丁青县人民法院开展节前走访慰问活动
སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
在春节、藏历新年来临之际,丁青县人民法院党组书记、院长嘎松尼玛带队分别前往巴达乡达堆村、色扎乡木查村、尺牍中心人民法庭、觉恩中心人民法庭及困难职工开展节前慰问。为他们送去党组织的节日问候和美好祝福。
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེར་བའི་སྐབས་འདིར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་སྐལ་བཟང་ཉི་མས་རུ་སྣེ་ཁྲིད་དེ་་སྤ་ཟླ་ཤང་ཟླ་སྟོད་གྲོང་ཚོ་དང་།སེར་རྩ་ཤང་འབུ་ཚབ་གྲོང་ཚོ།ཁྲི་རྡོ་ལྟེ་གནས་མི་དམངས་ཁྲིམས་ར།གྱང་སྔོན་ལྟེ་གནས་ཀྱི་མི་དམངས་ཁྲིམས་ར་བཅས་དང་དེ་བཞིན་དཀའ་ངལ་ཡོད་པའི་ལས་བཟོ་མི་སྣ་བཅས་ལ་དུས་ཆེན་གོང་གི་འཚམས་འདྲི་ཞུས་པ་རེད།
慰问过程中,嘎松尼玛同志分别向各驻庭、驻村工作队以及困难职工献上洁白的哈达,并送去慰问金和新春祝福,与驻庭干警、驻村工作队进行了亲切的交流,询问了解工作进展以及驻村干部在平时工作与生活中的困难。激励驻庭干警、驻村工作队要进一步改进作风,狠抓落实,不折不扣将党的二十大精神以及区党委、市委决策部署落实在法庭,在村居。
འཚམས་འདྲི་སྐབས།ཡོན་ཀྲང་སྐལ་བཟང་ཉི་མ་ཁྲིམས་ར་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དེ་བཞལ་དཀར་གཙང་ཁ་བཏགས་ཕུལ་བ་མ་ཟད།འཚམས་འདྲིའི་དངུལ་དང་དཔྱིད་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁྲིམས་རར་བཅའ་སྡོད་ལས་བྱེད་ཉེན་རྟོག་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅས་ལ་བྱམས་བརྩེའི་ངང་གཏམ་བཤད་སྤེལ་རེས་གནང་བ།ལས་ཀའི་འཕེལ་རིམ་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་འདྲི་རྩད་དང་ཤེས་རྟོགས་གནང་བ་རེད།ཁྲིམས་རར་བཅའ་སྡོད་ལས་བྱེད་ཉེན་རྟོག་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དེ་བཞིན་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ཁྲིམས་ཁང་དང་གྲོང་ཚོར་རུ་དོན་འཁྱོལ་བྱེད་དགོས་པའི་ལྕག་སྐུལ་གནང་རེད།
此次走访慰问活动契机,法院各驻村干部、派出法庭干警、困难职工带去了党组织的关心和关怀,也必将汇聚起新时代法院工作正能量,围绕中心,服务好大局工作。
ད་རེས་འཚམས་འདྲིའི་བྱེད་སྒོའི་གོ་སྐབས་དང་བསྟུན་ཁྲིམས་ཁང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་།མངགས་གཏོང་ཁྲིམས་རའི་ལས་བྱེད་ཉེན་རྟོག་པ།དཀའ་ངལ་ཡོད་པའི་ལས་བཟོ་བཅས་ཀྱིས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་རྒྱབ་བསྐྱོར་ལ་བཀའ་དྲིན་ཆེ་ཞུས་གནང་བ་དང་ལྷན་དུས་རབས་གསར་པའི་ཁྲིམས་ཁང་གི་ལས་དོན་གྱི་དྲང་ནུས་གཅིག་ཏུ་བསྡུས་ནས་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ།
审核|| 嘎松尼玛
ཞིབ་འབེབས། སྐལ་བཟང་ཉི་མ།
审稿|| 恩登曲培 周驰
ཞུ་དག་པ། ངེས་དོན་ཆོས་འཕེལ། ཀྲའུ་ཁྲི།
责任编辑 翻译|| 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར། བློ་བཟང་ཆོས་འཛོམས།