གོང་གི་བརྙན་དེ་ནི་དིང་རི་རྫོང་ལ་ས་ཡོམ་བརྒྱབ་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་ཆེད། གསར་འགོད་པ་བོད་རང་སྐྱོང་ལྗོངས་ས་ཡོམ་ཅུད་ས་ཡོམ་གྲོས་བསྡུར་ཁང་དུ་བཅར་འདྲིར་ཕྱིན་པ་དང་། དེར་ཀྲུང་གོ་ས་ཡོམ་དྲ་བའི་ལྟེ་གནས་དང་། ཡུན་ནན། མཚོ་སྔོན་སོགས་ཁྱིམ་མཚེས་ཞིང་ཆེན་དང་བོད་ལྗོངས་ས་ཡོམ་ཅུད་ཀྱི་རིགས་གཅིག་མཁས་པས་མཉམ་དུ་གྲོས་བསྡུར་གནང་ཏེ། ས་ཡོམ་གྱི་འཕེལ་ཕྱོགས་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་བཞིན་པའི་གནས་ཚུལ་རེད།
为了解定日县震后各项情况,记者来到西藏自治区地震局的震情会商室,在记者身后,中国地震台网中心、云南、青海等周边省局正在和西藏局联合会商,研判震情趋势。
ས་ཡོམ་བརྒྱབ་རྗེས། ས་ཡོམ་གྱི་གོ་རིམ་ལ་ལྟ་ཞིབ་ཚད་ལེན་དང་། ས་ཡོམ་གྱི་རླབས་དབྱིབས་ལ་དབྱེ་ཞིབ་བྱས་པ་དང་། ས་ཡོམ་སྡེ་ཚན་གྱིས་ས་ཡོམ་རྒྱག་ཁུལ་དུ་ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་སྐོར་སྐྱོད་སྟེགས་བུ་བརྒྱད་གསར་དུ་བཙུགས་ཡོད་ལ། ཚེས་༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༥བར། སྟེགས་བུ་དེས་ཡོམ་འཕྲོ་ཤུགས་ཆེ་ཆུང་ཐེངས་༡༢༠༠ལྷག་ཙམ་ཚད་ཞིབ་བླངས་ཡོད།
地震发生后,在对地震序列进行监测、地震波形进行分析的同时,地震部门在震区新架设了八个地震监测流动台,截止9日15点,共记录到1200多次余震,震级都较低。
བོད་ལྗོངས་ས་ཡོམ་ལས་ཁུངས་གི་དབུ་ཁྲིད། ཀའོ་ཅིན་རུའེ།
自治区地震局西藏地震台
台长 高锦瑞
ཀའོ་ཅིན་རུའེ་ཡིས་ད་ཆ་ཡོམ་འཕྲོ་རྒྱག་ཤུགས་ཀྱི་ཚད་ཧ་ཅང་དམའ་པོ་ཡིན། སླད་ཕྱིན་ང་ཚོས་མུ་མཐུད་དུ་ཡོམ་འཕྲོ་ཤུགས་ཆེ་བའི་གནས་ཚུལ་ལ་ལྟ་རྟོག་བྱ་རྒྱུ་ཡིན་པར་མ་ཟད། ཡོམ་ཤུགས་ཆེན་པོ་ཡོད་པའི་ཁྱབ་ཁོངས་ལ་ལྷག་ཏུ་དོ་སྣང་བྱ་རྒྱུ་ཡིན་ལ། ང་ཚོས་ས་ཁོངས་དེའི་ས་ཡོམ་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས། ས་ཡོམ་གྱི་འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པས། ཡོམ་ཁུལ་གྱི་མང་ཚོགས་རྣམས་དངངས་སྐྲག་སྐྱེ་དགོས་མེད་ཅེས་བརྗོད་པ་རེད།
目前余震水平还是偏低的,可能我们后续还要关注一些强余震的发生,包括大范围有感的这一类型强余震,我们会加强该区域的地震监测,做好后续的地震发展研判工作,公众不必过分的恐慌。
གསར་འགོད་པས་ཚེས་༩ཉིན། གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་ཉིན་གསུམ་ནང་ཡོམ་ཁུལ་དང་དེའི་མཐའ་འཁོར་ས་ཁུལ་དུ་གནམ་གཤིས་དྭངས་ན་ཡང་། ཕྱི་དྲོ་ལྷགས་པ་རིམ་པ་༦ནས་༧བར་ཡོད་པར་མ་ཟད། དྲོད་ཚད་ཧྲེ་ཧྲི་ཏུའུ་༤ནས་༨བར་ཆག་རྒྱུ་ཡིན་ལ། དྲོད་ཚད་དམའ་ཤོས་དེ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་༡༥ནས་ཀླད་ཀོར་འོག་གི་༡༣བར་ཆག་སྲིད། གནམ་གཤིས་ལས་ཁུངས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་མི་སྣའི་རང་གི་དྲོད་སྲུང་ལ་དོ་སྣང་ཡག་པོ་བྱེད་པ་དང་། གྲང་ངར་ཆེ་བའི་གནམ་གཤིས་སྔོན་འགོག་བྱེད་པར་དྲན་སྐུལ་བྱ་སྲིད་པར་མ་ཟད། བྱེ་རླུང་རྡུལ་འཚུབ་ཀྱིས་བགྲོད་ལམ་གྱི་མཐོང་ལམ་ལ་ཤུགས་རྐྱེན་ཐེབས་པར་ཡང་དྲན་སྐུལ་བྱ་སྲིད་ཡང་། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱིས་བདེ་འཇགས་ལ་གཟབ་གཟབ་གནང་དགོས།
记者9日在气象部门了解到,未来三天,震区及周边地区以晴天为主,需要注意的是,午后将出现6至7级的大风天气,还将伴有4至8摄氏度的降温过程,最低气温可能降至零下15至零下13摄氏度。气象部门提醒受灾群众和救援人员应提前采取各项保暖措施,防范大风和降温可能带来的不利影响。注意防范扬沙天气对道路能见度的影响,物资运输车辆需注意行车安全。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་། རྒྱལ་མཚན།
主编 | 吾见才让
副主编 | 平多 桑布
编辑 | 先巴 格桑 坚参
来源 | 西藏卫视+
译文 | 阳光西藏