གཟིགས་དང་། བུལ་ཐུག་འཐུང་བར་སྒོར་གཅིག་ལས་སྤྲོད་དགོས་ཀྱི་མི་འདུག

时事   2024-12-11 13:04   西藏  



ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་གྲོང་ཁྱེར་ཡན་ལག་ཀུང་སིས་སྒྲིག་འཛུགས་བྱས་ཏེ། ལྷ་སའི་སྦྲག་སྲིད་ཀྱིས་སྒོར་༡གཅིག་ལས་སྤྲད་མི་དགོས་པར་བུལ་ཐུག་འཐུང་ཆོག་པའི་བྱེད་སྒོ་ཞིག་སྤེལ་བ་རེད། ཉེ་ཆར། གསར་འགོད་པས་ཅང་སུའུ་ཤར་ལམ་སྦྲག་སྲིད་ཉིང་ལག་ཅུད་ཀྱི་ལས་གཉེར་ཚོམས་ཆེན་ནང་བྱེད་སྒོའི་ཆ་འཕྲིན་ཞིག་བཀྲམ་ཡོད་པ་མཐོང་བ་དང་། དེའི་ནང་སྒོར་༡གི་བུལ་ཐུག་གི་བྱེད་སྒོའི་ནང་དོན་དང་། དུས་ཚོད། སྒྲིག་སྲོལ་སོགས་གསལ་པོར་བཀོད་ཡོད། བྱེད་སྒོ་སྤེལ་རིང་སྐུ་མགྲོན་གྱིས་བོད་ནས་བཟོས་པའི་སྦྲག་སྲིད་དངུལ་ཁང་གཱ་དང་སྐད་འཕྲིན་སྦྲེལ་མཐུད་བྱེད་དགོས་པ་དང་། དེ་ནས་རྩ་རྟགས་བཤེར་ནས་གློག་རྡུལ་འཛད་སྤྱོད་གཱ་བླངས་རྗེས། གཏན་འཁེལ་བྱས་པའི་བོད་ཟས་ཁང་དུ་སྒོར་༡གཅིག་སྤྲད་ནས་རྒྱུ་གཙང་སྤུས་གཙང་ཡིན་པའི་བུལ་ཐུག་འཐུང་ཆོག་གི་ཡོད།

བྱེད་སྒོ་འདི་ནི་སྦྲག་སྲིད་ཀུང་སི་དང་ལྷ་སའི་ཁྱད་ལྡན་བཟའ་བཏུང་ལས་རིགས་དབར་མཉམ་ལས་བྱས་པ་ཞིག་ཡིན་པ་དང་དེས་འཛད་སྤྱོད་པར་ཕན་ཐོགས་བསྐྲུན་ཞོར་དུ་ལྷ་སའི་ཁྱད་ལྡན་རིག་གནས་དང་བཟའ་བཏུང་ཁྱབ་སྤེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། 

ཤེས་རྟོགས་བྱུང་གསལ་ལ་ལྷ་ས་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། ཆུ་ཤུར་རྫོང་། སྙེ་མོ་རྫོང་བཅས་ཀྱི་བོད་ཟས་ཁང་མང་པོར་བྱེད་སྒོ་འདི་རིགས་སྤེལ་བཞིན་ཡོད་པ་དང་། མང་ཚོགས་ཚོས་གོང་ཚད་ཁེ་ཞིང་རོ་བཅུད་འཛོམས་པའི་བུལ་ཐུག་ལོངས་སུ་སྤྱོད་ཆོག་པ་དང་སྲོལ་རྒྱུན་གྱི་བུལ་ཐུག་རིག་གནས་འཕེལ་རྒྱས་གཏོང་བར་ལམ་བུ་གསར་པ་ཞིག་གཏོད་རྒྱུ་རེད།

ཅང་སུའུ་ཤར་ལམ་དུ་གནས་པའི་སྦྲག་སྲིད་ཉིང་ལག་ཅུད་ཀྱི་ལས་གཉེར་དོ་དམ་པ་བསྟན་འཛིན་དཔལ་མོས། མ་འོངས་པར་ང་ཚོས་དེ་བས་མང་བའི་ཟ་ཁང་དང་མཉམ་ལས་བྱས་ཏེ་ཐབས་རྒྱ་ཇུས་སྟོང་ངང་འཛད་སྤྱོད་པར་ཕན་ཐོགས་བསྐྲུན་པའི་བྱེད་སྒོ་ཟམ་མི་ཆད་པར་སྤེལ་རྒྱུ་དང་། སྦྲག་སྲིད་དངུལ་རྩའི་ཞབས་ཞུ་དང་ལྷ་སའི་ཁྱད་ལྡན་ཐོན་རྫས་དབར་འབྲེལ་ལམ་གསར་པ་བཙུགས་ཏེ། ལྷ་སའི་དཔལ་འབྱོར་དང་རིག་གནས་མཉམ་དུ་གོང་འཕེལ་ཡོང་བར་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།


近日,中国邮政集团有限公司拉萨市分公司组织开展“拉萨邮政邀您1元吃藏面、享西藏特色早餐文化”活动。12月6日,在江苏东路邮政支局,记者看到营业大厅显眼处张贴了活动海报,详细介绍了“1元吃藏面”活动内容、时间、规则等。活动期间,客户只需使用手机微信绑定西藏本地邮政银行借记卡,即可扫码领取电子消费券,到指定藏餐馆扫码支付1元,就能品尝到一碗正宗的藏面。

此次活动是邮政公司与当地特色餐饮的一次创新合作,旨在回馈广大消费者,同时促进地方特色文化与美食的推广。活动覆盖城关区、达孜区、曲水县、尼木县多家藏餐厅,不仅让市民享受到实惠与美食,也为传统藏面文化的传播开辟了新路径。

“下一步,我们将继续扩大合作商户范围,持续探索更加多元化的客户回馈活动,积极推动邮政金融服务与地方特色产品深度融合,助力拉萨经济文化协同发展。”江苏东路支局营业主管旦增白姆说。

据了解,活动截止时间为2025年3月31日。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  ནོར་བུ་དོན་གྲུབ། བྱམས་པ།


主编:吾见才让

副主编:平多 桑布

编辑:罗布顿珠 先巴

来源 :拉萨日报

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章