མི་འདིར་ཉེས་རྡུང་བཏང་འདུག་ཟེར་བའི་དོན་དེར་ལྷ་སའི་ཉེན་རྟོག་པས་་་

时事   2024-10-31 13:41   西藏  


ཉེན་དོན་བརྡ་ཁྱབ། 

     ཉེ་ཆར་དྲ་ཐོག་ལ་ཁྲོམ་ལམ་དུ་མངག་སྐྱེལ་བྱེད་མཁན་སྐྱེས་པ་ཞིག་ལ་ཉེས་རྡུང་བཏང་བ་ཞེས་པའི་བརྙན་ཐུང་གི་སྐོར་ལ་བརྟག་དཔྱད་བྱས་པ་བརྒྱུད། ༢༠༢༤ལོའི་སྤྱི་ཟླ་༡༠པའི་ཚེས་༢༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦ཙམ་ལ། མངག་སྐྱེལ་བ་མཱ་ཆེ་གེ་མོས་གློག་སྒུལ་སྦག་སྦག་བཏང་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་ཐན་ཧའེ་ལམ་ཐན་ཧའེ་ཐང་ཆེན་གྱི་ཞིང་ལས་དངུལ་ཁང་གི་མདུན་དུ་བྱང་ནས་ལྷོ་རུ་ལྡོག་སྐྱོད་དུ་ཕྱིན་པས་ལམ་དུ་འགྲོ་བཞིན་པའི་ཁྲའོ་ཆེ་གེ་མོར་རྔུང་ཁ་ཤོར་བས་ཕན་ཚུན་ཁ་རྩོད་རྒྱག་འགོ་ཚུགས་པ་དང་། དེ་རྗེས་ཁྲའོ་ཆེ་གེ་མོ་དང་སུན་ཆེ་གེ་མོས་མཱ་ཆེ་གེ་མོར་ཉེས་རྡུང་བཏང་ཡོད་པ་རེད། སྐོར་གཡེང་ཉེན་རྟོག་པས་གནས་ཚུལ་དེ་ཤེས་རྗེས་མགྱོགས་མྱུར་ཁྲིམས་འགལ་བྱ་སྤྱོད་དེར་བཀག་འགོག་བྱས་པ་རེད། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མཱ་ཆེ་གེ་མོའི་རྨས་སྐྱོན་གྱི་ཚབས་ཆེ་ཆུང་ལ་ཆོད་སྡོམ་བྱེད་བཞིན་ཡོད་པ་དང་། གྱོད་དོན་འདི་མུ་མཐུད་སྒྲུབ་བཞིན་ཡོད་པ་རེད། 

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་ནས། 

༢༠༢༤ལོའི་སྤྱི་ཟླ་༡༠ཚེས་༣༠ཉིན།



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།


主编:吾见才让

副主编:平多  桑布  

编辑:晋美  罗顿

 来源:城关警事

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章