丁青县人民法院“外科手术式”精准普法和“订单式”精准普法活动走进乡镇

民生   2024-03-07 20:03   西藏  

丁青县人民法院“外科手术式”精准普法和“订单式”精准普法活动走进乡镇

སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཕྱི་ནད་གཤགས་བཅོས་རྣམ་པའི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་དང་མངག་ཐོ་རྣམ་པའི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་ཤང་གྲོང་དུ་སྤེལ།

      202435日以来,丁青出现低温极寒天气,大雪纷飞,为增强群众的法治观念,根据昌都市中级人民法院“订单式”精准普法和县委、县政府“外科手术式”普法部署要求,丁青法院法院联合县司法局、县检察院等相关部门,由我院党组书记、院长嘎松尼玛同志带领三名干警为群众送上了一场雪天“不打烊”的普法服务,陆续在甘岩乡、木塔乡、布塔乡、尺牍镇、色扎乡、丁青镇、协雄乡、觉恩乡等8个乡镇,开展“外科手术式”普法和“订单式”精准普法活动。

 ༢༠༢༤ལོའི་ཟླ་༣ཚེས་༥ཉིན་ནས་བཟུང་།སྟེང་ཆེན་དུ་དྲོད་ཚད་དམའ་བའི་གནམ་གཤིས་བསྟན་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་ཆེད།ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མངགས་ཐོ་རྣམ་པའི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་དང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཕྱི་ནད་་གཤགས་བཅོས་རྣམ་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།སྟེང་ཆེན་ཁྲིམས་ཁང་གིས་རྫོང་ཁྲིམས་འཛིན་ཅུས་དང་རྫོང་ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་ངེད་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡོན་ཀྲང་བློ་མཐུན་སྐལ་བཟང་ཉི་མས་ལས་བྱེད་ཉེན་རྟོག་པ་གསུམ་ཁྲིད་དེ་མང་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་བཏང་བ་དང་། རིམ་བཞིན་ག་ངན་ཤང།དམུ་ཐ་ཤང་།འབོར་ཐ་ཤང།ཁྲི་རྡོ་གྲོང་རྡལ།སེར་རྩ་ཤང།སྟེང་ཆེན་གྲོང་རྡལ།ཞེ་ཞུང་ཤང།གྲང་སྔོན་ཤང་སོགས་ཤང་དང་གྲོང་རྡལ་༨དུ་ཕྱི་ནད་གཤགས་བཅོས་རྣམ་པའི་གནད་སྨིན་བཅའ་ཁྲིམས་ཁྱབ་གདལ་དང་མངག་ཐོ་རྣམ་པའི་གནད་སྨིན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད།

   为精准回应群众关切,丁青县人民法院采用“外科手术式”普法和“订单式”精准普法方式,提前委托乡镇干部征集党员、群众感兴趣的法律问题及相关宣讲需求,共计征求到需求清单13条,真正做到“民有所呼,我有所应”。

  མང་ཚོགས་ཀྱི་དོ་ཁུར་ལ་གནད་སྨིན་ལན་འདེབས་ཆེད།སྟེག་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཕྱི་ནད་གཤགས་བཅོས་རྣམ་པའི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་དང་མངག་རྣམ་པའི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་ཐབས་སྤྱད་དེ་སྔོན་ཚུད་ནས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པར་མངགས་བཅོལ་བྱས་ཏེ་ཏང་ཡོན་དང་མང་ཚོགས་ཀྱིས་ཆེས་དོ་འཁུར་ཆེ་ཤོས་ཀྱི་བཅའ་ཁྲིམས་ཀྱི་གནད་དོན་དང་དེ་བཞིན་འབྲེལ་ཡོད་སྒྲོག་འགྲེལ་གྱི་དགོས་མཁོ་བསྡུ་ལེན་བྱས་ནས་ཁྱོན་དགོས་མཁོའི་གསལ་ཐོ་13བསྡུ་ལེན་བྱས་ནས་དམངས་ལ་རེ་འབོད་ཡོད་ཚེ་ང་ལ་ཨ་ལན་ཡོད་པའི་་རྣམ་པ་གསལ།

   在活动中,宣讲干警针对当地实际和群众普遍关心的问题,用通俗易懂的语言,深入浅出地宣传社会治安、宅基地纠纷、家庭婚姻、资源纠纷、未成年人保护、防范电信网络诈骗、土地边界等与群众生产生活密切相关的法律法规和政策知识,引导群众依法依规行使权利、履行义务,切实通过法律途径解决矛盾纠纷,维护自身合法权益,促进社会和谐稳定。

   བྱེད་སྒོ་སྤེལ་རིང་ལས་བྱེད་ཉེན་རྟོག་པས་ས་གནས་དེ་གའི་དོན་དངོས་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ་སྤྱི་ཚོགས་ཀྱི་བདེ་འཇགས་དང་།ཁང་སའི་རྩོད་གཞི།ཁྱིམ་ཚང་གི་གཉེན་སྒྲིག་ཐོན་ཁུངས་རྩོད་གཞི།ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་།གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ།ས་ཞིང་གི་མཐའ་མཚམས་སོགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་དབང་སྤྱོད་པ་དང་འོས་འགན་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་བཅའ་ཁྲིམས་ཀྱི་ཐབས་ལམ་ཐོག་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཏན་ཏིག་བྱས་ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

  此次宣传活动覆盖了丁青县8个乡镇,受教育群众3200余人,共发放法律宣传资料500余份,答复现场咨询25余次,行程约2000公里。下一步工作中,我院将继续创新普法方式,推动普法宣传教育活动从“有形”向“有效”转变。

  ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་དེ་སྟེང་ཆེན་རྫོང་གི་ཤང་གྲོང་༨ལ་ཁྱབ་པ་དང་།སློབ་གསོ་དང་ལེན་བྱེད་མཁན་མང་ཚོགས་༡༢༠༠ལྷག་ཙམ་ཟིན་པ།བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་༥༠༠ལྷག་ཙམ་སྤྲད་པ།ས་གནས་ས་ཐོག་ཏུ་བློ་འདྲི་ཐེངས་༢༥ལྷག་ཙམ་བྱས་པ་མ་ཟད་ལམ་ཐག་སྤྱི་ལེ་༢༠༠༠ལྷག་ཙམ་བསྐྱོད་པ་རེད།གོམ་སྟབས་རྗེས་མའི་ལས་དོན་ཁྲོད་མི་མཐུད་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་མུ་མཐུད་གསར་གཏོད་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་མངོན་གསལ་ནས་ནུས་ལྡན་ཅན་ལ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་འབད།

审核||      嘎松尼玛

ཞིབ་འབེབས།     སྐལ་བཟང་ཉི་མ།

审稿||    恩登曲培   周驰    

         ཞུ་དག་པ།     ངེས་དོན་ཆོས་འཕེལ།   ཀྲའུ་ཁྲི།        

责任编辑   翻译||   洛桑曲宗     

རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར།   བློ་བཟང་ཆོས་འཛོམས།

丁青县人民法院
发布本院司法信息及工作开展情况
 最新文章