中共中央政治局常务委员会召开会议 研究部署西藏定日抗震救灾工作 习近平主持会议

时事   2025-01-09 20:26   西藏  

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། 

བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།


中共中央政治局常务委员会召开会议

研究部署西藏定日抗震救灾工作

中共中央总书记习近平主持会议

སྤྱི་ཟླ་༡ཚེས་༩ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གལ་ཆེའི་གསུང་བཤད་གནང་བ་རེད།


中共中央政治局常务委员会1月9日召开会议,研究部署西藏定日抗震救灾工作。中共中央总书记习近平主持会议并发表重要讲话。

ཚོགས་འདུའི་ཐོག བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་༦.༨བརྒྱབ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་དབུ་ཁྲིད་འོག འབྲེལ་ཡོད་ས་གནས་དང་ཚན་པས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ཡོད་ལ། ལྷག་པར་དུ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་། བཅིངས་འགྲོལ་དམག དྲག་ཆས་དཔུང་སྡེ། དེ་བཞིན་ཀྲུང་དབྱང་ཁེ་ལས་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་རླུང་མི་འདང་བའི་དཀའ་གནད་ཁྱད་དུ་བསད་ནས། དུས་ཚོད་དམ་འཛིན་གྱིས་མི་སྣ་འཚོལ་སྐྱོབ་བྱས་ཏེ་མི་སྣ་ཤི་རྨས་བྱུང་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ཡོད་པས། ཡོམ་འགོག་གེགས་སེལ་ལས་དོན་སྤྱིའི་ཆ་ནས་བདེ་བླག་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།


会议指出,西藏定日6.8级地震发生以来,在以习近平同志为核心的党中央坚强领导下,有关地方和部门反应迅速、组织有力,广大党员干部群众团结奋战,特别是国家综合性消防救援队伍、解放军、武警部队和央企等救援力量,克服高寒缺氧困难,争分夺秒搜救被困人员,最大限度减少人员伤亡,抗震救灾总体顺利。

ཚོགས་འདུའི་ཐོག ད་ལྟ་ཡོམ་འགོག་གེགས་སེལ་ལས་དོན་སྔར་བཞིན་འགག་རྩའི་དུས་མཚམས་ཡིན་པས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་ལས་དོན་ཁག་ཞིབ་ཚགས་བསྒྲུབས་ནས། ཡོམ་འགོག་གེགས་སེལ་ལས་དོན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པར་བྱེད་དགོས་པ་དང་། རོགས་སྐྱོབ་དང་རྗེས་མཇུག་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་དགོས་པ། སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་རྨས་སྐྱོན་ཕོག་པའི་མི་སྣར་སྨན་བཅོས་ཡག་པོ་བྱེད་དགོས་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་དང་། གནས་སྐབས་བཀོད་སྒྲིག་དང་བར་བརྒལ་དུས་སྐབས་ཀྱི་བཀོད་སྒྲིག་ལས་དོན་ལ་གཅིག་གྱུར་ཐོག་འཆར་འགོད་ཡག་པོ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དྲོ་སོབ་སོབ་ངང་དགུན་ཁ་འདི་བསྐྱལ་ཐུབ་པར་བྱེད་དགོས་པ། གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་མགྱོགས་པོར་སྤེལ་བ་དང་། རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་ཟོག་རོ་གཙང་སེལ་བྱེད་པའི་ལས་དོན་དམ་འཛིན་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས་པ། སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཏན་ཏིག་བསྒྲུབས་ནས། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས་ཤིང་། གཞུང་ཕྱོགས་ཆ་འཕྲིན་ཁྱབ་བསྒྲགས་ཡག་པོ་བྱེད་དགོས་པ། གཙོ་གནད་ས་ཁུལ་གྱི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་དང་ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་སྔར་བས་མཐོ་རུ་བཏང་ནས། འཕྲལ་སྡོམ་གྲ་སྒྲིག་ཁག་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།


会议强调,现在抗震救灾工作处在关键阶段,不能有丝毫松懈。要把工作做得更细一些,坚决打赢抗震救灾这场硬仗。要继续开展救援善后工作。要组织医疗专家会诊,全力救治受伤人员。要用心用情保障受灾群众基本生活,统筹好临时安置和过渡期安置,确保受灾群众温暖过冬。要加快灾后恢复重建,抓紧做好基础设施修复和废墟清理工作,尽快恢复灾区正常生产生活秩序。要切实做好社会稳定工作,及时排查化解各类矛盾纠纷,做好权威信息发布。要进一步提高重点地区房屋、基础设施抗震能力和地震灾害应对能力,做好各项应急准备。

ཚོགས་འདུའི་ཐོག ས་གནས་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་དགོས་པ། རིམ་པ་ཁག་གི་ལས་བྱེད་པས་ལས་གནས་བརྟན་སྲུང་དང་ནུས་ཤུགས་ཡོད་རྒུ་འདོན་དགོས་པ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཚོས་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།     

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།


会议要求,地方党委和政府要切实担起政治责任,各有关方面要密切协同配合,各级干部要坚守一线、全力以赴,基层党组织和广大党员要充分发挥战斗堡垒作用和先锋模范作用。

会议还研究了其他事项。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴

来源 | 新华社

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章