丁青县人民法院召开天津市北辰区人民法院援藏干部见面座谈会
སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་མི་དམངས་ཁྲིམས་ཁང་གི་བོད་སྐྱོར་ལས་བྱེད་པ་ཐུག་འཕྲད་བཞུགས་མོལ་ཚོགས་འདུ་འཚོགས་པ།
2024年8月1日,丁青县人民法院召开天津市北辰区人民法院对口支援丁青县人民法院援藏干部见面座谈会。县委常务副书记、常务副县长、县委党校校长马博同志,昌都市中级人民法院党组成员、副院长陈云建同志,丁青县副县长兼县公安局局长、督察长徐万先同志参加会议。
༢༠༢༤ལོའི་ཟླ་༨ཚེས་༡ཉིན།སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་མི་དམངས་ཁྲིམས་ཁང་གི་ཁ་གཏད་རོགས་སྐྱོར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་བོད་སྐྱོར་ལས་བྱེད་པ་དང་ཐུག་འཕྲད་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།རྫོང་ཨུད་རྒྱུན་ཨུའི་ཧྲུའུ་ཅི་གཞོན་པ་རྒྱུན་ཨུད་རྫོང་དཔོན་གཞོན་པ།རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་བློ་མཐུན་མ་པོ་དང་།ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་ཡོན་ཀྲང་གཞོན་པ་བློ་མཐུན་ཁྲེན་ཡུན་ཅན།སྟེང་ཆེན་རྫོང་གི་རྫོང་དཔོན་གཞོན་པ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལྟ་ཞིབ་དཔོན་བློ་མཐུན་ཞུས་དབན་ཞན་བཅས་ཚོགས་འདུར་ཞུགས་པ་རེད།
会上,党组成员、副院长阮诗玉同志代表丁青县人民法院对天津北辰区人民法院的无私援助致以崇高敬意,对最高人民法院、区高级人民法院、市中级人民法院的大力支持表示衷心感谢,对天津北辰区人民法院援藏法官杨成鹏同志的到来表示热烈欢迎。
ཚོགས་འདུའི་ཐོག་ཏང་ཙུའུ་ཡི་ཁོངས་མི་ཡོན་ཀྲང་གཞོན་པ་བློ་མཐུན་རོན་ཧྲི་ཡུས་ཀྱིས་སྟེང་ཆེན་ཁྲིམས་ཁང་གི་ཚབ་ཞུས་ནས་ཐེན་ཅིན་པེ་ཁྲེན་ཁྲིམས་ཁང་གིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་བླ་ན་མེད་པའི་གུས་བཀུར་ཞུས་པ་དང་ཆེས་མཐོའི་ཁྲིམས་ཁང་དང་།ཆུས་མཐོ་རིམ་ཁྲིམས་ཁང་།གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད།ཐེན་ཅིན་པེ་ཁྲེན་ཁྲིམས་ཁང་གི་བོད་སྐྱོར་ཁྲིམས་དཔོན་བློ་མཐུན་དབྱང་ཧྥེ་ཕེང་ཕེབས་པར་དགའ་བསུ་ཞུས་པ་རེད།
马博同志对杨成鹏同志提出殷切希望和要求。他强调,对口援藏工作是一项重要而光荣的政治任务,希望杨成鹏同志尽快适应工作环境,以良好的精神状态、饱满的工作热情和精湛的业务素养全身心投身援藏工作,坚持以人民为中心的发展理念,厚植援藏情怀,发挥桥梁纽带作用,“要做好丁青事、先做丁青人”,积极融入丁青和法院工作,为丁青县人民法院脱薄向强和高质量发展作出应有贡献。
བློ་མཐུན་མ་པོ་ཡིས་བློ་མཐུན་དབྱང་ཧྥེ་ཕེང་ལ་རེ་བ་དང་བླང་བྱ་ནན་པོ་བཏོན་གནང་བ་རེད། ཁོང་གིས་ཁ་གཏད་བོད་སྐྱོར་ལས་དོན་ནི་གལ་འགངས་ཆེ་ལ་གཟི་བརྗིད་ལྡན་པའི་ཆབ་སྲིད་ལས་འགན་ཞིག་རེད།བློ་མཐུན་དབྱང་ཧྥེ་ཕེང་ལས་ཀའི་ཁོར་ཡུག་དང་གང་མགྱོགས་འཚམ་པར་བྱས་ཏེ་བསམ་བློའི་རྣམ་པ་བཟང་པོ་དང་།ལས་ཀའི་སྤྲོ་སེམས་རབ་ཏུ་འཕེལ་བ།ལས་སྒོའི་བྱང་ཚད་སྤུས་ལེགས་བཅས་ཀྱི་ཐོག་ནས་ལུས་སེམས་ཚང་མ་བོད་སྐྱོར་ལས་དོན་ནང་ཞུགས་པ་དང་།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བོད་སྐྱོར་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ།ཟམ་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ“སྟེང་ཆེན་་གི་བྱ་བ་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་བ་རེད།
陈云建同志对丁青县人民法院各方面的工作给予充分肯定,要求丁青县人民法院认真学习援藏法院先进经验做法,切实提高司法审判质效。他强调,长期以来天津北辰区人民法院坚决贯彻习近平总书记关于援藏工作的重要指示批示精神,始终站在政治和全局高度,在人才培养、基础设施等方面给予丁青县人民法院全方位、多领域、深层次的援助。这次北辰区人民法院派出一线法官援藏,力度之大尚属首次。丁青县人民法院要关心关怀援藏法官的工作和生活,帮助解决实际困难,全力保障援藏法官发挥指导帮扶作用,在增进津昌两地法院深情厚谊中提升审判工作质效。
བློ་མཐུན་ཁྲེན་ཡུན་ཅན་གྱིས་སྟེང་ཆེན་ཁྲིམས་ཁང་གི་ཕྱོགས་ཁག་གི་ལས་ཀའི་རེའུ་མིག་ལ་ཁས་ལེན་གང་ལེགས་གནང་བ་དང་སྟེང་ཆེན་་ཁྲིམས་ཁང་གིས་བོད་སྐྱོར་ཁྲིམས་ཁང་གི་སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་ནན་ཏན་བྱས་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོང་གིས་དུས་ཡུན་རིང་པོའི་ནང་ཐེན་ཅིན་པེ་ཁྲེན་ཁྲིམས་ཁང་གིས་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་སོགས་ཐད་སྟེང་ཆེན་ཁྲིམས་ཁང་ལ་ཕྱོགས་ཡོངས་དང་།ཁྱབ་ཁོངས་མང་པོ།གཏིང་ཟབ་བཅས་ཀྱི་རོགས་སྐྱོར་བྱས་ཡོད། ད་ཐེངས་པེ་ཁྲེང་ཁྲིམས་ཁང་གིས་འཐབ་ཕྱོགས་དང་པོའི་ཁྲིམས་དཔོན་བོད་རོགས་སྐྱོར་བྱེད་པར་བཏང་བ་དེ་ནི་ཐེངས་དང་པོ་ཡིན་པ་རེད།སྟེང་ཆེན་ཁྲིམས་ཁང་གིས་བོད་སྐྱོར་ཁྲིམས་དཔོན་གྱི་ལས་དོན་དང་འཚོ་བའི་ཁྲོད་ཐུགས་ཁུར་དང་རྒྱབ་བསྐྱོར་བྱས་ཏེ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ནས་བོད་སྐྱོར་ཁྲིམས་དཔོན་གྱིས་མཛུབ་ཁྲིད་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་ཐེན་ཅིན་དང་ཆབ་མདོ་ས་གནས་གཉིས་ཀྱི་ཁྲིམས་ཁང་གི་བརྩེ་སེམས་ཟབ་མོ་ཟབ་ཏུ་གཏོང་བའི་ཁྲོད་འདྲི་གཅོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།
杨成鹏同志表示,将不负重托、不辱使命,迅速转变角色,尽快适应环境,以高度的使命感责任心履职尽责,用心用情用力做好援藏工作,为推动丁青县人民法院工作高质量发展贡献智慧和汗水,以过硬的实绩实效交上一份满意答卷。
བློ་མཐུན་དབྱང་ཧྥེང་ཕིང་གིས་མངགས་བཅོལ་གྱི་ལས་ཀ་གང་མགྱོགས་ལས་་འགོ་བརྩམས་ནས་ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་སྒྲུབ་པ།སེམས་ཤུགས་ཀྱིས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ།སྟེང་ཆེན་་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་རྔུལ་ཆུ་ལེགས་སྐྱེས་སུ་ཕུལ་ནས་གྲུབ་འབྲས་དངོས་ཀྱི་ཐོག་ནས་བློ་ཡིད་ཚིམ་པའི་འདེབས་ཤོག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་སྒྲུབ་པ།སེམས་ཤུགས་ཀྱིས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་གྲུབ་འབྲས་དངོས་ཀྱི་ཐོག་ནས་བློ་ཡིད་ཚིམས་པའི་འདེབས་ཤོག་ཅིག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
丁青县人民法院将切实把握援藏法官就近指导帮助的难得机遇,在感恩奋进,持续加强与援藏法院的沟通联系,积极主动向援藏法院、援藏干部“取经”,认真学习内地法院先进经验,通过业务上的常联系、情感上的常沟通,推动丁青法院各项工作高质量发展,胜利实现脱薄目标,以更加优异的司法审判成绩回报对口援藏法院的无私援助。
ནང་སའི་ཁྲིམས་ཁང་གི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་ནན་ཏན་བྱེད་པ།ལས་སྒོའི་ཐད་རྒྱུན་དུ་འབྲེལ་གཏུག་དང་བརྩེ་དུང་ཐད་རྒྱུན་དུ་འབྲེལ་གཏུག་བྱེད་པ་བརྒྱུད་སྟེང་ཆེན་ཁྲིམས་ཁང་གི་ལས་དོན་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དཀའ་ངལ་ལས་སྒྲོལ་བའི་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཡོང་བ་བྱས་ཏེ་དེ་བས་ཕུལ་དུ་བྱུང་བའི་ཁྲིམས་འཛིན་འདྲི་གཅོད་གྲུབ་འབྲས་ལ་བརྟེན་ནས་ཁ་གཏད་བོད་སྐྱོར་ཁྲིམས་ཁང་གི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།
审核|| 嘎松尼玛
ཞིབ་འབེབས། སྐལ་བཟང་ཉི་མ།
审稿|| 阮诗玉 周驰
ཞུ་དག་པ། རང་ཧྲུ་ཡུས། ཀྲའུ་ཁྲི།
责任编辑 翻译|| 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར། བློ་བཟང་ཆོས་འཛོམས།