丁青法院召开2024年上半年工作总结暨审判(执行)态势运行分析会
སྟེང་ཆེན་ཁྲིམས་ཁང་གིས་༢༠༢༤ལོའི་ལོ་སྟོད་ཀྱི་ལས་དོན་ཕྱོགས་སྡོམ་དང་འདྲི་གཅོད་ལག་བསྟར་ཀྱི་གནས་ཚུལ་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་འཚོགས་པ།
7月1日上午11时,丁青县人民法院召开了2024年上半年工作总结暨审判(执行)态势运行分析会,回顾总结上半年工作开展情况,通报审判执行工作运行态势。院党组书记、院长嘎松尼玛出席会议并讲话,院党组成员、各部门负责人以及全体法官和法官助理参加会议。
ཟླ་༧ཚེས་༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡པར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་༢༠༢༤ལོའི་ལོ་སྟོད་ཀྱི་ལས་དོན་ཕྱོགས་སྡོམ་དང་འདྲི་གཅོད་(ལག་བསྟར)གྱི་གནས་ཚུལ་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་ལོ་སྟོད་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ལ་ཕྱིར་མིག་བལྟས་ནས་ཕྱོགས་སྡོམ་བྱས་པ་དང་འདྲི་གཅོད་ལག་བསྟར་ལས་དོན་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཡོན་ཀྲང་སྐལ་བཟང་ཉི་མ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་།སྡེ་ཚན་ཁག་གི་འགན་འཁུར་བ།དེ་བཞིན་ཁྲིམས་དཔོན་དང་ཁྲིམས་དཔོན་ལས་རོགས་ཡོངས་ཚོགས་འདུར་ཞུགས་པ་རེད།
会上,各部门负责人汇报了上半年工作开展情况、存在的问题及下一步工作思路,审判管理办公室主任扎西拉姆通报了丁青法院2024年上半年审判(执行)运行态势,嘎松尼玛院长对各部门汇报内容逐一进行了点评。
ཚོགས་འདུའི་ཐོག་སྡེ་ཚན་ཁག་གི་འགན་འཁུར་བས་ལོ་སྟོད་ཀྱི་ལས་དོན་སྤེལ་ཚུལ་དང་།གནས་པའི་གནད་དོན།དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་གྱི་བསམ་ཕྱོགས་བཅས་སྙན་སེང་ཞུས་པ་དང་འདྲི་གཅོད་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་བཀྲ་ཤིས་ལྷ་མོ་ཡིས་༢༠༢༤ལོའི་ལོ་སྟོད་ཀྱི་འདྲི་གཅོད(ལག་བསྟར)འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ཡོན་ཀྲང་སྐལ་བཟང་ཉི་མས་སྡེ་ཚན་ཁག་གི་སྙན་ཞུའི་ནང་དོན་རེ་རེ་བཞིན་དཔྱད་བརྗོད་བྱས་པ་རེད།
上半年,我院受理各类案件756件,审执结450件,新收案数同比下降16.18%,结案数同比上升7.61%,结收比68.82%,员额法官人均结案64.23件,审判执行工作总体呈现良好态势。
ལོ་སྟོད་དུ་ངེད་ཁྲིམས་ཁང་གིས་གྱོད་གཞི་ཁག་བདག་སྤྲོད་བྱས་པ་༧༥༦དང་།འདྲི་གཅོད་ལག་བསྟར་མཇུག་སྒྲིལ་བྱས་པ་༤༥༠ཟིན་པ།གྱོད་གཞི་གསར་པ་བསྡུ་བའི་གྲངས་འབོར་དུས་མཚུངས་ལས་༡༦.༡༨%ཆག་པ་དང་།གྱོད་གཞི་བསྡུ་བའི་གྲངས་འབོར་དུས་མཚུངས་ལས་༧.༦༡%འཕར་བ།བསྡུ་བའི་བསྡུར་ཚད་༦༨.༨༢%ཟིན་པ།མི་གྲངས་ཁྲིམས་དཔོན་མི་རེའི་ཆ་སྙོམས་གྱོད་གཞི་༦༤.༢༣བསྡུར་བ་བཅས་བྱས་པས་འདྲི་གཅོད་ལག་བསྟར་ལས་དོན་སྤྱིའི་ཆ་ནས་རྣམ་པ་བཟང་པོ་མངོན་ཡོད།
会议要求:一是坚持党的领导、把准政治方向,确保绝对忠诚。始终坚持把党的政治建设摆在首位,切实将习近平法治思想贯彻到能动司法工作全过程各方面,在学透、悟透、做实上下足功夫。二是坚持抓好主业、量化指标考核,提升审判质效。结合此次会议,紧扣“一升两降三优化”指标,常态化分析研判审判运行态势,把破难题、补短板作为推动法院工作发展的突破口。三是坚守为民初心、服务全县大局,提升司法公信。紧密围绕审判执行工作主责主业,统筹抓好执法办案与优化营商环境、平安建设等工作的融合衔接。深化一站式多元纠纷解决机制和诉讼服务体系建设,围绕“案结事了人和”目标,促进案件处理法理情有机融合,通过司法审判推动社会主义法治建设高质量发展。
ཚོགས་འདུའི་བླང་བྱ་ལྟར་ན།གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་བློ་དཀར་མཐའ་གཅིག་ཏུ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་གི་བསམ་བློ་དེ་རང་འགུལ་ཁྲིམས་འཛིན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ལག་ལེན་མཐར་ཕྱིན་ཏན་ཏིག་བྱས་ཏེ་སློབ་སྦྱོང་དང་།རྟོགས་པ།དོན་དངོས་སྒྲུབ་པ་བཅས་ལ་འབད་བརྩོན་གང་ཐུབ་བྱ་དགོས།གཉིས་ནི་ལས་རིགས་གཙོ་བོ་དང་ཚད་འབེབས་དམིགས་ཚད་དཔྱད་ཞིབ་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འདྲི་གཅོད་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།ད་ཐེངས་ཀྱི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས“གོང་འཕར་གཅིག་ཆག་གཉིས་ལེགས་གསུམ”གྱི་དམིགས་ཚད་དམ་པོར་བཟུང་སྟེ་འདྲི་གཅོད་འཁོར་སྐྱོད་ཀྱི་རྣམ་པ་རྒྱུན་གཏན་ཅན་གྱི་དབྱེ་ཞིབ་ཞིབ་འཇུགདཔྱད་མཚམས་བཏང་ནས་དཀའ་གནད་སེལ་བ་དང་ཞན་ཆ་གསབ་རྒྱུ་དེ་ཁྲིམས་ཁང་གི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་གནད་སྒྲོལ་ས་ཞིག་ཏུ་བརྩིས་ཡོད།གསུམ་ནི་དམངས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་རྫོང་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ཁྲིམས་འཛིན་གྱི་སྤྱི་པའི་ཡིད་རྟོན་ཆེ་རུ་གཏོང་དགོས།འདྲི་གཅོད་ལག་བསྟར་ལས་དོན་གྱི་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་ནས་ཁྲིམས་འཛིན་གྱོད་གཞི་ཐག་གཅོད་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།བདེ་འཇགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་མཉམ་འདྲེས་དང་འབྲེལ་མཐུད་གཅིག་གྱུར་འཆར་འགོད་དམ་འཛིན་བྱ་དགོས། གཅིག་འཐུས་རྣམ་པའི་སྣ་མང་རྩོད་གཞི་ཐག་གཅོད་ལམ་སྲོལ་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་དམིགས་འབེན་ལ་དམིགས་ཏེ་གྱོད་གཞི་ཐག་གཅོད་བྱེད་པའི་ཁྲིམས་དང་གནས་ལུགས་མཉམ་འདྲེས་དམ་ཚགས་ཡོང་བར་སྐུལ་འདེད་བཏང་ནས་ཁྲིམས་འཛིན་འདྲི་གཅོད་བྱས་པ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
审核|| 嘎松尼玛
ཞིབ་འབེབས། སྐལ་བཟང་ཉི་མ།
审稿|| 阮诗玉 周驰
ཞུ་དག་པ། རང་ཧྲུ་ཡུས། ཀྲའུ་ཁྲི།
责任编辑 翻译|| 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར། བློ་བཟང་ཆོས་འཛོམས།