དྲན་སྐུལ་ཞུ་རྒྱུར།
༢༠༢༥ལོའི་དམག་ཞབས་ཐོ་འགོད་ལས་དོན་དེ་༢༠༢༥ལོའི་སྤྱི་ཟླ་༡ཚེས་༡ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ་རེད།
༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞུགས་བཅའ་ཁྲིམས ༽ནང་རྒྱལ་ཁབ་ཀྱིས་དམག་ཞུགས་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་པ་དང་། གཞོན་ནུ་སྐྱེས་པ་ལོ་༡༨ལ་སླེབས་པ་ཚང་མ་དམག་ཞུགས་ཐོ་འགོད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། ལོ་དེ་གའི་སྤྱི་ཟླ་༡༢ཚེས་༣༡ཉིན་གྱི་སྔོན་ལ་ལོ་༡༧ལ་སོན་པ་དང་ལོ་བཅོ་བརྒྱད་ལ་སོན་མེད་པའི་སྤྱི་དམངས་སྐྱེས་པ་རང་ཉིད་རང་མོས་ཡོད་ཚེ། དམག་སྐུལ་ཐོ་འགོད་ཐོག་མ་བྱས་ཆོག
དམག་ཞུགས་ཐོ་འགོད་ནི་ལོ་ཚད་ལོན་པའི་གཞོན་ནུ་ཚང་མས་བསྒྲུབ་དགོས་པའི་དོན་ཞིག་ཡིན་ཞིང་། ལོ་ཚད་ལོན་པའི་སྤྱི་དམངས་ཚང་མར་དམག་ཞུགས་ཐོ་འགོད་བྱེད་པའི་འོས་འགན་ཡོད། དམག་ཞུགས་ཐོ་འགོད་བྱེད་པ་དེས་ངེས་པར་དུ་དམག་དཔུང་དུ་སོང་ནས་དངོས་སུ་ཞུགས་ཞུ་བྱ་དགོས་པ་མཚོན་གྱི་མེད་པར། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ལོ་ཚད་ལོན་པའི་སྤྱི་དམངས་ལ་ཐོ་འགོད་དོ་དམ་གྱི་ལས་དོན་སྤེལ་ཏེ། རྒྱལ་ཁབ་ཀྱིས་དམག་མིའི་མི་མངོན་པའི་སྟོབས་ཤུགས་ཁོང་དུ་ཆུད་པ་དང་། ཛ་དྲག་ཆེ་བའི་གནས་ཚུལ་ལ་ཁ་གཏད་འཇལ་བའི་ཆེད་དུ་ཡིན།
ལོ་༡༨ལ་སླེབས་པའི་སྐྱེས་པ་གཞོན་ནུ་ཚོས་རྒྱལ་ཡོངས་དམག་བསྡུའི་དྲ་བར་ཐོ་འགོད་པའམ་ཡང་ན་དམག་དཔུང་གི་འཕྲིན་སྦྱོར་སྒུལ་སྤྱོད་དུད་སྣེའི་༼ ཀྲུང་གོའི་དམག་རྟགས་App ༽དང་ ༼ དམག་ཞུགས་མིང་འགོད ༽ཀྱི་འཕྲིན་ལམ་ལ་དོ་ཁུར་བྱས་ཏེ་༼ དམག་སྐུལ་ཐོ་འགོད ༽ལ་ཞུགས་ནས་ཐོ་འགོད་ལེགས་སྒྲུབ་ཡོང་བ་བྱས་ཆོག དམག་ཞུགས་ཐོ་འགོད་བྱས་ཟིན་པ་དང་དམག་ཞུགས་འདོད་མོས་ཡོད་མཁན་ཚོས་དྲ་ཐོག་ནས་དམག་སྐུལ་མིང་ཐོ་འགོད་པའི་ནང་ཐད་ཀར་ཞུགས་ཆོག་གི་ཡོད་པ་རེད།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།
主编:吾见才让
副主编:平多 桑布
编辑:晋美 罗顿
来源:中国民兵
译文:阳光西藏