丁青县人民法院党组理论学习中心组开展习近平法治思想专题学习
སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་ཞི་ཅིན་ཕིང་ཁྲིམས་སྐྱོང་བསམ་བློའི་ཆེད་དོན་སློབ་སྦྱོང་བྱས་པ་རེད།
11月8日下午,丁青县人民法院开展党组理论学习中心组2024年第10次集中学习。此次学习的主题是:深入学习领会习近平法治思想,更好地用习近平法治思想推动审判工作现代化。院党组书记、院长嘎松尼玛主持学习并提出工作要求
ཟླ་༡༡ཚེས་༨ཉིན་གྱི་ཕྱི་དྲོར།སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་༢༠༢༤ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་༡༠པ་བྱས་པ་རེད། ད་ཐེངས་སློབ་སྦྱོང་གི་བརྗོད་དོན་གཙོ་བོ་ནི་ཞི་ཅིན་ཕིང་ཁྲིམས་སྐྱོང་གི་བསམ་བློ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཁྲིམས་སྐྱོང་གི་བསམ་བློར་ལ་བརྟེན་ནས་འདྲི་གཅོད་ལས་དོན་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།ངེད་ཁང་གི་ཏང་ཙུའི་ཧྲུའུ་ཅི།ཡོན་ཀྲང་སྐལ་བཟང་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ལས་ཀའི་བླང་བྱ་ཡང་བཏོན་གནང་བ་རེད།
会议传达学习习近平对社会工作作出重要指示、深入贯彻习近平法治思想,奋力推动行政审判工作高质量发展等内容,会后,与会人员集体观看了由北京市委党校(北京行政学院)教授吕廷君讲授的《习近平法治思想概论》普法宣传课堂视频教学第一讲“习近平法治思想的核心要义”。
ཚོགས་འདུའི་ཐོག་སྤྱི་ཚོགས་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།ཞི་ཅིན་ཕིང་ཁྲིམས་སྐྱོང་བསམ་བློ་ལག་བསྟར་གཏིང་ཟབ་བྱས་པ།སྲིད་འཛིན་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་སོགས་ཀྱི་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།མ་ཟད་ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་མི་སྣས་པེ་ཅིང་གྲོང་ཨུད་ཏང་གི་སློབ་གྲྭའི(པེ་ཅིང་སྲིད་འཛིན་སློབ་གླིང)དགེ་རྒན་ཆེ་མོ་བ་ལུའི་ཐིང་ཅུན་གྱིས་འཆད་ཁྲིད་བྱས་པའི《ཁྲིམས་སྐྱོང་བསམ་བློའི་རགས་བཤད》ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་ཚན་གྱི་འཆད་ཁྲིད་དང་པོའི“ཁྲིམས་སྐྱོང་བསམ་བློའི་དོན་སྙིང་གཙོ་བོར”ཐུན་མོང་ཐོག་བལྟས་པ་རེད།
学习指出:习近平法治思想作为习近平新时代中国特色社会主义思想的重要组成部分,是在法治领域坚持“两个结合”的光辉典范,是新时代法院干警思想上的“定盘星”、行动上的“指南针”。
སློབ་སྦྱོང་ནང་དོན།ཞི་ཅིན་ཕིང་ཁྲིམས་སྐྱོང་གི་བསམ་བློ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས།ཁྲིམས་སྐྱོང་ཁྱབ་ཁོངས་སུ“ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱེད་པའི་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་དང་།དུས་རབས་གསར་པའི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་བསམ་བློའི་ཐོག“མཛུབ་སྟོན་འཁོར་ལོ་ཞིག”དང་བྱ་སྤྱོད་ཐད“ཕྱོགས་སྟོན་འཁོར་ལོ་ཞིག”རེད།
学习要求:全院干警要学深悟透习近平法治思想中饱含的人民情怀,践行司法为民,要聚焦新法律法规、司法解释、司法政策以及新型、疑难、复杂案件,及时开展务实管用的专题培训,提升干警基本能力,不断适应人民群众需要新变化,切实解决人民群众的急难愁盼问题,让人民群众有更多、更直接、更实在的获得感、幸福感、安全感。
སློབ་སྦྱོང་གི་བླང་བྱ་ནི།ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པས་ཞི་ཅིན་ཕིང་ཁྲིམས་སྐྱོང་གི་བསམ་བློའི་ནང་ཚུད་པའི་མི་དམངས་ཀྱི་བརྩེ་སེམས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དམངས་ཆེད་ཁྲིམས་འཛིན་ལག་ལེན་བསྟར་བ་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ་གསར་པ་།ཁྲིམས་འཛིན་འགྲེལ་བཤད།ཁྲིམས་འཛིན་སྲིད་ཇུས་བཅས་དང་དེ་བཞིན་དཔེ་གསར་དང་།དཀའ་གནད།རྙོག་འཛིང་ཆེ་བ་བཅས་ཀྱི་གྱོད་གཞིར་དམིགས་ནས་དུས་ཐོག་ཏུ་དངོས་གཉེར་གོ་ཆོད་ཀྱི་ཆེད་དོན་གསོ་སྦྱོང་བྱས་ཏེ་ལས་བྱེད་ཉེན་རྟོག་པའི་གཞི་རྩའི་ནུས་པ་ཆེ་རུ་གཏོང་དགོས།མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འགྱུར་ལྡོག་གསར་པ་ཟམ་མི་ཆད་པར་འཚམ་པར་བྱེད་དགོས་པ།མི་དམངས་མང་ཚོགས་ཀྱི་དཀའ་བྲེལ་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་དྲོ་སྐྱིད་སྔར་ལས་ཟབ་པར་ཐད་འབད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
学习强调:全院干警要学深悟透习近平法治思想中明确的路径任务,践行责任担当,要坚持以习近平法治思想为指导,时时处处用“十一个坚持”对照、审视工作,牢牢把握维护国家安全和社会稳定这一首要任务,牢牢把握服务高质量发展这一重大职责,牢牢把握“公正与效率”这一工作主题,持续深入开展“案件质量提升三年行动”,着力提升“法答网”、人民法院案例库等资源运用能力,多措并举,全力推动法院工作高质量发展,努力为谱写好中国式现代化丁青篇章提供有力司法服务和保障。
སློབ་སྦྱོང་ནན་བཤད་གནད་དོན།ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པས་ཞི་ཅིན་ཕིང་ཁྲིམས་སྐྱོང་གི་བསམ་བློའི་ནང་ཁ་གསལ་བཟོས་པའི་ཐབས་ལམ་དང་ལས་འགན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ།འགན་འཁྲི་འཁུར་ཕོད་བྱེད་པ།ཞི་ཅིན་ཕིང་ཁྲིམས་སྐྱོང་གི་བསམ་བློ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།དུས་དང་རྣམ་པ་ཀུན་ཏུ“མཐའ་འཁྱོངས་བཅུ་གཅིག”ལ་ལྟ་སྡུར་དང་ལས་དོན་ལ་ཞིབ་ལྟ་བྱེད་པ།རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་ཨང་དང་པོ་དེ་ཁོང་དུ་བརྟན་པོ་ཆུད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་དེ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། “གཞུང་དྲང་དང་ལས་ཕྱོད”ཀྱི་ལས་དོན་གྱི་བརྗོད་བྱ་གཙོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ“གྱོད་གཞིའི་སྤུས་ཚད་མཐོར་གཏོང་གི་ལོ་གསུམ་བྱ་སྤྱོད”རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ་དང་།“ཁྲིམས་ལན་དྲ་བ”དང་མི་དམངས་ཁྲིམས་ཁང་གི་གྱོད་དཔེ་དཔེའི་མཛོད་སོགས་ཐོན་ཁུངས་བེད་སྤྱོད་ནུས་པ་ཆེ་རུ་གཏོང་བ།བྱ་ཐབས་མང་པོ་མཉམ་དུ་སྤྱད་ནས་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་དེང་རབས་ཅན་གྱི་སྟེང་ཆེན་ལེའུ་ཡག་པོ་རྩོམ་རྒྱུར་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་ནུས་ལྡན་མཁོ་འདོན་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
来源:丁青县人民法院政治部
འབྱུང་ཁུངས། སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ།
编辑(初审): 洛桑曲宗
རྩོམ་སྒྲིག་འགན་ཁུར་དང་ཐོག་ཞིབ། བློ་བཟང་ཆོས་འཛོམས།
复审 :周驰
བསྐྱར་ཞིབ། ཀྲའུ་ཁྲི།
终审:嘎松尼玛
མཐའ་ཞིབ། སྐལ་བཟང་ཉི་མ།