མཛེས་ལྗོངས་ཁུལ་འདི་དག་ལ་སྤ་སེ་མི་དགོས་པའམ་རིན་ཕྱེད་ཀ་ལས་མི་དགོས།

时事   2024-12-08 17:01   西藏  


དགུན་དུས་ཡུལ་སྐོར་ལ་ཕྱིན་ན་མི་ཚོགས་ཀྱི་འཚང་ཁ་ལས་གཡོལ་ཐུབ་ཀྱི་ཡོད། ཉེ་ཆར། རྒྱལ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཞིག་གིས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ལ། དེའི་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་མི་ཉུང་བ་ཞིག་གིས་དུས་བཀག་ལྟར་སྤ་སེ་ཉོ་མི་དགོས་པའི་བྱེད་སྒོ་སྤེལ་བཞིན་ཡོད། གཤམ་ལ་དགུན་དུས་མཛེས་ལྗོངས་ཁུལ་ཁག་ཅིག་གི་མིང་ཐོ་བཀོད་ཡོད། 


进入冬季,正是错峰出游的好时节

近日,全国多个景区

宣布执行淡季旅游优惠政策

还有不少景区推出限时免票活动

小编已经为你整理好了攻略

下滑get

冬日出游清单↓↓

免费领略大西北的浪漫

敦煌走起!

想要领略大西北的浪漫?

这个冬天不妨去趟敦煌

感受戈壁沙海的别样风情


ཏུན་ཧོང་ཡ་ཏན་འཛམ་གླིང་ས་གཤིས་སྤྱི་གླིང་།


༢༠༢༤ལོའི་ཟླ་༡༢པའི་ཚེས་༡ཉིན་ནས་༢༠༢༥ལོའི་ཟླ་༢པའི་ཚེས་༢༨ཉིན་བར། ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིན་ཧྲ་རི་བོའི་ཟླ་ཕྱེད་མཚོའུ་དང་། ཡུས་མོན་འགག་སྒོ། ཏུན་ཧོང་ཡ་ཏན་འཛམ་གླིང་ས་གཤིས་སྤྱི་གླིང་ཁོངས་གཏོགས་ཀྱི་མཛེས་ལྗོངས་ཁུལ་བཅས་ལ་རིན་མེད་ངང་སྒོ་ཕྱེ་རྒྱུ་རེད། 


2024年12月1日至2025年2月28日,甘肃省敦煌市鸣沙山月牙泉、玉门关、敦煌雅丹世界地质公园市属景区免费开放。

མིན་ཧྲ་རི་བོའི་ཟླ་ཕྱེད་མཚོའུ།


དེའི་རིང་མོ་ཀའོ་བྲག་ཕུག་ལ་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་ལག་བསྟར་བྱ་རྒྱུ་དང་། སྒོ་འབྱེད་པའི་བྲག་ཕུག་དེ་སྔའི་༨ནས་༡༠བར་མང་དུ་གཏང་རྒྱུ།  ཞིབ་འཇུག་དང་སློབ་སྦྱོང་ཚོགས་པར་དམིགས་ནས་བྲག་ཕུག་དེ་བས་མང་ཙམ་སྒོ་འབྱེད་རྒྱུ་ཡིན་པར་མ་ཟད། འགྲེལ་བཤད་བྱེད་མཁན་ཡང་བཀོད་སྒྲིག་བྱས་ཡོད། 


其间,莫高窟将实行半价优惠,开放洞窟由8个增至10个,针对研学团队还会适当增加开放洞窟,并配备资深讲解员。

མོ་ཀའོ་བྲག་ཕུག


དབུ་སྐྲ་ཡག་པོ་བཞར་ནས་ཡུལ་སྐོར་ལ་འགྲོ


美美剪发+美美旅游

湖南怀化与网红理发店“梦幻联动”

一趟出行

如何既能美美剪发

还能轻松逛吃游?

近日,湖南怀化文旅官方

与“最懂你的”发型师晓华梦幻联动

推出了打卡理发店,优惠游怀化的

“出行套餐”

༢༠༢༤ལོའི་ཟླ་༡༢པའི་ཚེས་༣༡ཉིན་བར། ཡུལ་སྐོར་བས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། ཉིན་གསུམ་ནང་འགྲིམ་འགྲུལ་འཛིན་ཡིག མྱུར་བགྲོད་མེ་འཁོར་སྤ་སེ། མེ་འཁོར་སྤ་སེ། གནམ་གྲུའི་སྤ་སེ་སོགས་གང་རུང་དང་། ཡང་ན་མྱུར་བགྲོད་གཞུང་ལམ་གྱི་འགྲོ་གྲོན་ཟིན་ཐོ། མ་ཟད་ཧྲི་ཞའོ་ཧྭ་སྐྲ་བཞར་ཁང་མདུན་ནས་བརྒྱབ་པའི་པར་སོགས་བསྟན་ཚེ། མཛེས་ལྗོངས་ཁུལ་མང་པོའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ། 


截至2024年12月31日,游客凭本人身份证+三日内入怀交通票据(高铁票、火车票、机票)或高速收费记录,出示本人于【发型师晓华】门店的“打卡”自拍照(无需进店理发),即可享受多景区减免优惠。

ཧུང་ཅང་གནའ་གྲོང་།


དེའི་ནང་ཧུང་ཅང་གནའ་གྲོང་དང་། ཆན་དབྱང་གནའ་གྲོང་། ཨན་ཅང་ཞིང་ལས་སློབ་གྲྭའི་རྒྱུད་འདྲེས་ཆུ་འབྲས་དྲན་གསོའི་གླིང་། ཧོང་ཡན་ཧོའེ་ཧྭ་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་འཇར་པན་བ་མགོ་བཏགས་ཞུས་པའི་དྲན་གསོ་ཁང་སོགས་རྒྱལ་ཁབ་ཀྱི་རིམ་པ་ཀ་བ་༣ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚུད་ཡོད།


其中包括:洪江古商城、黔阳古城、安江农校杂交水稻纪念园、黄岩怀化大峡谷景区、中国人民抗日战争胜利受降纪念馆等一系列国家AAAA级旅游景区。

ཆན་དབྱང་གནའ་གྲོང་། 


ཧོང་ཧྲན་རི་བོའི་མཛེས་ལྗོངས་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས།


黄山上架“疯狂星期三”

限定活动

“五岳归来不看山,黄山归来不看岳”

这个冬天,黄山景区上架了

限时免费“开放日”活动

༢༠༢༤ལོའི་དུས་ཚིགས་བཞི་པའི་དུས་ཆེན་དང་གུང་གསེང་མིན་པའི་གཟའ་འཁོར་རེའི་གཟའ་ལྷག་པར། ཧོང་ཧྲན་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་གཟའ་ལྷག་པར་རིན་མེད་ངང་སྒོ་འབྱེད་རྒྱུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། 

ཟླ་༡༢པའི་གཟའ་ལྷག་པ་སྟེ། ཟླ་༡༢པའི་ཚེས་༡༡ཉིན་དང་། ཟླ་༡༢པའི་ཚེས་༡༨ཉིན། ཟླ་༡༢པའི་ཚེས་༢༥ཉིན་བཅས་ཡིན་ལ།  ཧོང་ཧྲན་རི་བོའི་མཛེས་ལྗོངས་ཁུལ་གྱིས་སྔོན་མངགས་བྱས་ཡོད་པའམ་སྤ་སེའི་འཛད་སྤྱོད་འཛིན་ཤོག་བླངས་ཡོད་པའི་ཡུལ་སྐོར་བར་རིན་མེད་ངང་སྒོ་འབྱེད་རྒྱུ་དང་། ཉིན་དེ་དག་ལ་ཧོང་ཧྲན་རི་བོའི་མཛེས་ལྗོངས་ཁུལ་གྱིས་རིན་མེད་སྒོ་འཛིན་འཛིན་ཤོག་༥༠༠༠འགྲེམ་སྤེལ་བྱ་རྒྱུ་རེད།  གཞན་ཡང་སྒོ་ཕྱེ་བའི་ཉིན་དེར་ཐུན་ཤིས་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བའི་ཡུལ་སྐོར་བ་རྣམས། ཉིན་དེ་ནས་བཟུང་ཉིན་༧གྱི་ནང་ཐོབ་ཐང་ལག་ཁྱེར་དང་གནམ་གྲུའི་སྤ་སེ་བསྟན་ན་རིན་མི་དགོས། 

དེ་ཡང་། རིན་མི་དགོས་པའི་སྤ་སེ་ནི་མཛེས་ལྗོངས་ཁུལ་ཁག་གི་སྤ་སེ་ཉོ་མི་དགོས་པ་ལས་ནང་གི་སྦྲེང་ལམ་སོགས་ཀྱི་སྤ་སེ་ཉོ་དགོས། 

མཛེས་ལྗོངས་ཁུལ་འདི་དག་གིས་སྤ་སེ་གཟིགས་སྐྱོང་བྱེད་སྒོ་སྤེལ་བཞིན་ཡོད། 

ཀྲེ་ཅང་ཆན་ཏའོ་མཚེའུ། 

ཟླ་༡༢པའི་ཚེས་༣༡ཉིན་བར། ཆན་ཏའོ་མཚེའུ་ཤར་ལྷོའི་མཚེའུ་ཁུལ་གྱིས་སྤ་སེའི་རིན་གོང་བརྒྱ་ཆའི་༥༠གཅོག་པའི་གཟིགས་སྐྱོང་བྱེད་སྒོ་སྤེལ་རྒྱུ་དང་། ད་ནས་ཟླ་༡༢པའི་ཚེས་༢༦ཉིན་བར་གྱི་གཟའ་འཁོར་རེའི་གཟའ་ཕུར་བུའི་ཉིན། ཡུལ་སྐོར་བས་སྔོན་མངགས་བྱས་ཆོག་པ་དང་། རིན་མེད་སྤ་སེ་ཡང་མངག་ནས་ཡུལ་སྐོར་བྱས་ཆོག་ལ། ཐེངས་རེར་སྤ་སེ་༡༠༠༠ཙམ་བཀྲམ་ཡོད། 


2024年四季度非节假日的每个星期三,黄山景区对全国游客推出周三“开放日”免票活动。

12月的每个星期三,即12月11日、12月18日、12月25日,黄山风景区对提前有预约且领取门票消费券的游客免门票开放,开放日当天黄山风景区投放5000张免费门票。

另外,在开放日当天抵达屯溪国际机场的游客,自到达日起7天内凭有效身份证和登机牌门票免票。

注意:免票指各景区的首道门票,不含景区内索道、景交换乘等其二次消费项目。

还有这些景点

推出门票优惠活动

浙江千岛湖:截至12月31日,千岛湖东南湖区推出5折门票优惠活动。当前至12月26日每周四,游客还可提前预约,抢免门票游千岛湖,每次限量1000张。

ཧྥུ་ཅན་ཝུའུ་དབྱི་རི་བོ། 

ཟླ་༡༢པའི་ཚེས་༣༡ཉིན་བར། ཝུའུ་དབྱི་རི་བོའི་མཛེས་ལྗོངས་ཁུལ་གཙོ་བོར་ཡུལ་སྐོར་བྱེད་པར་སྤ་སེ་མི་དགོས། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་དང་། དེའི་ནང་ལྟ་སྐོར་རླངས་འཁོར་སྤ་སེ་དང་སྨྱུག་གྲུའི་སྤ་སེ་ཚུད་མེད། 


福建武夷山:截至12月31日,武夷山主景区面向游客免门票。进入景区游览的游客,凭个人有效身份证即可享受免景区门票的优惠政策(不含观光车票和竹筏漂流票)。

བོད་ཀྱི་རིམ་པ་ཀ་བའི་མཛེས་ལྗོངས་ཁུལ། 

༢༠༢༥ལོའི་ཟླ་༣པའི་ཚེས་༡༥ཉིན་བར། བོད་ཀྱི་རིམ་པ་ཀ་བའི་མཛེས་ལྗོངས་ཁུལ་ནང་གི་དགོན་སྡེའི་མཛེས་ལྗོངས་ཕུད། གཞན་ཚང་མར་རིན་མེད་ངང་ལྟ་སྐོར་བྱས་ཆོག དེའི་ནང་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག་སོགས་མཛེས་ལྗོངས་ཁུལ་ཡང་ཚུད་ཡོད།


西藏A级景区:截至2025年3月15日,西藏所有A级景区(寺庙景区除外)免费游览,包括布达拉宫、罗布林卡等景区。

ནང་སོག་གི་མཛེས་ལྗོངས་ཁུལ་༨༠ཡོད་དེ། ཟླ་༡༢པའི་ཚེས་༣༡ཉིན་བར། ནང་སོག་གི་རིམ་པ་ཀ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་༨༠ཡིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་སྤ་སེར་རིན་མི་དགོས་པ་བཟོས་ཡོད་པ་དང་། མཛེས་ལྗོངས་ཁུལ་འདི་དག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་༡༢ལ་ཁྱབ་ཡོད། 

དེའི་ནང་པའོ་ཐོའུ་གྲོང་ཁྱེར་སའེ་ཧན་ཐ་ལ་གྲོང་ཁྱེར་ཡུལ་དབུས་རྩྭ་ཐང་ཡུལ་སྐོར་ཁུལ་དང་། ཧུའུ་ལུན་པེར་གྲོང་ཁྱེར་ཧུའུ་ལུན་པེར་གནའ་གྲོང་ཡུལ་སྐོར་ཁུལ། ཞིན་ཨན་མེང་ཨར་ཧྲན་ཡུལ་སྐོར་སྤྲོ་གསེང་ཁུལ། ཐུང་ལིའོ་གྲོང་ཁྱེར་ཁའེ་ལུའུ་རྫོང་ཀུའུ་ཡུས་ཡོན་མཛེས་ལྗོངས་ཁུལ་སོགས་མང་པོ་ཚུད་ཡོད།


内蒙古80个景区:截至12月31日,内蒙古80家A级旅游景区面向全国游客免首道门票,景区遍及全区12个盟市。

包括包头市赛汗塔拉城中草原旅游区、呼伦贝尔市呼伦贝尔古城旅游区、兴安盟阿尔山旅游度假区、通辽市开鲁县古榆园景区等多个景区。

སི་ཁྲོན་གཟི་ཚ་སྡེ་དགུ།

༢༠༢༤ལོའི་ཟླ་༡༡པའི་ཚེས་༡༦ཉིན་ནས་༢༠༢༥ལོའི་ཟླ་༣པའི་ཚེས་༣༡ཉིན་བར། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེ་དུས་སྤ་སེའི་རིན་གོང་མི་རེར་སྒོར་༨༠ལས་མི་དགོས། ལྟ་སྐོར་རླངས་འཁོར་གྱི་སྤ་སེ་མི་རེར་སྒོར་༨༠ཙམ་ལས་མི་དགོས། 


四川九寨沟:2024年11月16日至2025年3月31日,九寨沟景区执行淡季旅游政策,其中淡季票价门票为80元/人,观光车票80元/人。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 人民日报

译文 | 阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章