壹
ཕོ་བྲང་པོ་ཏཱ་ལ།
布达拉宫
བོད་ཀྱི་ཕོ་བྲང་པོ་ཏཱ་ལ་འདི་ཉིད་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ནས་ལོ་ངོ་སུམ་ཅུ་འཁོར་མཚམས་འདིར། བདེན་དཔང་དང་ལྟ་སྲུང་ཞེས་པའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ་༢༠༢༤ལོའི་ཟླ་༡༢པའི་ཚེས་༣༡ཉིན་ཕོ་བྲང་པོ་ཏཱ་ལའི་ཞོལ་དུ་གནས་པའི་གཅེས་ནོར་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པ་རེད།
ཐེངས་འདིའི་འགྲེམས་སྟོན་ཐོག་རིག་དངོས་དང་། གནའ་དཔེ། དེ་བཞིན་ཕོ་བྲང་པོ་ཏཱ་ལའི་རྒྱུན་འཛིན་དང་འཕེལ་རྒྱས་གཙོ་བོར་བཟུང་ནས། བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་རྩ་ཆེན་དང་མི་རིགས་མཐུན་སྒྲིལ་མཚོན་པའི་རིག་དངོས་རྩ་ཆེན་༡༠༠ལྷག་ཙམ་ལེགས་པར་བདམས་པ་དང་། འགྲེམས་སྟོན་དེ་ཁྱིམ་ཚང་གཅིག་དང་རྣམ་པ་གསར་པ་ཞེས་ཁག་གཉིས་སུ་དབྱེ་ཡོད་ལ། དེའི་ནང་དངོས་པོ་དང་། པར་རིས། ཡིག་ཚགས། བརྙན། འཕྲིན་སྦྱོར་འགྲེམས་སྟོན་སོགས་ཀྱི་བྱ་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་བོད་ལྗོངས་དང་མེས་རྒྱལ་གྱི་ས་གནས་ཁག་དང་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོད་པའི་ལོ་རྒྱུས་མངོན་པར་བྱས་ཡོད།
在布达拉宫成功申报世界文化遗产三十周年之际,“见证与守望——铸牢中华民族共同体意识主题展”于2024年12月31日亮相布达拉宫雪城珍宝馆。
本次展览通过文物、古籍及布达拉宫的传承与发展,立足馆藏资源,精选出体现民族团结的100余件文物珍品,分为“合同一家”“万象更新”两个部分,通过实物、图片、文献、影像、多媒体展示等手段,全方位、立体式展现西藏与祖国各地各民族之间交往交流交融的历史。
དྲན་སྐུལ་ཞུ་རྒྱུར།
温馨提示
༢༠༢༥ལོའི་ཟླ་༡པའི་ཚེས་༡ཉིན་ནས་བཟུང་། གྲོང་མི་དང་ཡུལ་སྐོར་བས་ཕོ་བྲང་པོ་ཏཱ་ལར་ལྟ་སྐོར་བྱ་རྒྱུ་སྔོན་ལ་ཁ་ཆད་བཞག་ནས་ལྟ་སྐོར་བྱེད་པ་དང་ཆབས་ཅིག ཕོ་བྲང་པོ་ཏཱ་ལའི་ཞོལ་གྱི་གཅེས་ནོར་འགྲེམས་སྟོན་ཁང་དུ་རིན་མེད་ལྟ་སྐོར་བྱས་ཆོག
自2025年1月1日起,市民游客可以在预约参观布达拉宫的同时,免费前往布达拉宫雪城珍宝馆观展。
贰
བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་།
西藏牦牛博物馆
ཟླ་༡པའི་ཚེས་༡ཉིན། བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་གཡག་ཕོ་བྲང་གི་༢༠༢༥ལོའི་གནམ་ལོ་གསར་ཚེས་ཀྱི་མཛད་སྒོ་ཞེས་པའི་བརྗོད་དོན་གཙོ་བོར་བཟུང་ནས་བྱེད་སྒོ་ཅིག་སྤེལ་བ་དང་། གྲོང་མི་དང་ཡུལ་སྐོར་བ་མང་པོ་བྱེད་སྒོ་དེར་ཞུགས་ཡོད་པ་རེད། བྱེད་སྒོའི་ཉིན་དེར་གཞིས་ཁྱིམ་ཁུར་ནས་ཡུལ་སྐོར་ལ་འགྲོ སྲོག་ཆགས་འགྲོན་བུའི་འཇིག་རྟེན་ཞེས་པའི་༢༠༢༥ལོའི་ལོ་གསར་གྱི་འགྲེམས་སྟོན་ཐོག་མ་དེ་བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་ཡོད་པ་དང་། འགྲེམས་སྟོན་དེ་རིན་མེད་ངང་དུས་ཡུན་ཟླ་བ་༣རིང་སྒོ་དབྱེ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་འདིའི་ནང་འགྲོན་བུའི་རིགས་དང་། འགྲོན་བུའི་རྒྱུན་ལྡན་འཚོ་གནས། འགྲོན་བུའི་རིགས་ཅན། འགྲོན་བུ་དང་མི་བཅས་ཁག་བཞིར་དབྱེ་ཡོད་པ་དང་སྣ་ཁ་༢༠༠ལྷག་ཙམ་འགྲེམས་སྟོན་བྱས་ཡོད།
1月1日,西藏牦牛博物馆举办了“亚颇章·新年潮——2025元旦盛典”主题系列活动,吸引了众多市民和游客参与。活动当天,“背着房子去旅行—贝类动物的世界”展览作为2025新年首展,在西藏牦牛博物馆内拉开帷幕,此次展览展期三个月,免费向公众开放。
据悉,此展览分为“什么是贝类”“贝类建筑师的日常生活”“贝类建筑师”“贝类与人”四个部分,展品近200余件,让观众得以近距离欣赏来自海洋的贝类生物,领略海洋生物的多样性,增进对海洋生物的了解。
叁
བོད་ལྗོངས་ཟློས་གར་ཁང་ཆེན་མོ།
西藏大剧院
ཟླ་༡པའི་ཚེས་༣ནས་ཚེས་༧ཉིན་བར། སྐབས་དང་པོའི་བོད་ཀྱི་གྱོན་ཆས་འགྲེམས་སྟོན་དེ་བོད་ལྗོངས་ཟློས་གར་ཁང་ཆེན་མོར་འཚོག་རྒྱུ་རེད།
首届西藏“衣脉相承”服饰文化周活动
将于1月3日至7日
在西藏大剧院举办
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།
主编 | 吾见才让
副主编 | 平多 桑布
编辑 | 先巴 格桑
来源 | 拉萨发布
译文 | 阳光西藏