贯穿我院全年最重要的政治任务,要紧密结合法院工作实际,把自己摆进去、把职责摆进去,努力让党纪学习教育融入法院日常工作,切实用党纪党规武装头脑、指导工作、约束行为。三强化组织领导,确保党纪学习教育有序开展各部门要高度重视党纪学习教育,将其纳入日常工作,精心组织,周密部署。要结合实际,制定具体的学习计划和措施,确保学习时间、内容、人员、效果四落实。同时,要加强督促检查,及时了解学习进展情况,确保学习教育取得实效。四坚持学以致用,推动法院工作高质量发展我们要将党纪学习教育与法院工作实际相结合,以学促改、以学促进。要将党纪党规的要求贯穿于立案、审判、执行等各个环节,做到公正司法、廉洁司法。要加强对干警的日常管理监督,严格落实各项制度规定,切实解决群众反映强烈的突出问题,提高法院工作水平。同时,要把党纪学习教育和推动审判工作高质量发展相结合,做实为大局服务、为人民司法,努力推动我院各项工作上台阶、创一流、走前列。

 ཚོགས་འདུའི་ཐོག་བློ་མཐུན་སྐལ་བཟང་ཉི་མས་ནན་བཤད་གནང་དོན།གཅིག་ནི་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ།བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་།གྲོང་ཨུད་།རྫོང་ཨུད་དང་གོང་རིམ་ཁྲིམས་ཁང་བཅས་ཀྱི་ལས་ཀའི་བླང་བྱ་ཐོག་གཅིག་གྱུར་ཏན་ཏིག་བྱ་དགོས།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་བསམ་བློའི་རང་རྟོགས་དང་།ཆབ་སྲིད་རང་ཤེས།བྱ་སྤྱོད་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་།སྒྲིག་ཤེས།སྒྲིག་གསལ་པོར་སྲུང་བ།སྒྲིག་སྲུང་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བསྒྱུར་དགོས།གཉིས་ནས་སློབ་སྦྱོང་གི་གཙོ་གནད་འབུར་དུ་ཐོན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ནི་ངེད་ཁྲིམས་ཁང་གི་ལོ་ཧྲིལ་པོའི་ནང་ཁྱབ་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་ཡིན་པས།ཁྲིམས་ཁང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་ཉིད་དང་འགན་འཁྲི་དེའི་ནང་དུ་བཞག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་དེ་ཁྲིམས་ཁང་གི་རྒྱུན་གཏན་ལས་ཀར་འདྲེས་པར་ཧུར་ཐག་བྱས་ཏེ་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་ལ་བརྟེན་ནས་ཀླད་པའི་དྲག་ཆས་དང་།ལས་ཀར་མཛུབ་སྟོན་དང་བྱ་སྤྱོད་ཚོད་འཛིན་ཏན་ཏིག་བྱ་དགོས།གསུམ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་ལེན་ཏན་ཏིག་བྱ་དགོས།སྡེ་ཁག་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ་དེ་ཉིད་རྒྱུན་ལྡན་གྱི་ལས་ཀའི་ནང་འཇུག་པ་དང་།སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱ་དགོས།དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་འཆར་གཞི་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས་སློབ་སྦྱོང་གི་དུས་ཚོད་དང་།ནང་དོན།མི་སྣ།ཕན་འབྲས་བཅས་དོན་འཁྱོལ་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། དུས་མཚུངས་སུ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྦྱོང་གི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་སློབ་སྦྱོང་དང་སློབ་གསོར་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས། བཞི་ནས་སྦྱངས་པ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས།ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བྱ་རྒྱུ་དེ་ཁྲིམས་ཁང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་དང་སློབ་སྦྱོང་ལ་བརྟེན་ནས་སྐུལ་འདེད་གཏོང་དགོས།ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་གྱི་བླང་བྱ་དེ་གྱོད་དོན་ཐོ་འགོད་དང་།འདྲི་གཅོད།ལག་བསྟར་སོགས་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱས་ནས་ཁྲིམས་འཛིན་དྲང་གཞག་དང་ཁྲིམས་འཛིན་སྤྱོད་གཙང་ཡོང་བ་བྱ་དགོས།ལྔ་ནས་ལས་བྱེད་པ་དང་ཉེན་རྟོག་པར་རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལམ་ལུགས་ཀྱི་གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་མང་ཚོགས་ཀྱིས་བསམ་འཆར་དྲག་པོ་བཏོན་པའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ཏན་ཏིག་བྱས་ནས་ཁྲིམས་ཁང་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། དུས་མཚུངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བྱ་རྒྱུ་དང་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཁྲིམས་འཛིན་དོན་དུ་དངོས་སུ་བསྒྲུབས་ནས་ངེད་ཁྲིམས་ཁང་གི་ལས་དོན་ཁག་སྐས་རིམ་དུ་སླེབས་པ་དང་།རྩེར་སོན་གཏོད་པ།མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། 

审核||      嘎松尼玛

ཞིབ་འབེབས།     སྐལ་བཟང་ཉི་མ།

审稿||    恩登曲培   周驰    

         ཞུ་དག་པ།     ངེས་དོན་ཆོས་འཕེལ།   ཀྲའུ་ཁྲི།        

责任编辑   翻译||   洛桑曲宗     

རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར།   བློ་བཟང་ཆོས་འཛོམས།

丁青县人民法院
发布本院司法信息及工作开展情况
 最新文章