ཀྲུང་གུང་ཀྲུང་དབྱང་ནས་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་བཤེར་ཨུ་ལྷན་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ཨུད་དང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཝུའུ་དབྱིང་ཅེ་ཡི་ཕུགས་བསམ་དང་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་མ་བྱས་པ། རང་སྣང་གང་དྲན་ངང་ལས་གྲྭའི་རྣམ་གྲངས་ལ་ཐེ་ཇུས་བྱས་ཤིང་རང་གི་གཉེན་ཉེ་འཁོར་ལ་ཁེ་ཕན་སྐྲུན་པ་བཅས་བྱས་པས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཙོ་འགན་འཁུར་ནུས་མི་འདང་བ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མཆེད་པར་ཆ་རྐྱེན་སྐྲུན་པ། ཆབ་སྲིད་ཀྱི་འབྱུང་ཁམས་ལ་གཏོར་བཤིག་བཏང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་སྒྲིག་འགལ་ངང་གསོལ་སྟོན་མགྲོན་འབོད་དང་ལེན་བྱས་པ་དང་། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་། རྩ་འཛུགས་ཀྱིས་སྐོང་འདྲི་དང་ཡིག་སྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ་དང་། ལག་རྟགས་དང་འབུལ་རྟེན་བླངས་པ། ལས་གནས་ཀྱི་དབང་ཆ་སྤྱད་དེ་གཉེན་ཉེར་དམིགས་བསལ་གྱི་ཁེ་ཕན་དོན་གཉེར་བྱེད་པ། སྒྲིག་འགལ་ངང་ཁྲིམས་བསྟར་ཁྲིམས་སྡོམ་བྱེད་པར་ཐེ་ཇུས་བྱས་པ། ཁྱིམ་སྲོལ་ཡག་པོ་མེད་པ་དང་ཁྱིམ་མིར་དོ་དམ་དང་སློབ་གསོ་མི་འདང་བ། སྤྱི་དོན་དབང་ཆ་དེ་སྒེར་དོན་སྒྲུབ་པའི་ལག་ཆར་བརྩིས་ཏེ་ལས་གནས་ཀྱི་སྟབས་བདེ་སྤྱད་ནས་མི་གཞན་ལ་ལས་གྲྭ་འགན་གཙང་སྤྲད་པ་སོགས་ཀྱི་ཐད་ནས་ཁེ་ཕན་རག་ཐབས་བྱས་པ་མ་ཟད་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད་པ་རེད།
ཝུའུ་དབྱིང་ཅེ་ཡིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཁྲིམས་འགལ་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཚབས་ཆེན་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་རྟ་ཁ་གཡང་གཅུས་མེད་པ་དང་རང་ཚོད་མ་ཟིན་པས་ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས་ངེས་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ཤིང་ཀྲུང་གུང་ཀྲུང་དབྱང་ལ་སྙན་སེང་ཞུས་པ་བརྒྱུད། ཁོ་པ་ཝུའུ་དབྱིང་ཅེ་ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ་དང་ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་།ཉེས་གསོག་གི་དོགས་ཡོད་གནད་དོན་ཁག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཞུང་གཏུག་བྱ་རྒྱུར་རྩིས་སྤྲོད་རྒྱུ། འབྲེལ་ཡོད་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད།
经中共中央批准,中央纪委国家监委对十四届全国政协原常委、文化文史和学习委员会原主任吴英杰严重违纪违法问题进行了立案审查调查。
经查,吴英杰丧失理想信念和党性原则,背离初心使命,贯彻落实党中央新时代治藏方略不力,大肆插手工程项目,徇私谋利,严重影响西藏高质量发展,履行全面从严治党主体责任不力,助长贪腐问题滋长,破坏政治生态;违反中央八项规定精神,违规接受宴请;组织意识淡漠,在组织谈话函询时不如实说明问题;廉洁底线失守,收受礼品礼金,利用职权为亲属谋求特殊待遇;违规干预执纪执法;家风不正,对家属失管失教;把公权力当作谋取私利的工具,利用职务便利为他人在工程承揽等方面谋利,并非法收受巨额财物。
吴英杰严重违反党的政治纪律、组织纪律、廉洁纪律、工作纪律和生活纪律,构成严重职务违法并涉嫌受贿犯罪,且在党的十八大后不收敛、不收手,性质严重,影响恶劣,应予严肃处理。依据《中国共产党纪律处分条例》《中华人民共和国监察法》《中华人民共和国公职人员政务处分法》等有关规定,经中央纪委常委会会议研究并报中共中央批准,决定给予吴英杰开除党籍处分;由国家监委给予其开除公职处分;收缴其违纪违法所得;将其涉嫌犯罪问题移送检察机关依法审查起诉,所涉财物一并移送。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 :中央纪委国家监委网站
译文:阳光西藏