丁青县人民法院邀请县纪委监委专家开展党纪学习教育专题解读

民生   2024-05-10 17:16   西藏  

丁青县人民法院邀请县纪委监委专家开展党纪学习教育专题解读

སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་གསལ་འགྲེལ་བྱེད་པ། 


  为深入学习贯彻习近平总书记关于党纪学习教育的重要讲话和指示精神,认真落实县委和中院党组关于做好党纪学习教育重要部署要求,进一步严明政治纪律和政治规矩,督促引导全院干警学纪、知纪、明纪、守纪。57日,丁青县人民法院邀请纪委副书记、监委副主任万承超同志围绕新修订《中国共产党纪律处分条例》进行专题解读

  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་རྫོང་ཏང་ཨུད་དང་ཀྲུང་དབྱང་ཁྲིམས་ཁང་གི་ཏང་ཙུའུ་ཡི་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ།ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྔར་བས་ནན་པོ་བྱས་ཏེ།ཁྲིམེ་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པར་སྒྲིག་ཁྲིམས་སྦྱོང་བ་དང་།སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་གསལ་བ།སྒྲིག་སྲུང་བཅས་བྱེད་པར་སྐུལ་འདེད་དང་ཁྲིད་སྟོན་བྱ་དགོས། ཟླ་5ཚེས་7ཉིན་སྟེང་ཆེན་་རྫོང་མི་དམངས་ཁྲིམས་ཁང་གིས་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་མཐུན་དབན་ཁྲེང་ཁྲའོ་གདན་དྲངས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིགས་ནས་ཆེད་དོན་གསལ་འགྲེལ་གནང་བ་རེད།

   万承超同志从《条例》修订的背景和亮点、精准把握《条例》的主要内容、如何抓好《条例》的贯彻落实等三个方面,深刻阐述了《条例》为什么学、学什么、怎么学,并用身边的案例生动讲述了学习《条例》的重要性和必要性,教育全体党员要时刻做到学纪、知纪、明纪、守纪。授课内容丰富、内涵深厚,具有很强的针对性、指导性和启发性,有力增强了广大干警党纪学习教育的积极性和主动性,也为我院抓好党纪学习教育的组织实施指明了方向、明确了目标。 

  བློ་མཐུན་དབན་ཁྲེང་ཁྲའོ་ཡིས《སྲོལ་ཡིག》བཟོ་བཅོས་བྱས་པའི་རྒྱབ་ལྗོངས་དང་བཀྲག་མདངས་འཚེར་ས་དང་།《སྲོལ་ཡིག》གི་ནང་དོན་གཙོ་བོ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ།《སྲོལ་ཡིག》ལག་ལེན་མཐར་ཕྱིན་དོན་འཁྱོལ་ཇི་ལྟར་བྱ་རྒྱུ་དམ་འཛིན་བྱ་རྒྱུ་བཅས་ཕྱོགས་གསུམ་གྱི་ཐད་ནས《སྲོལ་ཡིག》སློབ་སྦྱོང་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་པ་དང་འབྲེལ་ཉེ་འཁོར་གྱི་གྱོད་དཔེ་སྤྱད་དེ《སྲོལ་ཡིག》སློབ་སྦྱོང་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་གསལ་བཤད་བྱས་ཡོད། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པ།དམིགས་སའི་རང་བཞིན་དང་།མཛུབ་ཁྲིད་རང་བཞིན།བློ་སྒོ་འབྱེད་པའི་རང་བཞིན་བཅས་ལྡན་པས་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཤུགས་ཆེ་རུ་ཕྱིན་ཡོད་ལ།ངེད་ཁྲིམས་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྒྲིག་འཛུགས་དང་ལག་བསྟར་དམ་འཛིན་ཡག་པོ་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་དམིགས་ཚད་ཁ་གསལ་བཏོན་ཡོད།

  授课结束后,党组成员、政治部主任周驰同志就抓好学习贯彻《条例》提出三点要求一是要提高思想认识,深刻领会开展党纪学习教育的重大意义。要聚焦学习重点,对照《中国共产党纪律处分条例》,原原本本学、逐章逐条学,坚持个人自学与集中学习相结合,做到学纪、知纪、明纪、守纪。二是要进一步统一思想、提高认识,深刻领会新修订的《条例》对于推进党风廉政建设和反腐败斗争具有十分重要的意义,要把《条例》的学习宣传贯彻作为当前一项重要任务来抓,认真谋划部署、精心组织实施,确保学习教育取得实效。三是是要坚持两手抓、两促进,把开展党纪学习教育同落实党中央重大决策部署,重点工作结合起来,以严明的纪律,坚定拥护“两个确立”、做到“两个维护”。

  སློབ་ཁྲིད་མཇུག་འགྲིལ་རྗེས་ཏང་ཙུའུ་ཡི་ཁོངས་མི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་བློ་མཐུན་ཀྲོའུ་ཁྲིས་《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་གསུམ་བཏོན་པ་སྟེ།གཅིག་ནི་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་རྒྱུ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་གོ་བ་གཏིང་ཟབ་ལེན་རྒྱུ་དེ་རེད། སློབ་སྦྱོང་གི་གཙོ་གནད་ལ་དམིགས་ནས《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་པ་གཅོད་པའི་སྲོལ་ཡིག་》དང་བསྡུར་ནས་སྔར་ཡོད་སློབ་སྦྱོང་དང་།ལེའུ་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ།མི་སྒེར་གྱི་རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།སྒྲིག་ཁྲིམས་སྦྱོང་རྒྱུ་དང་།སྒྲིག་ཁྲིམས་ཤེས་རྟོགས།སྒྲིག་ཁྲིམས་གསལ་བ།སྒྲིག་སྲུང་བཅས་བྱ་དགོས། གཉིས་ནི་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས་སྔར་ལས་ལྷག་པར་བྱས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི་《སྲོལ་ཡིག་》དེ་ཏང་སྲོལ་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་།《སྲོལ་ཡིག་》སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་ཇུས་འགོད་དང་བཀོད་སྒྲིག་ནན་ཏན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ལག་བསྟར་བྱས་ཏེ་སློབ་སྦྱོང་དང་སློབ་གསོར་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས། གསུམ་ནི་ཕྱོགས་གཉིས་དམ་འཛིན་དང་སྐུལ་འདེད་གཉིས་རྒྱུན་འཁྱོངས་བྱས་ཏེ།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་།ལས་ཀ་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ།སྒྲིག་ཁྲིམས་ནན་པོ་ལ་བརྟེན་ནས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་དང་“སྲུང་སྐྱོང་གཉིས་”སྒྲུབ་པ་བྱ་དགོས།

审核||      嘎松尼玛

ཞིབ་འབེབས།     སྐལ་བཟང་ཉི་མ།

审稿||    阮诗玉   周驰    

         ཞུ་དག་པ།    རང་ཧྲུ་ཡུས།  ཀྲའུ་ཁྲི།        

责任编辑   翻译||   洛桑曲宗     

རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར།   བློ་བཟང་ཆོས་འཛོམས།

丁青县人民法院
发布本院司法信息及工作开展情况
 最新文章