丁青法院春季行动保障民众利益——虫草采集前期专项集中执行
སྟེང་ཆེན་ཁྲིམས་ཁང་གིས་དཔྱིད་དུས་ཀྱི་བྱ་སྤྱོད་སྤེལ་ནས་དམངས་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱེད་པ།རྩྭ་འབུ་འཚོལ་བསྡུ་བྱེད་པའི་དུས་འགོའི་ཆེད་དོན་གཅིག་སྡུད་ལག་བསྟར་བྱེད་པ།
在虫草采集季节来临之际,丁青县人民法院执行局精心策划并实施了一项特别行动。这次行动主要针对本地区未执行的案件,并利用虫草采集前的关键时期进行集中处理。
རྩྭ་འབུ་འཚོལ་བསྡུ་བྱེད་པའི་དུས་ཚིགས་སླེབས་པའི་སྐབས་སུ་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་དམིགས་ བསལ་གྱི་བྱ་སྤྱོད་ཅིག་ཇུས་འགོད་ཞིབ་ཚགས་བྱས་པ་དང་འབྲེལ་ལག་བསྟར་ཡང་བྱས་པ་རེད། ད་ཐེངས་ཀྱི་བྱ་སྤྱོད་དེ་གཙོ་བོ་ས་ཁུལ་དེ་གའི་ལག་བསྟར་བྱས་མེད་པའི་གྱོད་གཞིར་དམིགས་པ་དང་འབྲེལ་རྩྭ་འབུ་མ་འཚོལ་བསྡུ་གོང་གི་འགག་རྩའི་དུས་སྐབས་སྤྱད་དེ་གཅིག་སྡུད་ཐོག་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
此次行动分为南北两线,通过查询、搜查、扣押、拘传、拘留等多种强制措施,深入被执行人所在的村庄和社区,对200多个执行案件进行了排查,并为后续的执行工作做好了充分准备。最终,成功执行到位金额超过20万元,拘留了1名被执行人,恢复了8件已终本的案件,完成了6件案件的执行,另外5件达成了执行和解。这一系列成果不仅彰显了法律的效果,也赢得了社会的广泛认可,有效维护了司法的权威。
ད་ཐེངས་ཀྱི་བྱ་སྤྱོད་དེ་ལྷོ་བྱང་གཉིས་སུ་དབྱེ་ནས་འདྲི་རྩད་དང་།སྔོག་བཤེར་།བཀག་ཉར།བཀག་ཉར་སོགས་བཙན་ཤེད་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ལག་བསྟར་བྱ་ཡུལ་གྱི་མི་གནས་སའི་གྲོང་ཚོ་དང་སྡེ་ཁུལ་དུ་ཟབ་འཇུག་བྱས་ནས་ལག་བསྟར་གྱོད་གཞི་༢༠༠ལྷག་ཙམ་ལ་ཞིབ་བཤེར་བྱས་པ་རེད། རྗེས་མཐུད་ཀྱི་ལག་བསྟར་ལས་དོན་ལ་གྲ་སྒྲིག་གང་ལེགས་ཀྱང་བྱས་ཡོད། མཐར་ལག་བསྟར་བྱས་འཐུས་ཀྱི་དངུལ་གྲངས་སྒོར་ཁྲི་༢༠ལས་བརྒལ་ནས་ལག་བསྟར་བྱ་ཡུལ་༡བཀག་ཉར་བྱས་པ་དང་།མ་ཡིག་མཇུག་སྒྲིལ་ཟིན་པའི་གྱོད་གཞི་༨སླར་གསོ་བྱས་པ།གྱོད་གཞི་༦ལག་བསྟར་ལེགས་གྲུབ་ཟིན་པ་དང་།གཞན་ཡང་གྱོད་གཞི་༥ལག་བསྟར་འདུམ་འགྲིག་བྱུང་བ་རེད། གྲུབ་འབྲས་རབ་དང་རིམ་པ་དེ་དག་གིས་བཅའ་ཁྲིམས་ཀྱི་ཕན་འབྲས་མངོན་པ་མ་ཟད།སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ནས་ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
这是丁青法院借助西藏法院终本案件“回暖促执”专项活动的机会,加大对终本案件恢复执行的力度所取得的成绩。
དེ་ནི་སྟེང་་ཁྲིམས་ཁང་གིས་བོད་ལྗོངས་ཁྲིམས་ཁང་གི་མཐའ་མའི་གྱོད་གཞི་“དྲོ་གསོ་དང་ལག་བསྟར་སྐུལ་འདེད་”ཀྱི་ཆེད་དོན་བྱེད་སྒོའི་གོ་སྐབས་ལ་བརྟེན་ནས་མཐའ་མའི་གྱོད་གཞི་ལག་བསྟར་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོབ་པའི་གྲུབ་འབྲས་ཤིག་རེད།
下一步,丁青法院将继续保持对执行行动的高压态势,充分利用强制措施,确保执行工作的有效性和威慑力,切实解决人民群众的迫切问题,最大限度地保护申请执行人的合法权益。
གོམ་སྟབས་རྗེས་མར་སྟེང་ཆེན་ཁྲིམས་ཁང་གིས་ལག་བསྟར་བྱ་སྤྱོད་ལ་མུ་མཐུད་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་བཙན་ཤེད་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་ལག་བསྟར་ལས་དོན་གྱི་ཕན་ནུས་རང་བཞིན་དང་ཟིལ་ཤུགས་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ལག་བསྟར་རེ་ཞུ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།
审核|| 嘎松尼玛
ཞིབ་འབེབས། སྐལ་བཟང་ཉི་མ།
审稿|| 阮诗玉 周驰
ཞུ་དག་པ། རང་ཧྲུ་ཡུས། ཀྲའུ་ཁྲི།
责任编辑 翻译|| 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར། བློ་བཟང་ཆོས་འཛོམས།