ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་སྤེལ་བའི་༢༠༢༤ལོའི་སྟོན་དུས་སློབ་མཇུག་ལས་དོན་དང་༢༠༢༥ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་ནང་དོན་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ བུ་བཅོལ་ཁང་སོགས་ཀྱི་༢༠༢༤ལོའི་སྟོན་དུས་གུང་གསེང་འཇོག་པའི་དུས་ཚོད་དང་༢༠༢༥ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱས་ཡོད་པ་གཤམ་གསལ།
根据昌都市教育局《关于做好2024年秋季学期期末工作暨2025年春季学期开学工作的通知》,昌都市各级各类学校(含幼儿园)2024年秋季学期放假时间和2025年春季学期开学时间已确定,详情如下:
གཅིག ༢༠༢༤ལོའི་སྟོན་ཁའི་སློབ་དུས་ཀྱི་སློབ་མཇུག་གི་ལས་ཀའི་བཀོད་སྒྲིག
༡.གུང་གསེང་འཇོག་པའི་དུས་ཚོད།
མཐོ་རིམ་སློབ་འབྲིང་དཀྱུས་མའི་མཐར་ཕྱིན་འཛིན་གྲྭ་༢༠༢༥ལོའི་ཟླ་༡པའི་ཚེས་༡༠ཉིན་ནས་དགུན་ཁའི་གུང་གསེང་གཏོང་འགོ་ཚུགས་རྒྱུ་ཡིན་པ་དང་། དེ་བྱིངས་ལོ་རིམ་ཁག་༢༠༢༤ལོའི་ཟླ་༡༢ཚེས་༣༠ཉིན་ནས་དགུན་ཁའི་གུང་གསེང་གཏོང་འགོ་ཚུགས་རྒྱུ།
༢.ལས་ཀའི་བླང་བྱ།
རྫོང་དང་ཆུས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཤུགས་སྣོན་རྒྱག་པ་བརྒྱད་ཀྱི་བླང་བྱ་ལྟར། ༢༠༢༤ལོའི་སྟོན་དུས་ཀྱི་སློབ་མཇུག་ལས་དོན་དང་གུང་གསེང་གི་ལས་དོན་ཁག་སྒྲིག་འཛུགས་ཡག་པོ་བྱ་དགོས་སྟེ། སློབ་མཇུག་ཡིག་ཚད་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་དུས་ཀྱི་ལས་ཀའི་ཕྱོགས་བསྡོམས་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་ཐོན་རྫས་གཙང་བཤེར་དང་རྩིས་བཤེར་ཡག་པོ་རྒྱག་དགོས་པ། སློབ་མ་རྣམས་སློབ་གྲྭ་ནས་ཁ་བྲལ་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་སྐྱེལ་འདྲེན་འགན་སྲུང་ལ་དོ་སྣང་བྱེད་དགོས་པ། གུང་གསེང་སྐབས་ཀྱི་སློབ་སྦྱོང་བཀོད་སྒྲིག་ཡག་པོ་བྱེད་དགོས་པ། མ་ཟད་གུང་གསེང་སྐབས་སུ་ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་སློབ་མ་གསོ་སྐྱོང་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས།
一、2024年秋季学期期末工作安排
(一)放假时间
普通高中毕业年级从2025年1月10日开始放寒假,其余各年级从2024年12月30日开始放寒假。
(二)工作要求
各县(区)、各级各类学校要按“八个加强”要求组织开展好2024年秋季学期期末工作和假期各项工作。即:加强期末考试组织、加强学期工作总结、加强校产清查盘点、加强学生离校教育、加强交通运输保障、加强假期学习安排、加强假期家校共育、加强学校假期管理。
གཉིས། ༢༠༢༥ལོར་དཔྱིད་ཀའི་སློབ་འགོ་ཚུགས་པའི་བྱ་བའི་བཀོད་སྒྲིག
༡. སློབ་འགོ་ཚུགས་པའི་དུས་ཚོད།
༢༠༢༥ལོར་ཟླ་༣པའི་ཚེས་༨ཉིན་ནས་ཚེས་༩ཉིན་བར་སློབ་མས་མིང་ཐོ་འགོད་དགོས་པ་དང་། ཟླ་༣པའི་ཚེས་༡༠ཉིན་ནས་དངོས་སུ་སློབ་ཁྲིད་བྱ་རྒྱུ།
༢. ལས་ཀའི་བླང་བྱ།
རྫོང་དང་ཆུས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཐེངས་གཅིག་ལྔ་དང་དམིགས་སར་འབྱོར་བ་དགུ་ཡི་བླང་བྱ་ལྟར། ༢༠༢༥ལོའི་དཔྱིད་ཀའི་སློབ་དུས་འགོ་མ་ཚུགས་གོང་ལ། སྔོན་ནས་གྲ་སྒྲིག་གི་ལས་ཀ་ཁག་ལེགས་པར་བསྒྲུབས་ཏེ་དཔྱིད་ཀའི་སློབ་འགོ་ཚུགས་པར་གོ་རིམ་ལྡན་པ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་སྟེ། ཁོར་ཡུག་གི་འཕྲོད་བསྟེན་ལ་གཙང་སྦྲ་ཡག་པོ་བྱེད་པ། བདེ་འཇགས་ཀྱི་ཐད་ལ་ཞིབ་བཤེར་ནན་མོ་བྱེད་པ། སྒྲིག་ཁྲིམས་སློབ་གསོ་ཆེན་པོ་ཐེངས་གཅིག་སྤེལ་བ། སློབ་མའི་གཟུགས་པོར་བརྟག་དཔྱད་ཐེངས་གཅིག་བྱེད་པ། ཁྱིམ་བདག་དང་ཕྲུ་གུ་གླེང་མོལ་བྱེད་པ་བཅས་བྱེད་དགོས། གོང་གི་བཏོན་པའི་བླང་བྱ་འདི་དག་ལ་འགན་ལེན་ཏན་ཏིག་བྱས་ནས་བརྩི་སྲུང་ཡག་པོ་བྱ་དགོས།
二、2025年春季学期开学工作安排
(一)开学时间
2025年3月8日至9日学生报到,3月10日正式上课。
(二)工作要求
各县(区)、各级各类学校要按“五个一次”和“九个到位”要求,在2025年春季学期开学前提前做好各项准备工作,确保春季开学平稳有序。即:开展一次环境卫生大整治、开展一次安全大检查、开展一次纪律大教育、开展一次学生大体检、开展一次家长大走访;安全排查到位、环境清扫到位、教材准备到位、教师按时到位、学生确保到位、课程安排到位、教案准备到位、物资保障到位、宣传沟通到位。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 西藏日报
译文 | 阳光西藏