སྨན་བཅོས་རྣམ་གྲངས་འདིའི་རིན་གོང་ལེགས་སྒྲིག་བྱས་འདུག

时事   2024-12-09 11:39   西藏  

ཁག་གསུམ་པའི་སྨན་བཅོས་ཞབས་ཞུའི་རིན་གོང་ཚད་ལྡན་བཅོས་སྒྲིག་དང་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག་གཅིག་གི་རིན་གོང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

关于开展第三批医疗服务价格规范治理调整部分医疗服务项目价格的公示

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་ཚད་ལྡན་བཅོས་སྒྲིག་བྱ་རྒྱུའི༼ ཁག་གསུམ་པ ༽སྐོར་གྱི་བརྡ་ཐོའི༼ སྨན་བཅོས་འགན་བཅོལ་གྱི་རིན་གོང་འཚོལ་འདེབས༼༢༠༢༤༽ཡིག་ཨང་༼ ༢༤༨པ ༽བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་གྱི་དོ་དམ་སྔར་བས་ཚད་ལྡན་བཟོས་ནས། ས་གནས་དབར་གྱི་སྨན་བཅོས་ཞབས་ཞུའི་རིན་གོང་ཆུ་ཚད་དོ་སྙོམས་ཡོང་བ་བྱས་ཏེ། ནད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུད་ཀྱིས་ལྟེ་བའི་སྡོད་རྩའི་གཙགས་རྟོལ་ལག་རྩལ་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་ལེགས་སྒྲིག་བྱས་ཡོད་པ་དང་། ད་ལྟ་ལེགས་སྒྲིག་བྱས་རྗེས་ཀྱི་རིན་གོང་ཚད་གཞི་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་ཡིན། གལ་སྲིད་བསམ་འཆར་མི་འདྲ་བ་ཡོད་ཚེ། ཡོངས་བསྒྲགས་བྱེད་རིང་ཡིག་ཐོག་ནས་ངེད་ཅུད་ལ༼ གློག་རྡུལ་པར་མ་ཡིག་སྒམ་ནང་བསྐུར་རྒྱུ ༽བསམ་འཆར་འདོན་རོགས་ཞུ་རྒྱུ་དང་། དེའི་གཞི་འཛིན་ས་དང་རྒྱུ་མཚན་ཡང་མཉམ་དུ་བསྐུར་རོགས། བསམ་འཆར་ནང་མིང་ངོ་མ་༼ ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཟུར་བཀོད ༽འགོད་པའམ་ཡང་ན་ཚན་པའི་གཞུང་ཐམ་རྒྱག་དགོས་པ་མ་ཟད། འབྲེལ་གཏུག་བྱེད་སྟངས་ཀྱང་གསལ་པོར་འགོད་དགོས།

ཡོངས་བསྒྲགས་བྱེད་པའི་དུས་ཚོད།

༢༠༢༤ལོའི་ཟླ་༡༢ཚེས་༤ཉིན་ནས་ཟླ་༡༢ཚེས་༡༠ཉིན་བར་ཡིན།

འབྲེལ་གཏུགས་ཁ་པར། 

༠༨༩༡ ༦༦༠༩༨༢༧ ༦༦༠༩༨༠༠༼ བརྙན་སྐྱེལ ༽

སྒྲག་སྒམ། 

yyjghzbcgc@163.com

ས་གནས། 

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འདམ་ར་ནུབ་ལམ་སྒོ་རྟགས་ཨང་༦པ། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུད་སྨན་བཅོས་རིན་གོང་དང་འོས་སྐུལ་ཉོ་སྒྲུབ་ཁྲུའུ།

སྦྲག་སྲིད་ཨང་རྟགས། ༨༥༠༠༠༠

ཟུར་བཀོད། ཁག་གསུམ་པའི་སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་ཚད་ལྡན་བྱས་རྗེས་ཀྱི་ཞིབ་ཕྲའི་རིན་གོང་།

བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུད་ནས།

༢༠༢༤ལོའི་ཟླ་༡༢ཚེས་༤ཉིན།


根据国家医疗保障局《关于开展医疗服务价格规范治理(第三批)的通知》(医保价采函〔2024〕248号)的要求,为进一步规范我区医疗服务价格管理,推进地区间医疗服务价格水平相对均衡,维护广大患者合法权益,西藏自治区医疗保障局对“中心静脉穿刺置管术”医疗服务项目开展价格治理,现将治理调整后的价格标准予以公示,接受社会监督。任何单位和个人如有不同意见,请在公示期内以书面形式向我局提出(同时将电子版发送至邮箱),并提交依据和理由。意见应当签署真实姓名(附身份证复印件)或加盖单位公章,并注明联系方式。

公示时间:2024年12月4日至12月10日。

联系电话:0891-6609827,6609800(传真)

邮箱:yyjghzbcgc@163.com

地址:拉萨市城关区当热西路6号自治区医疗保障局医药价格和招标采购处

邮编:850000

附件:第三批医疗服务价格规范治理调价明细

西藏自治区医疗保障局

2024年12月4日

扫码查看下载附件



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། འཇིགས་མེད།

主编 | 吾见才让

副主编 | 平多 桑布

编辑 | 格丹 晋美

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章