དེ་རིང་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་གྱི་ཉིན་བཞི་པ་ཡིན་ལ། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་ཚོད་སྐར་ཆ་བརྩོན་ལེན་བྱས་ཏེ། སྔར་བཞིན་ཡོམ་འགོག་གེགག་སེལ་ལས་དོན་སྤེལ་བཞིན་ཡོད།
西藏日喀则市定日县
进入抢险救灾第四天
多方力量仍在集结
争分夺秒开展抗震救灾工作
ས་ཡོམ་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་པའི་ལོ་ལྔར་སོན་པའི་བུ་མོ་ཆུང་ཆུང་དེ་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་པར་བསྐྱལ་བ།
地震中伤势较重五岁女童
转运至成都救治
ཚེས་༡༠ཉིན་གྱི་ཕྱི་དྲོ། ཐེངས་འདིའི་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་ལོ་ལྔར་སོན་པའི་བུ་མོ་ཆུང་ཆུང་དེ་གཞིས་ཀ་རྩེ་མི་དམངས་སྨན་ཁང་ནས་ཉེ་འགྲམ་གྱི་གནམ་གྲུར་འབབ་ས་ཞིག་ལ་ཁྱེར་ཏེ། གྱེན་འཕུར་གནམ་གྲུར་བསྡད་ནས་ལྷ་སའི་གོང་དཀར་གནམ་ཐང་ལ་བསྐྱལ་བ་དང་། དེ་ནས་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དུ་བསྐྱལ་བ་རེད།
10日下午,一名在此次地震中受伤的五岁女童因伤势较重,从日喀则市人民医院转移至附近一个停机坪,通过直升机空运至拉萨贡嘎机场,随后乘坐民航班机转运至位于成都的四川大学华西医院救治。
ཧྭ་ཤིས་རིགས་གཅིག་མཁས་ཅན་དང་གཞིས་ཀ་རྩེ་མི་དམངས་སྨན་ཁང་གི་སྨན་པས་ནད་པར་སྨན་བཅོས་བྱེད་པ།
华西专家完成两地接力
共同救治地震伤员
གོང་གི་པར་འདི་ནི་ཟླ་༡པའི་ཚེས་༩ཉིན། དིང་རི་རྫོང་གི་ལོ་༨༢ལ་བསླེབས་པའི་བགྲེས་སོང་སྒྲོལ་མ་གཞིས་ཀ་རྩེ་མི་དམངས་སྨན་ཁང་དུ་བསྐྱལ་ནས། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དོས་དྲག་སྨན་བཅོས་རོགས་སྐྱོབ་རུ་ཁག་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་སྨན་རམས་པ་གཞོན་པ་ཧོ་ཆན་དང་། དབང་རྩའི་ཕྱི་ནད་ཚན་ཁག་གི་སྨན་རམས་པ་ལིའུ་ཡན་གྱིས་འཕྲལ་མར་བགྲེས་སོང་སྒྲོལ་མའི་གཟུགས་པོར་བརྟག་དཔྱད་བྱས་པ་རེད། རིགས་གཅིག་མཁས་པས་སྒྲོལ་མ་ལོ་ན་བགྲེས་པ་དང་། དེའི་ཁར་ལམ་ཐག་རིང་བས། ཐོག་མར་ཁོ་མོའི་གཟུགས་པོར་རྨས་སྐྱོན་ཕོག་ཚད་ལ་བརྟག་དཔྱད་ཡག་པོ་བྱ་དགོས། གཙོ་བོ་དབུགས་འབྱིན་རྔུབ་བྱེད་པར་སྐྱོན་མེད་ན་འགྲིག་ཡོད་ཅེས་བརྗོད་པ་དང་། དེ་ནས་སྨན་བཅོས་བྱས་པ་བརྒྱུད། སྒྲོལ་མའི་གསོ་རླུང་འདུས་ཚད་༨༣%ནས་༩༥%ལ་བསླེབས་ཡོད་པས། གཟུགས་པོར་སྐྱོན་ཆེན་པོ་བྱུང་མི་འདུག
1月9日,定日县82岁的卓玛老人转院至日喀则市人民医院进一步治疗。四川大学华西医院紧急医学救援队专家组组员何谦副主任医师以及神经外科刘岩主管护师立即对老人进行身体检查:“老人年龄比较大,加上长途,我们先看看她伤情是否平稳,主要是要保持气道通畅。”经过积极处理,卓玛老人的氧饱和度从83%升至95%,病情趋于稳定。
གོང་གི་པར་འདི་ནི་ཟླ་༡པའི་ཚེས་༧ཉིན་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དོས་དྲག་སྨན་བཅོས་རོགས་སྐྱོབ་རུ་ཁག་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གཞིས་ཀ་རྩེར་བསླེབས་རྗེས། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་ཕྱར་བ་གྲུ་འདེགས་ངང་ཐུན་མོང་ཐོག་རྨས་མར་སྨན་བཅོས་བྱས་པ་དང་། རིགས་གཅིག་མཁས་ཅན་གྱིས་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྨས་མར་སྨན་བཅོས་བྱ་ངེས་ལ། རྨས་སྐྱོན་ཕོག་ཡོད་པ་ཐམས་ཅད་སྲོག་ཉེན་ལས་ཐར་བར་ནུས་ཤུགས་ཅི་ཡོད་འདོན་ངེས་ཞེས་བརྗོད་པ་རེད།
自1月7日晚抵达日喀则后,四川大学华西医院紧急医学救援队专家组与日喀则市人民医院的医护人员齐心协力共同救治伤员。专家组表示:“我们要尽我们所能,让每一位地震伤员得到有效救治。”
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།
主编 | 吾见才让
副主编 | 平多 桑布
编辑 | 先巴 格桑
来源 | 拉萨发布
译文 | 阳光西藏