丁青县人民法院同巴青县人民法院、索县人民法院签订《司法协助协议》
སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་དང་སོག་རྫོང་མི་དམངས་ཁྲིམས་ཁང་《ཁྲིམས་འཛིན་གཞོགས་འདེགས་གྲོས་མཐུན》བཞག་པ་རེད།
为全面贯彻习近平法治思想,实现区域法院工作的协调发展,充分发挥司法职能作用,共同为三地经济发展、社会长治久安和人民群众安居乐业提供有力的司法保障及优质的司法服务。9月25日,丁青县人民法院、巴青县人民法院和索县人民法院在巴青县共同签署《司法协助协议》。
ཁྲིམས་སྐྱོང་གི་བསམ་བློ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ས་ཁོངས་ཁྲིམས་ཁང་གི་ལས་ཀ་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱེད་པ།ཁྲིམས་འཛིན་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཆེད་དུ་ཐུན་མོང་ཐོག་ས་ཁུལ་གསུམ་གྱི་དཔལ་འབྱོར་གོང་འཕེལ་དང་།སྤྱི་ཚོགས་ཡུན་རིང་བདེ་འཁོད།མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཡོང་རྒྱུར་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་དང་ཁྲིམས་འཛིན་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་དགོས། ཟླ་༩ཚེས་༢༥ཉིན།སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་དང་།སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་།སོག་རྫོང་མི་དམངས་ཁྲིམས་ཁང་བཅས་ཀྱིས་སྦྲ་ཆེན་རྫོང་དུ《ཁྲིམས་འཛིན་གཞོགས་འདེགས་གྲོས་མཐུན》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་རེད།
协议主要围绕加强诉讼服务协作、加强审判工作协作、加强执行工作协作、加强司法警务协作、加强审判管理工作协作、加强司法研究和交流协作、加强人才智力交流协作、加强构建和谐边界协作八个方面,进一步加强区域司法协作。
གྲོས་མཐུན་དེ་གཙོ་བོ་གཏུག་བཤེར་ཞབས་ཞུའི་རོགས་ལས་ལ་ཤུགས་སྣོན་དང་།འདྲི་གཅོད་ལས་དོན་རོགས་ལས་ལ་ཤུགས་སྣོན།ལག་བསྟར་ལས་དོན་རོགས་ལས་ལ་ཤུགས་སྣོན།ཁྲིམས་འཛིན་ཉེན་དོན་རོགས་ལས་ལ་ཤུགས་སྣོན།འདྲི་གཅོད་དོ་དམ་ལས་དོན་རོགས་ལས་ལ་ཤུགས་སྣོན།ཁྲིམས་འཛིན་ཞིབ་འཇུག་དང་སྤེལ་རེས་རོགས་ལས་ལ་ཤུགས་སྣོན།ཤེས་ལྡན་མི་སྣ་དང་རིག་སྟོབས་སྤེལ་རེས་རོགས་ལས་ལ་ཤུགས་སྣོན།ཞི་མཐུན་མཐའ་མཚམས་མཉམ་ལས་གཏོད་རྒྱུར་ཤུགས་སྣོན་བཅས་ཕྱོགས་བརྒྱད་ལ་དམིགས་ནས་ས་ཁོངས་ཁྲིམས་འཛིན་རོགས་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད་པ་རེད།
此次司法协作框架协议的签订,是践行习近平法治思想,服务三地协同发展的重要举措。接下来,三地法院将结伴前行,不断开创跨域司法协作新局面,探索高效能区域治理模式,为构建新发展格局提供高水平司法服务。
ད་ཐེངས་ཀྱི་ཁྲིམས་འཛིན་རོགས་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ནི་ཁྲིམས་སྐྱོང་བསམ་བློ་ལག་ལེན་བསྟར་བ་དང་ས་ཁུལ་གསུམ་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་རེད། གོམ་སྟབས་རྗེས་མར་ས་ཁུལ་གསུམ་གྱི་ཁྲིམས་ཁང་གིས་མཉམ་དུ་མདུན་སྐྱོད་བྱས་ཏེ་ས་ཁོངས་སྒྲོལ་བའི་ཁྲིམས་འཛིན་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་ནུས་ཕྱོད་ཆེ་བའི་ས་ཁོངས་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་ཆུ་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད།
丁青县人民法院党组书记、院长嘎松尼玛,巴青县人民法院党组书记、院长周茂军,索县人民法院法院党组书记、院长格桑罗布及各法院相关负责同志参加本次签约仪式。
སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་སྐལ་བཟང་ཉི་མ་དང་།སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་ཀྲོའུ་མའོ་ཅུན།སོག་རྫོང་མི་དམངས་ཁྲིམས་ཁང་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་སྐལ་བཟང་ནོར་བུ་དང་དེ་བཞིན་ཁྲིམས་ཁང་ཁག་གི་འབྲེལ་ཡོད་འགན་འཁུར་བ་བཅས་ད་རེས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་ནང་ཞུགས་པ་རེད།
审核|| 嘎松尼玛
ཞིབ་འབེབས། སྐལ་བཟང་ཉི་མ།
审稿|| 阮诗玉 周驰
ཞུ་དག་པ། རང་ཧྲུ་ཡུས། ཀྲའུ་ཁྲི།
责任编辑 翻译|| 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར། བློ་བཟང་ཆོས་འཛོམས།