你若欠薪,我必亮剑!

民生   2024-06-14 18:16   西藏  


你若欠薪,我必亮剑!

གལ་ཏེ་གླ་ཕོགས་ཆད་ན། རྩ་གཅོད་ནན་པོ་བྱ།

   近日,我院执行局依法执结一起拖欠农民工工资案件,切实保障了农民工的合法权益,赢得了当事人的一致好评。

  ཉེ་ཆར་ངེད་ཁྲིམས་ཁང་གི་ལག་བསྟར་ཅུས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་གྱོད་གཞི་བཅའ་ཁྲིམས་ལྟར་ལག་བསྟར་མཇུག་སྒྲིལ་བས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ཤིང་།དོ་བདག་གི་གདེང་འཇོག་བཟང་པོ་ཐོབ་ཡོད།

   申请人肖某某于2020年被绵阳市某某有限责任公司派遣至丁青担任塔吊司机,尚有14942元工资未能领取。为此,肖某向丁青县人力资源和社会保障局申请劳动仲裁,被申请单位负责人也承认欠薪事实,但以暂时无力为由,拒不支付。丁青县人社局向本院移交了劳动仲裁裁决书等材料,请求依法强制执行。

  རེ་འདུན་ཞུ་མཁན་ཞའོ་ག་གེ་མོ།༢༠༢༠ལོར་མན་དབྱང་གྲོང་ཁྱེར་གྱི་ཚད་ཡོད་འགན་འཁྲི་ཀུང་སི་ཡི་སྟེང་ཆེན་་ལ་ལྕགས་འདེགས་ཁ་ལོ་བའི་འགན་འཁུར་བར་མངགས་གཏོང་བྱས་འོན་ཀྱང་གླ་ཕོགས་སྒོར་༡༤༩༤༢ཆད་ནས་ད་བར་དུ་སྤྲད་མེད།དེའི་ཕྱིར།ཞའོ་ག་གེ་མོ་སྟེང་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་ངལ་རྩོལ་འདུམ་གཅོད་རེ་ཞུ་བྱས་ཤིང་།རེ་ཞུ་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་བས་གླ་ཕོགས་ཆད་པའི་དོན་དངོས་ཁས་བླངས་མོད།འོན་ཀྱང་གནས་སྐབས་ཀྱི་ནུས་པ་མེད་པར་རྒྱུ་མཚན་དུ་བྱས་ནས་སྤྲོད་རྒྱུ་ཁས་མ་བླངས།སྟེང་ཆེན་་རྫོང་མི་དོན་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ངལ་རྩོལ་འདུམ་གཅོད་ཁྲུན་ཐག་བཅད་པའི་ཡི་གེ་སོགས་དཔྱད་གཞི་རྩིས་སྤྲོད་བྱས་ནས་ཁྲིམས་ལྟར་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུའི་རེ་བ་བཏོན་པ་རེད།

   在执行程序启动后,我院执行干警依法查封并冻结了被执行人的名下银行卡及网络资金,并与被执行人取得联系,被执行人承诺5月尾给付。然而,到了其承诺的时间,被执行人仍未履行支付义务。因此,我院向公安机关申请协助布控,最终在丁青县巴达乡检查站成功触控。我院执行干警迅速赶往巴达乡检查站接管,并向被执行人反复劝解、耐心沟通、释法明理,最终被执行人一次性付出了全部案款,该案件得以圆满解决。

  ལག་བསྟར་གོ་རིམ་སྤེལ་འགོ་ཚུགས་རྗེས།ངེད་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པས་ཁྲིམས་ལྟར་ལག་བསྟར་བྱ་ཡུལ་གྱི་མིང་འོག་གི་དངུལ་ཁང་གཱ་དང་དྲ་རྒྱའི་མ་དངུལ་སྒོ་རྒྱ་བཀག་པ་དང་བསྡམས་བཅད་བྱས་པ་མ་ཟད།ལག་བསྟར་བྱ་ཡུལ་གྱི་མི་དང་འབྲེལ་བ་བྱས་པ་དང་།ལག་བསྟར་བྱ་ཡུལ་གྱི་མིས་ཟླ་༥པའི་མཇུག་ཏུ་སྤྲོད་རྒྱུ་ཁས་ལེན་བྱས།འོན་ཀྱང་ཁས་ལེན་པའི་དུས་ཚོད་ལ་སླེབས་ཀྱང་ལག་བསྟར་བྱ་ཡུལ་གྱིས་སྔར་བཞིན་གཏོང་སྤྲོད་ཀྱི་འོས་འགན་ལག་བསྟར་བྱས་མེད།དེར་བརྟེན་ངེད་ཁྲིམས་ཁང་གིས་སྤྱི་བདེ་ལས་ཁུངས་ལ་བཀོད་སྒྲིག་ཚོད་འཛིན་བྱེད་རོགས་བྱ་རྒྱུའི་རེ་ཞུ་བྱས་ནས་མཐར་སྟེང་ཆེན་་རྫོང་སྤ་ཟླ་ཤང་ཞིབ་བཤེར་ས་ཚིགས་སུ་ཚོད་འཛིན་ལེགས་འགྲུབ་བྱུང་ཡོད།ངེད་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པ་མགྱོགས་མྱུར་ངང་སྤ་ཟླ་ཤང་ཞིབ་བཤེར་ས་ཚིགས་སུ་བསྐྱོད་དེ་རྩིས་ལེན་བདག་སྤྲོད་བྱས་པ་དང་འབྲེལ་ལག་བསྟར་བྱ་ཡུལ་ལ་ཡང་ཡང་ཁ་ཏ་དང་།ངང་རྒྱུད་རིང་པོས་འབྲེལ་གཏུག་བྱེད་པ།ཁྲིམས་འགྲེལ་དང་གནས་ལུགས་གསལ་པོ་བཅས་བྱས་པས་མཐར་ལག་བསྟར་བྱ་ཡུལ་གྱིས་ཐེངས་གཅིག་ལ་གྱོད་དོན་གྱི་དངུལ་ཚང་མ་སྤྲད་པས་གྱོད་དོན་དེ་ཐག་གཅོད་ཡག་པོ་བྱུང་ཡོད།

审核||      嘎松尼玛

ཞིབ་འབེབས།     སྐལ་བཟང་ཉི་མ།

审稿||    阮诗玉   周驰    

         ཞུ་དག་པ།     རང་ཧྲུ་ཡུས།   ཀྲའུ་ཁྲི།        

责任编辑   翻译||   洛桑曲宗     

རྩོམ་སྒྲིག་འགན་ཁུར་དང་ཡིག་སྒྱུར།   བློ་བཟང་ཆོས་འཛོམས།

丁青县人民法院
发布本院司法信息及工作开展情况
 最新文章