丁青县人民法院公开开庭审理聚众斗殴案,法官现场开讲法治课
སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་པའི་གྱོད་གཞིར་ཞིབ་གཅོད་བྱས་པ་དང་མ་ཟད་ཁྲིམས་དཔོན་གྱིས་ས་གནས་ས་ཐོག་ཏུ་ཁྲིམས་ལུགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
10月16日,丁青县人民法院依法公开审理了一起聚众斗殴案件,当庭宣判15名被告人犯聚众斗殴罪,依法判处有期徒刑三年、有期徒刑二年,缓刑三年、有期徒刑一年,缓刑二年不等的刑罚。
ཟླ་༡༠པའི་ཚེས་༡༦ཉིན།སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་པའི་གྱོད་གཞི་ཞིག་ཡོངས་བསྒྲགས་སུ་ཞིབ་གཅོད་བྱས་པ་དང་།ཁྲིམས་རར་ཞུ་གཏུག་འཁེལ་མི་༡༥ལ་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་པའི་ཉེས་པ་ཁྱབ་བསྒྲགས་བྱས་པ་དང་།ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་གསུམ་དང་དུས་བཀག་བཙོན་འཇུག་ལོ་གཉིས་དང་།ཁྲིམས་ཆད་ཕྱིར་འགྱངས་ལོ་གསུམ་དང་དུས་བཀག་བཙོན་འཇུག་ལོ་གཅིག་ཁྲིམས་ཆད་ཕྱིར་འགྱངས་ལོ་གཉིས་བཅས་ཀྱི་ཉེས་ཆད་བཅད་པ་རེད།
༢༠༢༣ལོའི་ཟླ་༢ཚེས་༢༥ཉིན་སྐྱེ་ཁུངས་སྟེང་ཆེན་རྫོང་གི་ཞུ་སྦྱོར་ཕྱི་མ་དཀོན་ག་གེ་མོ་སོགས་མི་༧དང་སྐྱེ་ཁུངས་སྦྲ་ཆེན་རྫོང་གི་ཞུ་སྦྱོར་ཕྱི་མ་བཟང་ག་གེ་མོ་སོགས་མི་༨ཀྱིས་གྲོང་ཚོ་དེ་གཉིས་སུ་ཡུན་རིང་གནས་པའི་རྩོད་གཞིའི་ས་མཚམས་སུ་ལྕགས་དྲ་བཤིག་པ་དང་དེ་བཞིན་གྲོང་ཚོ་ཁག་གིས་ས་བབ་ལེགས་པོ་བཟུང་བའི་ཕྱོགས་གཉིས་པོའི་དབར་རྩོད་གཞི་ཐོན་པ་དང་།དེ་རྗེས་ཕྱོགས་གཉིས་པོས་ལྕགས་དབྱུག་དང་།གྲི།ལྕགས་རྩིབས་སོགས་ལག་ཆ་འཁྱེར་ནས་རྒྱག་རེས་བརྒྱབ་པ་རེད།
本次庭审由丁青县政法委同巴青县政法委组织两县70余名群众进行了庭审旁听,起到了鲜活的案例警示教育作用,并由丁青县公安局有力协助,公安、法院高效联动,30名公安干警和我院司法警察干警密切配合,确保了整个庭审过程安全有序进行。
ད་ཐེངས་ཀྱི་ཁྲིམས་སའི་འདྲི་གཅོད་དེ་སྟེང་ཆེན་རྫོང་སྲིད་ཁྲིམས་ཨུ་ལྷན་དང་སྦྲ་ཆེན་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས་རྫོང་གཉིས་ཀྱི་མང་ཚོགས་༧༠ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཁྲིམས་སའི་འདྲི་གཅོད་ཀྱི་ཟུར་ཉན་བྱས་པ་དང་གྱོད་དཔེ་གསོན་པོའི་ཉེན་ཟོན་སློབ་གསོའི་ནུས་པ་ཐོན་པ་མ་ཟད།སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་གཞོགས་འདེགས་ནུས་ལྡན་དང་།སྤྱི་བདེ་དང་ཁྲིམས་ཁང་གིས་ཕན་ཆེའི་མཉམ་འགུལ།སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་༣༠དང་རང་རེའི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་ལས་བྱེད་ཉེན་རྟོག་པ་༣༠དབར་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ཁྲིམས་སའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།
庭审结束后,审判长和公诉人针对依法打击聚众斗殴此类案件的法制宣传,以众人认识到聚众斗殴行为的法律后果。取得了预防和惩罚犯罪的双重效果。
ཁྲིམས་སའི་འདྲི་གཅོད་མཇུག་སྒྲིལ་རྗེས།འདྲི་གཅོད་པ་དང་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་མཁན་གྱིས་ཁྲིམས་ལྟར་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་པའི་གྱོད་དོན་དེ་རིགས་ལ་རྡུང་རྡེག་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་ལ་དམིགས་ནས།མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་པའི་བྱ་སྤྱོད་ཀྱི་བཅའ་ཁྲིམས་མཇུག་འབྲས་ལ་ངོས་འཛིན་བྱེད་དགོས།ཉེས་གསོག་སྔོན་འགོག་དང་དེར་ཉེས་ཆད་གཅོད་པའི་ཐད་ཕན་འབྲས་ཉིས་བརྩེགས་ཐོན་ཡོད།
法条链接
《中华人民共和国刑法》第二百九十二条 【聚众斗殴罪】聚众斗殴的,对首要分子和其他积极参加的,处三年以下有期徒刑、拘役或者管制;有下列情形之一的,对首要分子和其他积极参加的,处三年以上十年以下有期徒刑:
(一)多次聚众斗殴的;
(二)聚众斗殴人数多,规模大,社会影响恶劣的;
(三)在公共场所或者交通要道聚众斗殴,造成社会秩序严重混乱的;
(四)持械聚众斗殴的。
聚众斗殴,致人重伤、死亡的,依照本法第二百三十四条、第二百三十二条的规定定罪处罚。
ཁྲིམས་སྲོལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་ཉིས་བརྒྱ་གོ་གཉིས་པ།"མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་པའི་བྱས་ཉེས།"མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་མཁན་ཉེས་ཅན་གཏེ་པོ་དང་དེར་ཧུར་ཐག་ཞུགས་མཁན་གཞན་དག་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་།གཤམ་གསལ་གནས་ཚུལ་ལས་གཅིག་ཡོད་པའི་ཉེས་ཅན་གཏེ་པོ་དང་དེར་ཧུར་ཐག་ཞུགས་མཁན་གཞན་དག་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་སྟེ།(གཅིག)མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་ཐེངས་མང་བརྒྱབ་པ་དང་།(གཉིས།)མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་མཁན་མི་གྲངས་མང་ལ་གཞི་ཁྱོན་ཆེ་བ་དང་།སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཏང་བའི་རིགས།(གསུམ།)མི་མང་འདུ་འཛོམས་བྱ་ཡུལ་ལམ་འགྲིམ་འགྲུལ་གྱི་འགག་མདོར་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་ཆེན་པོ་བཟོས་རིགས།(བཞི།)མཚོན་ཆ་ཐོགས་ནས་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་རིགས་བཅས་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་མི་བསད་པའི་རིགས་ལ་ཉེས་ཁྲིམས་འདིའི་དོན་ཚན་ཉིས་བརྒྱ་སོ་བཞི་པ་དང་དོན་ཚན་ཉིས་བརྒྱ་སོ་གཉིས་པའི་གཏན་འབེབས་ལྟར་བྱས་ཉེས་གཏན་ཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ་རེད།
审核|| 嘎松尼玛
ཞིབ་འབེབས། སྐལ་བཟང་ཉི་མ།
审稿|| 阮诗玉 周驰
ཞུ་དག་པ། རང་ཧྲུ་ཡུས། ཀྲའུ་ཁྲི།
责任编辑 翻译|| 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར། བློ་བཟང་ཆོས་འཛོམས།