自从中央第三次西藏工作座谈会做出全国支援西藏的重大决策以来,从此,全国支援西藏成为党中央的一项重要政策,从未间断。今天,我们就来讲一讲天津市北辰区人民法院杨成鹏法官援藏的故事:
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་རྒྱུའི་གལ་ཆེའི་ཐབས་ཇུས་བཏོན་པ་ནས་བཟུང་།རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཏང་ཀྲུང་དབྱང་གི་གལ་ཆེའི་སྲིད་ཇུས་ཤིག་ཏུ་གྱུར་ནས་བར་མཚམས་གཏན་ནས་ཆད་མྱོང་མེད།དེ་རིང་ང་ཚོས་ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དབྱང་ཁྲེང་ཕེང་གིས་བོད་སྐྱོར་བྱས་པའི་གཏམ་རྒྱུད་ཅིག་ཀུན་གྱི་སྤྱན་ལམ་དུ་ཕུལ།
2024年6月,随着全国援藏工作会议在拉萨胜利召开,标志着即将有一批新的援藏干部踏上发展祖国建设、维护边疆稳定的漫漫征程上,有一名来自天津市北辰区人民法院的法官杨成鹏响应最高人民法院关于支援脱薄法院的号召,满怀对西藏的热爱,主动请缨,他怀着家人的牵挂和满腔热情,风雨兼程三千公里,踏上西藏这片美丽的土地,开始了为期半年的援藏工作。
༢༠༢༤ལོའི་ཟླ་༦པར་རྒྱལ་ཡོངས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་རྒྱལ་ཁའི་ངང་འཚོགས་པ་དང་དེ་ཐོག་ནས་བོད་སྐྱོར་ལས་བྱེད་པ་གསར་པ་ཁག་གཅིག་མེས་རྒྱལ་འཛུགས་སྐྲུན་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་ཉེར་ཡོད་པ་མཚོན་གྱི་ཡོད།ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་མི་དམངས་ཁྲིམས་ཁང་ནས་ཡོང་བའི་ཁྲིམས་དཔོན་དབྱང་ཁྲེང་ཕེང་གིས་ཉམས་ཞན་ཁྲིམས་ཁང་ལ་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབོད་སྐུལ་དང་ལེན་ཞུས་ནས་བོད་ལ་དགའ་ཞེན་གྱིས་ཁེངས་བཞིན་རང་འགུལ་ངང་རེ་ཞུ་བྱས་པ་དང་ཁོང་གིས་ནང་མིའི་སེམས་ཁྲལ་དང་སྤྲོ་སེམས་བཅངས་ཏེ་ཆར་རླུང་ལ་མ་འཛེམས་པར་མཛེས་སྡུག་ལྡན་པའི་བོད་ཀྱི་ས་གཞི་འདིར་བསྐྱོད་དེ་དུས་ཡུན་ལོ་ཕྱེད་ཀྱི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པར་རེད།
在拉萨参加援藏工作推进会
ལྷ་སར་རུ་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུར་ཞུགས་པ།
告别故乡,来到西藏,面临的挑战接踵而至,不但需要尽快适应新的工作环境,还需要克服饮食习惯的差异和高海拔环境带来的身体不适。面对种种困难,必须要用最短的时间调整好状态,投入到新的工作模式中。第一天来到丁青法院时,院里对这名天津来的法官举办了热情的欢迎仪式,向杨成鹏法官介绍了丁青县人民法院被确定为首批全国相对薄弱法院,“有你的到来,让我们对‘脱薄’任务更加有信心,我们不能把‘薄弱法院’变成工作业务上的无形枷锁,而要把‘脱薄’工作作为扫除旧疾的‘良方’”。
ཕ་ཡུལ་ནས་བྲལ་ཏེ་བོད་དུ་ཡོང་སྐབས་དཀའ་ངལ་ཡོད་པ་སྟེ་བཤད་ག་ལ་དགོས།ལས་ཀའི་ཁོར་ཡུག་གསར་པ་དང་གང་མགྱོགས་འཕྲོད་ཐུབ་པ་བྱེད་དགོས་པ་མ་ཟད།ད་དུང་བཟའ་བཏུང་གི་གོམས་གཤིས་ཀྱི་ཧེ་བག་དང་ས་བབ་མཐོ་བའི་ཁོར་ཡུག་གིས་གཟུགས་པོ་བདེ་པོ་མེད་པ་ཁྱད་བསད་ཀྱང་བྱེད་དགོས་པ།དཀའ་ངལ་སྣ་ཚོགས་འཕྲད་སྐབས་ངེས་པར་དུ་དུས་ཚོད་ཐུང་ཤོས་ནང་གནས་ཚུལ་ལེགས་སྒྲིག་ཡག་པོ་བྱས་ནས་ལས་ཀ་བྱེད་སྟངས་གསར་པའི་ནང་ཞུགས་དགོས། སྟེང་ཆེན་ཁྲིམས་ཁང་དུ་འབྱོར་བའི་ཉིན་དང་པོར་སྒོ་རའི་ནང་ཐེན་ཅིན་ནས་ཡོང་བའི་ཁྲིམས་དཔོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་བ་དང་ཆབས་ཅིག་ཁྲིམས་དཔོན་དབྱང་ཁྲེང་ཕེང་ལ་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་དེ་རྒྱལ་ཡོངས་ཀྱི་ཉམས་ཞན་གྱི་ཁྲིམས་ཁང་གཏན་འཁེལ་བྱས་པའི་སྐོར་ངོ་སྤྲོད་བྱས་པ་མ་ཟད་ང་ཚོས་ཉམས་ཞན་ཁྲིམས་ཁང་ལས་དོན་བྱེད་སྒོའི་ཐོག་གི་གཟུགས་མེད་ལྕགས་སྒྲོག་ལྟ་བུར་འཛིན་རྒྱུ་མེད་པར་ཉམས་ཞན་གྱི་གནས་ལས་སྒྲོལ་བའི་ལས་དོན་དེ་གཅོང་ནད་གཙང་སེལ་བྱེད་པའི་ཐབས་མཆོག་བཟང་པོ་ཞིག་ཏུ་བརྩི་དགོས་ཞེས་བཤད་པ་རེད།
从上班的第一天开始,杨成鹏法官以坚定的理想信念,克服了高原缺氧干燥等环境的不适,便从一个“援藏法官”的身份转变成一名“本地法官”。迅速以饱满的热情全身心的投入到日常工作中来,并在工作上为干警带来专业精细的指导,尤其是在案件办理、调解、裁判文书制作方面,以先进的审判理念,更高的标准,更严谨的逻辑,带领丁青法院的干警开创更广袤的天地!
ལས་ཀ་བྱེད་པའི་ཉིན་དང་པོ་ནས་བཟུང་ཁྲིམས་དཔོན་དབྱང་ཁྲེང་ཕེང་གིས་ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ནས་ས་མཐོའི་གསོ་རླུང་མི་འདང་བ་དང་སྐམ་ཤས་ཆེ་བ་སོགས་ཀྱི་ཁོར་ཡུག་མི་འཕྲོད་པའི་དཀའ་ངལ་ཁྱད་བསད་བྱས་ནས་བོད་སྐྱོར་ཁྲིམས་དཔོན་ཞིག་ནས་ས་གནས་དེ་གའི་ཁྲིམས་དཔོན་ཞིག་ཏུ་གྱུར་ཡོད། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལུས་སེམས་གཉིས་ཀས་ཉིན་རྒྱུན་གྱི་བྱ་བའི་ཁྲོད་དུ་ཞུགས་ནས།བྱ་བའི་ཐད་ནས་ལས་བྱེད་ཉེན་རྟོག་པར་ཆེད་ལས་དང་ཞིབ་ཚགས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱེད་པ་ལྷག་པར་དུ་གྱོད་དོན་སྒྲུབ་པ་དང་འདུམ་འགྲིག་ཁྲིམས་གཅོད་ཡིག་ཆ་བཟོ་བ་བཅས་ཀྱི་ཐད་ནས།སྔོན་ཐོན་གྱི་འདྲི་གཅོད་འདུ་ཤེས་དང་།ཚད་གཞི་སྔར་ལས་མཐོ་བ།གཏན་ཚིགས་སྔར་ལས་ཚགས་དམ་པ་བཅས་ཀྱི་སྒོ་ནས་སྟེང་ཆེན་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་སྣེ་ཁྲིད་དེ་སྔར་ལས་རྒྱ་ཆེ་བའི་གནམ་ས་ཞིག་གཏོད་དགོས།
庭审现场
ཁྲིམས་སའི་འདྲི་གཅོད་བྱ་ཡུལ།
“杨院,你好,请教一个关于调解书上问题!”综合审判庭的书记员手拿调解书进到办公室。这是一件涉及担保人的借款合同纠纷案件,杨成鹏法官耐心细致的看完调解书,说道:“调解书上这段话应当表述为,如借款履行期届满之日后,被告仍未能履行或者不能完全履行上述还款义务,应由被告担保人承担相应的保证责任,需要在调解书上加上这一句,才能充分保障原告的权利,同时也能够避免被告为帮助担保人逃脱所需承担的义务,并可以充分保障双方当事人的合法权益,不要在调解协议中遗漏当事人的责任和义务,从而可以为后续的执行工作提供更可靠、高效的法律依据”,“好的,谢谢杨院的解答,对我很有帮助,太感谢了!”杨成鹏不止用专业的法律素养,为干警解开迷惑,并且用对法律工作的高度热情,激发着青年干警更多的生机与活力!
དབྱང་ཁྲིམས་དཔོན། སྐུ་ཁམས་བཟང་།འདུམ་ཁྲའི་ཐོག་གི་གནད་དོན་ཞིག་བཀའ་འདྲི་ཞུ་ཕྱོགས་བསྡུས་ལས་སྒོའི་ཁྲིམས་སའི་དྲུང་ཡིག་གིས་ལག་ཏུ་འདུམ་ཁྲའི་ཡི་གེ་འཁྱེར་ནས་གཞུང་ལས་ཁང་དུ་ཕེབས། འདི་ནི་ཁག་ཐེག་པ་དང་འབྲེལ་བ་ཡོད་པའི་དངུལ་བུན་གཏོང་ལེན་གྱི་གན་རྒྱའི་རྩོད་གཞིའི་གྱོད་དོན་ཞིག་ཡིན།ཁྲིམས་དཔོན་དབྱང་ཁྲིན་ཕེང་གིས་ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་སྒོ་ནས་འདུམ་འགྲིག་ཡི་གེར་བལྟས་རྗེས།ལན་དུ།འདུམ་འགྲིག་ཡི་གེའི་སྟེང་གི་སྐད་ཆ་འདི་དག་གསལ་བཤད་བྱེད་དགོས།དཔེར་ན།དངུལ་བུན་གཏོང་ལེན་གྱི་དུས་ཡུན་ལོངས་རྗེས།ཞུ་སྦྱོར་ཕྱི་མས་གོང་གི་དངུལ་བུན་འཇལ་བའི་འོས་འགན་སྔར་བཞིན་བསྒྲུབ་མི་ཐུབ་པའམ་ཡང་ན་ཡོངས་སུ་བསྒྲུབ་མི་ཐུབ་པས། ཞུ་སྦྱོར་ཕྱི་མ་བའི་ཁག་ཐེག་བྱེད་མཁན་གྱིས་དེ་དང་མཐུན་པའི་ཁག་ཐེག་བྱེད་འགན་འཁུར་དགོས།འདུམ་འགྲིག་ཡི་གེའི་ཐོག་ཏུ་ཚིག་འདི་བསྣན་ན་ད་གཟོད་ཞུ་སྦྱོར་སྔ་མ་བའི་ཁེ་དབང་འགན་སྲུང་གང་ལེགས་བྱེད་ཐུབ་ལ།དུས་མཚུངས་སུ་ཞུ་སྦྱོར་ཕྱི་མ་བས་ཁག་ཐེག་བྱེད་མཁན་ལ་རོགས་རམ་བྱེད་ཆེད་ཁུར་དགོས་པའི་འོས་འགན་ལས་གཡོལ་ཐབས་བྱེད་ཐུབ་པ་མ་ཟད།ཕྱོགས་གཉིས་ཀའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ལེགས་ཀྱང་བྱེད་ཐུབ།འདུམ་འགྲིག་གྲོས་མཐུན་ནང་དོ་བདག་གི་འགན་འཁྲི་དང་འོས་འགན་ཆད་ལུས་བྱུང་མི་ཉན་པར་རྗེས་མཐུད་ཀྱི་ལག་བསྟར་ལས་ཀར་སྔར་ལས་ཡིད་རྟོན་རུང་ཞིང་ཕན་ནུས་ལྡན་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱེད་ཐུབ།དབྱང་ཁྲེང་ཕེང་ཁྲིམས་དཔོན་ལགས་གིས་ལན་འདེབས་པ་བཀའ་དྲིན་ཆེ།ང་ལ་རོགས་ཆེན་པོ་བྱས་པ་ཡིན།དངོས་གནས་བཀའ་དྲིན་ཆེ་ཞེས་དབྱང་ཁྲེང་ཕེང་གིས་ཆེད་ལས་ཀྱི་བཅའ་ཁྲིམས་བྱང་ཚད་ལ་བརྟེན་ནས་ལས་བྱེད་ཉེན་རྟོག་པའི་གོ་རྟོགས་སད་པར་བྱས་པ་མ་ཟད།བཅའ་ཁྲིམས་ལས་དོན་ལ་བཅངས་པའི་སྤྲོ་སེམས་རབ་ཏུ་འཕེལ་ནས་གཞོན་ནུ་ལས་བྱེད་ཉེན་རྟོག་པའི་སྐྱེ་སྟོབས་དང་གསོན་ཤུགས་སྔར་བས་འཕེལ་བར་བྱས།
对干警进行业务指导
ལས་བྱེད་ཉེན་རྟོག་པ་ལ་ལས་སྒོའི་སློབ་སྟོན།
有人说:“向下扎根是基层干部成长的最美姿态”,丁青法院如果是一颗树,我们要不断向下扎根,扎根边疆、扎根西藏、扎根于无限的为人民服务当中去!正如歌词里面所唱到的那样:“相遇在丁青,无疑是最美丽的意外!”。
མི་འགའ་ཞིག་གིས་གཞི་རིམ་དུ་རྩ་བ་འཛུགས་རྒྱུ་ནི་གཞི་རིམ་གྱི་ལས་བྱེད་པ་འཚར་ལོངས་ཡོང་བའི་རྣམ་འགྱུར་ཡག་ཤོས་ཡིན་ཞེས་བརྗོད་ཀྱི་ཡོད།གལ་ཏེ་སྟེང་ཆེན་ཁྲིམས་ཁང་དེ་ལྗོན་ཤིང་ལྟ་བུ་ཞིག་ཡིན་ཚེ་ང་ཚོས་རྒྱུན་ཆད་མེད་པར་གཞི་རིམ་དུ་རྩ་བ་འཛུགས་དགོས་པ་དང་།མཐའ་མཚམས་དང་།བོད་ལྗོངས།ཚད་མེད་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་རྩ་བ་འཛུགས་དགོས།དཔེར་གཞས་ཚིག་ལྟར།སྟེང་ཆེན་ནས་ལྷན་འཛོམས་བྱུང་བ་ནི།ཆེས་ངོ་མཚར་བའི་མཛེས་སྡུག་ཡིན།
来源:丁青县人民法院政治部
འབྱུང་ཁུངས། སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ།
编辑(初审): 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཐོག་ཞིབ། བློ་བཟང་ཆོས་འཛོམས།
复审 :周驰
བསྐྱར་ཞིབ། ཀྲའུ་ཁྲི།
终审:嘎松尼玛
མཐའ་ཞིབ། སྐལ་བཟང་ཉི་མ།