སྐྱེས་པ་འདི་ཉེས་དོན་བཀག་ཉར་བྱས་འདུག

时事   2025-01-05 11:20   西藏  

























































ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་དངུལ་ཁང་བྱང་བུ་བརྐུས་ནས་དངུལ་བཏོན་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་༡བཟུང་བ་རེད།

ཟླ་༡༢ཚེས་༢༠ཉིན་རྒྱལ་ཆེ་གེ་མོས་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་གྱོད་དོན་སྙན་སེང་ཞུས་ནས་ཁོ་པའི་དངུལ་ཁང་གཱ་གཟབ་གཟབ་མ་བྱས་པར་བཙོང་རྒྱུར་བསྐྱལ་བའི་མོ་ཊའི་ནང་ལུས་པ་དང་། གཱ་ནང་གི་སྒོར་ཁྲི་༢རྐུ་ལ་ཤོར་འདུག་ཅེས་བརྗོད་པ་རེད།  སྙན་སེང་དེ་འབྱོར་རྗེས་མྱུལ་ཞིབ་ཉིང་ལག་རུ་ཁག་རུ་ཆེན་གསུམ་པས་འཕྲལ་དུ་མྱུལ་ཞིབ་མི་སྣ་སྒྲིག་འཛུགས་བྱས་ཏེ། འབྲེལ་ཡོད་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་དང་། བརྟག་དཔྱད་བྱས་པ་བརྒྱུད། མྱུལ་ཞིབ་མི་སྣས་དོགས་ཡོད་ཉེས་ཅན་གྱི་ཐོབ་ཐང་ཆ་འཕྲིན་རགས་ཙམ་ཁོང་དུ་ཆུད་པར་མ་ཟད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་གི་མོ་ཊ་རྙིང་པ་ཉོ་ཚོང་བྱེད་སའི་ཀུང་སི་ག་གེ་མོ་ཞིག་ནས་དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།

དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོས་ངོས་ལེན་ཞུས་པར་གཞིགས་ན། ཁོ་ནི་རླངས་འཁོར་རྙིང་པ་ཉོ་ཚོང་ཀུང་སི་ག་གེ་མོ་ཞིག་གི་ལས་མི་ཡིན་པ་དང་། ཉིན་དེར་འཁོར་བདག་རྒྱལ་ཆེ་གེ་མོའི་རླངས་འཁོར་ནང་ནས་དངུལ་ཁང་གཱ་ཞིག་མཐོང་ནས། གཱ་ཡི་རྒྱབ་ཏུ་གྲངས་ཀ་དྲུག་བྲིས་ཡོད་པས་གསང་གྲངས་ཡིན་པ་ཤེས་ཏེ་དངུལ་རྐུ་ལེན་བྱེད་འདོད་ཀྱི་སེམས་ངན་བཅངས་པ་རེད། དེ་ནས་ས་དེའི་ཉེ་འགྲམ་གྱི་དངུལ་ལེན་འཕྲུལ་ཆས་ཞིག་ནས་ཚོད་ལྟ་བྱས་ནས་སྒོར་ཁྲི་༢བླངས་པ་རེད། 

ད་ལྟ་དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད་པ་རེད།

近日,拉萨市公安局经侦支队成功侦破一起银行卡盗刷案件,抓获1名犯罪嫌疑人。

2024年12月20日,经侦支队接群众坚某报案称:其银行卡不慎落在即将售卖的车辆上,短信提醒卡内莫名少了两万元,疑似被盗。接到报警后,经侦支队三大队立即组织侦查人员开展相关调查取证工作,经过大量的甄别和排查,侦查人员初步掌握嫌疑人的身份信息,并于近日在拉萨市蔡公堂某二手车交易公司内将嫌疑人洛某抓获。据嫌疑人洛某供述,他是某二手车辆交易公司员工,当天在车主坚某的车内看到了一张银行卡,并发现银行卡背后写着六个数字,疑似银行卡密码,便心生歹念,到附近自动取款机尝试,没想到一试即中,成功登入并分五笔将卡内的两万元取出占为己有。

目前,犯罪嫌疑人洛某已被依法刑事拘留,案件正在进一步侦办中。

ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།

警方提醒

གལ་ཏེ་མི་གཞན་གྱི་ཡིད་རྟོན་གཱའམ་ཡང་ན་དངུལ་ཁང་གཱ་བརྙེད་ཚེ་དུས་ཐོག་ཏུ་དངུལ་ཁང་ལ་སྤྲོད་པའམ་ཡང་ན་མངགས་གཏོང་ཁང་ལ་སྤྲད་དགོས། རང་ཉིད་ཀྱི་དངུལ་རྐུ་ཤོར་ནས་རྒྱུ་ནོར་ལ་གྱོང་གུན་མི་ཕོག་ཆེད་ཀུན་གྱིས་གཟབ་གཟབ་བྱ་དགོས་པར་མ་ཟད། རང་ཉིད་ཀྱི་གསང་གྲངས་གཱ་ཡི་རྒྱབ་ཏུ་མི་འབྲི་བ་དང་གསང་གྲངས་དེ་ཡང་སྟབས་བདེ་པོ་དང་ཤེས་བདེ་པོ་མི་བཟོ་རྒྱུ་གལ་ཆེའོ།། 

捡到他人信用卡或银行卡建议及时交与银行或者跟派出所联系,切莫贪小失大。同时,为了自己的钱款安全,建议大家不要把银行卡密码贴在银行卡背后,或者设置较为简单的密码,以免造成财产损失。





























































ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴 

来源 | 平安拉萨

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章