དཔེ་ཡག་པོ། ལས་ཁུངས་འདིར་རིན་མེད་ངང་རླངས་འཁོར་བཞག་ཆོག

时事   2025-01-02 16:31   西藏  

གྲོང་མི་དང་ཡུལ་སྐོར་བ་རྣམས་ཕྱིར་རུ་བསྐྱོད་སྐབས་སྟབས་བདེ་ཡོང་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྒོ་རའི་ནང་གི་ས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། གཟའ་མཇུག་གི་ཉིན་གཉིས་དང་དུས་ཆེན་གྱི་རིང་ལ་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་སྒོ་དབྱེ་ནས་རིན་མེད་ངང་རླངས་འཁོར་བཞག་ཆོག་པ་གཏན་ཁེལ་བྱས་ཡོད། མི་༧བསྡད་ཆོག་པའི་འགྲུལ་སྐྱེལ་རླངས་འཁོར་རམ་དེ་ལས་ཆུང་གྲས་ཀྱི་རླངས་འཁོར་བཞག་ཆོག


为给广大市民游客出行提供便利

西藏自治区图书馆充分利用院内资源在双休日、节假日(特殊节点除外)期间

为广大市民及游客免费提供停车位

开放车型限7座及以下小型客车

开放时间如下↓↓


དུས་ཚོད། 

རླངས་འཁོར་འཇོག་སའི་སྒོ་དབྱེའི་དུས་ཚོད། 

གཟའ་སྤེན་པ་དང་གཟའ་ཉི་མ། དུས་ཆེན་བཅས་ཀྱི་སྐབས་སུ།  སྔ་དྲོའི་ཆུ་ཚོད་༩པ་ནས་དགོང་མོའི་ཆུ་ཚོད་༨པའི་བར་ཡིན། 

གསང་སྤྱོད་སྒོ་དབྱེའི་དུས་ཚོད། 

གཟའ་སྤེན་པ་དང་གཟའ་ཉི་མ། དུས་ཆེན་བཅས་ཀྱི་སྐབས་སུ། སྔ་དྲོའི་ཆུ་ཚོད་༩པ་ནས་དགོང་མོའི་ཆུ་ཚོད་༧པའི་བར་ཡིན། 



停车场开放时间:双休日、节假日 9:00—20:00

卫生间开放时间:双休日、节假日 9:00—19:00



图为西藏自治区图书馆示意图。


དོ་སྣང་བྱ་དགོས་པའི་དོན་ཚན།

注意事项


གཅིག ཁ་ལོ་བ་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དོ་དམ་ལ་བརྩི་སྲུང་བྱས་ནས། རླངས་འཁོར་འཇོག་ས་དམིགས་འཛུགས་གཏན་ཁེལ་བྱས་ཡོད་པའི་ས་ཆར་འཇོག་དགོས་ལ། གཏན་འབེབས་བྱས་པའི་དུས་ཚོད་ནང་གོ་རིམ་ལྡན་པའི་ངང་འཇོག་དགོས། དེ་མ་ཟད་རང་འགུལ་ངང་བདེ་སྲུང་མི་སྣར་གཞོགས་འདེགས་བྱས་ནས་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས། 


1.请驾驶员服从西藏自治区图书馆管理,在指定区域、规定时间内有序停放车辆,并主动配合安保人员履行登记手续。

གཉིས། གསང་སྤྱོད་བེད་སྤྱོད་བྱེད་མཁན་ཚོས་ལས་ཁུངས་ཀྱི་དོ་དམ་དང་ལེན་བྱས་ནས། རང་འགུལ་གྱིས་སྒོ་སྲུང་བར་གཞོགས་འདེགས་བྱས་ཏེ་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས། 


2.请如厕人员服从单位管理,主动配合门卫履行登记手续。

གསུམ། ཕྱི་ཕྱོགས་ཀྱི་རླངས་འཁོར་ལས་ཁུངས་སྒོ་རའི་ནང་འཇོག་འཇུག་པ་ནི་སྤྱི་ཕན་བྱ་སྤྱོད་ཅིག་ཡིན་པས། གལ་ཏེ་ས་དེར་རླངས་འཁོར་འཇོག་སྐབས་རླངས་འཁོར་ལ་གཏོར་སྐྱོན་ཕོག་པ་དང་། ཅ་ལག་རྐུ་ཤོར་བ། བོར་བརླག་སོང་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཁྲིམས་ལུགས་འགན་འཁྲི་འཁུར་གྱི་མིན།  


3.对外开放停车场系公益行为,西藏自治区图书馆不承担车辆事故损毁及车内物品被盗、遗失等法律责任。

བཞི། ཁ་ལོ་བ་དང་གསང་སྤྱོད་བེད་སྤྱོད་བྱེད་མཁན་ཚོས་ལས་ཁུངས་ནང་གི་སྤྱི་པའི་ཁོར་ཡུག་སྒྲིག་ཆས་ལ་གཅེས་སྐྱོང་བྱ་དགོས་པ་དང་། རང་རྟོགས་ངང་བོད་ལྗོངས་དཔེ་མཛོད་ཁང་གི་སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་བྱས་ཏེ།  རླངས་འཁོར་འཇོག་ས་དང་གསང་སྤྱོད་ཀྱི་ཁོར་ཡུག་ལ་འབག་བཙོག་དང་གཏོར་སྐྱོན་མི་བཟོ་བར་གཙང་ཞིང་གྲལ་འགྲིག་པ་བྱ་དགོས། 


4.请驾驶员、如厕人员共同爱护馆内公共设施、自觉遵守公共秩序,营造干净整洁的停车及如厕环境。同时,请遵守我馆的相关规定。

ལྔ། གལ་ཏེ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རླངས་འཁོར་འཇོག་སའི་དོ་དམ་ལ་བརྩི་སྲུང་མི་བྱ་མཁན་ཡོད་ཚེ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རླངས་འཁོར་འཇོག་ཏུ་འཇུག་རྒྱུ་མིན་པ་དང་། དེ་ལས་ལྷག་པའི་རྩོད་གཞི་ཐོན་པའམ་ཡང་ན་བསམ་ངན་བཅངས་ནས་གཞུང་དོན་སྒྲུབ་པའི་སྒྲིག་ལམ་དཀྲུགས་མཁན་ཡོད་ཚེ། སྤྱི་བདེ་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་པར་རྩིས་སྤྲད་རྒྱུ་ཡིན། 


5.对不服从西藏自治区图书馆停车场管理的,西藏自治区图书馆有权拒绝停车;若发生纠纷或存在恶意扰乱办公秩序的,将交由公安机关依法处置。

དྲུག སྤྱི་ཚོགས་ཐོག་གི་འཁོར་རིགས་དུས་ཡུན་རིང་པོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རླངས་འཁོར་འཇོག་སར་བཞག་མི་ཆོག  དུས་ཚོད་བརྒལ་ནས་རླངས་འཁོར་བཞག་ཚེ་འབྲེལ་ཡོད་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་ཡིན། 


6.禁止社会车辆长期停放在西藏自治区图书馆停车场内,对超期停放车辆,且拒不驶离的,将依法依规报相关部门处理。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 西藏日报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章