酒后驾车危害大,法律制裁不容缓

民生   2024-04-26 17:54   西藏  


酒后驾车危害大,法律制裁不容缓

ཆང་འཐུང་རྗེས་རླངས་འཁོར་བསྐོར་ན་གནོད་འཚེ་ཆེན་པོ་ཡོད་པས་བཅའ་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་ནར་འགྱངས་བྱེད་མི་རུང་།

       2024426日,丁青县人民法院依法公开审理并当庭宣判一起危险驾驶案件。该案被告人罗某醉酒后驾驶机动车在道路上逆向行驶并发生交通事故,且血液酒精含量达到247.0mg/100ml,严重违反了交通安全法规,对社会公众安全构成了威胁。

   ༢༠༢༤ལོའི་ཟླ་༤ཚེས་༢༦ཉིན།སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོངས་བསྒྲགས་ངང་རླངས་འཁོར་གཏོང་བའི་ཉེན་ཁའི་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ་དང་འབྲེལ་ཁྲིམས་རར་བཅད་ཁྲ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།གྱོད་དོན་དེའི་ཞུ་སྦྱོར་ཕྱི་མ་ལུའོ་ག་གེ་མོས་ཆང་བཟི་རྗེས་རླངས་འཁོར་བསྐོར་ནས་བགྲོད་ལམ་དུ་ལྡོག་ཕྱོགས་སུ་བསྐྱོད་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་མ་ཟད།ཁྲག་གི་ཆང་བཅུད་འདུས་ཚད་༢༤༧.༠mg/༡༠༠mlཟིན་པས།འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྲོལ་དང་ཚབས་ཆེན་འགལ་ནས་སྤྱི་ཚོགས་སྤྱི་དམངས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོས་ཡོད།

  本案被告人罗某,案发当晚与朋友聚餐后,明知自己饮酒过量,却心存侥幸心理驾车回家。在行驶过程中,因酒精作用,罗某驾驶的车辆失控逆向行驶,与对向车道驾驶的车辆发生碰撞,造成双方车辆受损。经交警现场检测,罗某血液酒精含量达到法定标准,属于醉酒驾驶。

 གྱོད་དོན་འདིའི་ཞུ་སྦྱོར་ཕྱི་མ་ལུའོ་ག་གེ་མོས་གྱོད་དོན་བྱུང་བའི་དགོང་མོར་གྲོགས་པོ་དང་མཉམ་དུ་ཞལ་ལག་ཟས་རྗེས།རང་ཉིད་ཀྱིས་ཆང་རག་འཐུང་རྐྱེན་བཟི་བའི་གནས་ཚུལ་ཤེས་བཞིན་དུ་རླངས་འཁོར་བསྐོར་ནས་ཁྱིམ་དུ་ལོག་པ་རེད།བགྲོད་པའི་གོ་རིམ་ཁྲོད།ཆང་བཅུད་ཀྱི་ནུས་པ་ལས་ལུའོ་ག་གེ་མོས་བགྲོད་པའི་རླངས་འཁོར་ལ་ཚོད་འཛིན་བྱེད་མ་ཐུབ་པར་ལྡོག་ཕྱོགས་སུ་བགྲོད་པ་དང་།ཁ་གཏད་ཀྱི་རླངས་འཁོར་ལ་གདོང་ཐུག་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་རླངས་འཁོར་ལ་གནོད་སྐྱོན་བཟོས་ཡོད།འགྲིམ་འགྲུལ་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱས་པ་བརྒྱུད།ལུའོ་ག་གེ་མོའི་ཁྲག་གི་ཆང་བཅུད་འདུས་ཚད་ཁྲིམས་བཀོད་ཀྱི་ཚད་གཞིར་སླེབས་པས་ཆང་འཐུང་ནས་རླངས་འཁོར་སྐོར་བའི་ཁོངས་སུ་གཏོགས་པ་རེད།

   被告人罗某醉酒驾驶的行为已构成危险驾驶醉,依法判处其拘役四个月,并处罚金人民币5000元。

 ཞུ་སྦྱོར་ཕྱི་མ་ལུའོ་ག་གེ་མོས་ཆང་གིས་བཟི་ནས་རླངས་འཁོར་གཏོང་བའི་བྱ་སྤྱོད་དེ་ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་བའི་ཁོངས་རྟོགས་སུ་ཚུད་པ་མ་ཟད་ཁྲིམས་ལྟར་བཙན་ཉར་ཟླ་བ་བཞི་དང་ཉེས་ཆད་དངུལ་སྒོར་༥༠༠༠གཅོད་པ་རེད།

  法官温馨提示:酒后驾车是严重的违法行为,不仅危机自身安全,还可能给他人带来无法挽回的伤害。莫存侥幸心理,坚持“喝酒不开车,开车不喝酒”,增强交通安全意识,切勿饮酒后驾车。

    ཁྲིམས་དཔོན་ཤ་ཚའི་དྲན་སྐུལ།ཆང་འཐུང་རྗེས་རླངས་འཁོར་བསྐོར་རྒྱུ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པས།རང་ཉིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་མ་ཟད།མི་གཞན་ལ་ཡང་སྐྱོབ་ཐབས་བྲལ་བའི་གནོད་འཚེ་བཟོ་སྲིད།དེར་བརྟེན་“ཆང་འཐུང་རྗེས་རླངས་འཁོར་མི་གཏོང་བ།རླངས་འཁོར་གཏོང་སྐབས་ཆང་འཐུང་མི་བའི”རྒྱུན་འཁྱོངས་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆང་འཐུང་རྗེས་རླངས་འཁོར་གཏོང་མི་རུང་། 

审核||      嘎松尼玛

ཞིབ་འབེབས།     སྐལ་བཟང་ཉི་མ།

审稿||    恩登曲培   周驰    

         ཞུ་དག་པ།     ངེས་དོན་ཆོས་འཕེལ།   ཀྲའུ་ཁྲི།        

责任编辑   翻译||   洛桑曲宗     

རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར།   བློ་བཟང་ཆོས་འཛོམས།

丁青县人民法院
发布本院司法信息及工作开展情况
 最新文章