༢༠༢༥ལོའི་ཟླ་༡པའི་ཚེས་༧ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་སྐར་མ་༥ཡི་ཐོག བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་གི་ཉེ་འགྲམ་དུ་ས་ཡོམ་རིམ་པ་༦.༨བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་༡༠ཟིན་ཅིང་། ཟླ་༡པའི་ཚེས་༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པའི་བར་ས་ཡོམ་གྱིས་མི་༡༢༦རྐྱེན་ལམ་དུ་ཤོར་བ་དང་། མི་༡༨༨ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ་རེད།
2025年1月7日9时5分,西藏日喀则市定日县措果乡附近发生6.8级地震,震源深度10千米。截至1月8日10时,地震已造成126人遇难,188人不同程度受伤。
ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་༢༥ནང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་བཀའ་བཀོད་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་འོག མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་པ་མ་ཟད། ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ། དུས་ཚོད་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་ས་ཡོམ་གྱི་གནོད་འཚེ་ཕོག་མཁན་གྱི་མང་ཚོགས་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་མཁན་ལ་སྨན་བཅོས་བྱས་པས། ཤི་རྨས་ཀྱི་མི་གྲངས་ཇེ་ཉུང་དུ་བཏང་ཡོད་པ་དང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
在过去的25小时里,西藏自治区各级党委、政府认真贯彻落实习近平总书记重要指示精神,贯彻落实党中央、国务院决策部署坚持人民至上、生命至上,统筹各方救援力量,争分夺秒、全力以赴搜救被困人员,尽最大努力救治伤员,最大限度减少人员伤亡,抗震救灾各项工作紧张有序进行。
ད་ལྟའི་བར་དཔུང་སྡེ་དང་། སྤྱི་བདེ་མི་སྣ། དྲག་ཆས་ཉེན་རྟོག་པ། མེ་གསོད་ཉེན་རྟོག་རུ་ཁག ནགས་ཚལ་མེ་གསོད་ཉེན་རྟོག་རུ་ཁག མཐའ་མཚམས་དོ་དམ་གྱི་མི་སྣ། ཏང་ཡོན་ལས་བྱེད་པ་སོགས་ཀྱིས་གྲུབ་པའི་མི་གྲངས་༡༤༦༦༨ཐེངས་འདིའི་ཡོམ་འགོག་གནོད་སེལ་གྱི་ལས་ཀར་ཞུགས་ཡོད་པ་དང་། ཁྱོན་བསྡོམས་གེགས་རྒྱར་ཚུད་པའི་མི་གྲངས་༤༠༧འཇིགས་པ་ལས་བསྐྱབ་ཡོད་པ་རེད། དེ་ལས་གཞན་ཆུས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ཁྱོན་བསྡོམས་སྨན་བཅོས་རོགས་སྐྱོབ་དཔུང་ཁག་༢༦གི་སྨན་བཅོས་མི་སྣ༥༨༡དང་། མྱུར་སྐྱོབ་རླངས་འཁོར་༡༠༧མངགས་ནས་སྲོག་སྐྱོབ་ལས་དོན་སྤེལ་བ་དང་། རྨས་སྐྱོན་ཕོག་མཁན་གཅིག་ཀྱང་མ་ལུས་པར་ནད་བཅོས་བྱ་ཐུབ་ཡོད། དེ་ལས་རྨས་སྐྱོན་ཕོག་མཁན་ལྗི་བའི་ནད་པ་ཞིག་བོད་རང་སྐྱོང་ལྗོངས་རིམ་པའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་རེད། དེར་མ་ཟད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་གནོད་འཚེ་ཕོག་པའི་བགྲོད་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་ལ་མགྱོགས་མྱུར་སྒོས་ཉམས་གསོའི་ལས་དོན་སྤེལ་བས། ས་ཡོམ་གྱི་གནོད་འཚེ་ཕོག་པའི་ལམ་དུམ་ཡོད་ཚད་བདེ་བླག་ངང་ཉམས་གསོ་ཐུབ་ཡོད་ལ། ས་ཡོམ་རྒྱག་ས་གཙོ་བོ་གྲམ་སོ་དང་། མཚོ་སྒང་། ཆུ་ལྷོ་བཅས་ཤང་གྲོང་༣གྱི་འཕྲིན་སྒུལ་དྲ་བ་དང་གློག་ཤུགས་སླར་གསོ་ཐུབ་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་གང་ལེགས་བསྒྲུབས་ཡོད། དེར་སྲིང་བལ་གྱི་གུར་དང་། ལྟེབ་བརྩེགས་ཉལ་ཁྲི། མཐོ་དམའ་ཉིས་ལྡན་གྱི་ཉལ་ཁྲི། སྲིང་བལ་ཉལ་ཆས། ཀམ་པ་ལི། སྲིང་བལ་གྲང་འགོག་གྱོན་ཆས། གྲང་འགོག་ལྷམ། དྲོད་ལེན་འཕྲུལ་ཆས། གློག་འདོན་འཕྲུལ་ཆས། ཐབ་ཀ འཕྲལ་སྡོམ་གློག་སྒྲོན། བཟའ་བཅའ་རིགས། སྨན་རྫས་སོགས་ཉེར་མཁོའི་དངོས་ཟོག་ཁྱོན་བསྡོམས་ཁྲི་༤༢.༨ལྷག་ཙམ་དང་། བུད་རྫས་རླངས་འཁོར་སྒམ་༨༡སོགས་གཅིག་རྗེས་གཉིས་མཐུད་ངང་ས་ཡོམ་གེགས་ཁུལ་དུ་འབྱོར་ཡོད། གནས་སྐབས་ཀྱི་གནས་སྤོས་བཀོད་སྒྲིག་ས་ཚིགས་༡༨༧བཙུགས་ཡོད་ལ། ཁྱོན་གུར་༣༧༠༥བརྒྱབ་པ་དང་། མི་༤༦༥༢༥ལ་གནས་སྤོས་བཀོད་སྒྲིག་བྱས་པས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱུང་ཡོད།
截至目前,统筹调集部队、公安、武警、消防、森林消防、边境管理以及党员干部群众共14668人参与抗震救灾工作,共搜救出被困人员407人。区、市、县三级共派出医疗救助队伍26支581人、救护车107辆开展转运救治工作,受伤人员全部收治,1名重伤员转运至自治区级医院进行治疗。集结充足力量全力开展受损道路、电力、通信等抢通修复工作,因地震损坏路段已全部抢通,震中长所、措果、曲洛3个乡镇的移动网络、电力已全部恢复。全力做好受灾群众安置工作,紧急调运的棉帐篷、折叠床、高低床、棉被、毛毯、棉大衣(防寒服)、防寒鞋、取暖器、发电机、炉子、应急照明灯以及食品、药品等必需物资共计42.8万余件(个)、燃料81车,已陆续抵达灾区。设立187个转移安置点,共搭建帐篷3705顶,转移安置46525人,受灾群众基本生活得到保障。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་། རྒྱལ་མཚན།
主编 | 吾见才让
副主编 | 平多 桑布
编辑 | 先巴 格桑 坚参
来源 | 西藏卫视+
译文 | 阳光西藏