丁青法院线上“云开庭”助力司法服务“不打烊”
སྟེང་ཆེན་ཁྲིམས་ཁང་དྲ་ཐོག་ནས“ཚན་རྩལ་ཁྲིམས་ར་འཚོགས་ནས”“ཁྲིམས་འཛིན་ཞབས་ཞུའི”ལས་དོན་ལ་སྐུལ་འདེད་བཏང་བ།
疫情当前,大多数法官开启了“云办公”模式。虽不能当面接待当事人,但公平正义不会因此打一丝折扣。不管是线上办案还是电话调解,为当事人提供优质的司法服务是不变的追求。9月19日,丁青县法院在做好疫情防控工作的同时,通过“云法庭”线上调解系统,成功调解了一起买卖合同纠纷。
ནད་ཡམས་ཁྲོད། ཁྲིམས་དཔོན་མང་ཆེ་བས“ཚན་རྩལ་ལམ་ནས་གཞུང་དོན་སྒྲུབ་པའི”རྣམ་པ་བཏོད་ཡོད། དོ་བདག་ལ་ཐད་ཀར་སྣེ་ལེན་བྱེད་མི་ཐུབ་མོད།འོན་ཀྱང་དྲང་སྙོམས་དྲང་བདེན་གྱིས་དེའི་རྐྱེན་གྱིས་རིན་གོང་མར་གཅོག་མི་སྲིད། དྲ་ཐོག་ནས་གྱོད་ཞིབ་བྱས་པའམ་ཡང་ན་ཁ་པར་ཐོག་ནས་འདུམ་འགྲིག་བྱས་ནའང་འདྲ།དོ་བདག་ལ་ཁྲིམས་འཛིན་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱ་རྒྱུ་ནི་འགྱུར་བ་མེད་པའི་དོན་གཉེར་ཞིག་ཡིན། ཟླ་༩ཚེས་༡༩ཉིན།སྟེང་ཆེན་རྫོང་ཁྲིམས་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་དུས་མཚུངས“ཚན་རྩལ་ཁྲིམས་ཁངས”ཀྱི་དྲ་ཐོག་འདུམ་འགྲིག་མ་ལག་བརྒྱུད་ཉོ་ཚོང་གན་རྒྱའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ་རེད།
【案件来源】2019年至2021年10月17日期间被告多次以赊账方式从原告处拿货共计94000元,并出具欠条约定每月支付4000元,但被告只向原告支付了4000元,剩余货款90000元再未支付过。故原告王某将被告久某诸诉法院,要求维护其合法权益。
༢༠༡༩ལོ་ནས་༢༠༡༢ལོའི་ཟླ་༡༠ཚེས་༡༧ཉིན་བར་ཞུ་སྦྱོར་ཕྱི་མས་ཐེངས་མང་པོར་ཟོག་རིན་ཆད་འཇོག་གི་ཐབས་ལ་བརྟེན་ནས་ཞུ་སྦྱོར་སྔ་མར་ཁྱོན་སྒོར་༩༤༠༠༠ལེན་དུ་བཅུག་པ་མ་ཟད།ཆད་ཡིག་བྲིས་ནས་ཟླ་རེར་སྒོར་༤༠༠༠སྤྲོད་རྒྱུའི་ཁ་ཆད་བྱས་མོད།འོན་ཀྱང་ཞུ་སྦྱོར་ཕྱི་མས་ཞུ་སྦྱོར་སྔ་མར་སྒོར་༤༠༠༠སྤྲད་པ་ལས་ལྷག་པའི་དངུལ་ཡང་སྤྲོད་མ་མྱོང་། དེར་བརྟེན་ཞུ་སྦྱོར་སྔ་མ་ཝང་ག་གེ་མོས་ཞུ་སྦྱོར་ཕྱི་མ་འགྱུར་ག་ག་ེམོ་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་མ་ཟད་ཁོང་གི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།
【案件审理】经本院主持调解,最终双方达成了买卖合同款于2022年12月31日之前一次给付完毕的协议,最终该案件得以圆满解决。
འདི་ག་ཁྲིམས་ཁང་གིས་འདུམ་འགྲིག་གི་འགོ་འཛིན་བྱས་པ་བརྒྱུད་མཐར་ཕྱོགས་གཉིས་པོས་ཉོ་ཚོང་གན་རྒྱའི་དངུལ་གྱི་ལོ་མཇུག་ཏུ་ཟླ་༡༢ཚེས་༣༡ཉིན་གོང་ཐེངས་གཅིག་ལ་སྤྲད་ཚར་བའི་འདུམ་འགྲིག་བྱས་ནས་མཐར་གྱོད་གཞི་དེ་བདེ་བླག་ངང་ཐག་གཅོད་བྱས་པ་རེད།
【释法析理】调解有利于提高法院工作效率,将调解贯穿于诉讼全过程,可以较大地提高审判工作效率,实现案件的繁简分流,有利于法院资源的合理分配,有利于达到良好的社会效果,保证社会稳定。
བར་འདུམ་བྱས་ན་ཁྲིམས་ཁང་གི་བྱ་བའི་ལས་ཆོད་ཇེ་མཐོར་གཏོང་བར་ཕན་པ་དང་།ཞིབ་གཅོད་མ་བྱས་གོང་གི་བར་འདུམ་དང་སྟབས་བདེའི་གོ་རིམ་ཁྲོད་ཀྱི་བར་འདུམ་ཟུང་འབྲེལ་བྱས་ཏེ།ཅུང་སྒོ་ནས་འདྲི་གཅོད་བྱ་བའི་ལས་ཆོད་མཐོར་འདེགས་དང་།གྱོད་དོན་གྱི་སླ་བསྡུས་ཁག་བགོས་མངོན་འགྱུར།ཁྲིམས་ཁང་གི་ཐོན་ཁུངས་ལུགས་མཐུན་གྱིས་བགོ་བཤའ་རྒྱག་པར་ཕན་པ།སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོན་པར་ཕན་པ།སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཁག་ཐེག་བྱེད་པ་བཅས་ལ་ཕན་པ་ཡོད།
审核|| 卓 玛
ཞིབ་འབེབས། སྒྲོལ་མ།
审稿||恩登曲培 屈勇多吉
ཞུ་དག་པ།ངེས་དོན་ཆོས་འཕེལ། ཆོས་དབྱངས་རྡོ་རྗེ།
责任编辑 周 驰
རྩོམ་སྒྲིག། ཀྲའུ་ཁྲི།
翻译 洛桑曲宗
ཡིག་སྒྱུར། བློ་བཟང་ཆོས་འཛོམས།