བོད་རང་སྐྱོང་ལྗོངས་འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུའུ་ནས་ས་ཡོམ་རིམ་པ་གཉིས་པའི་འཕྲལ་སྡོམ་བྱ་ཐབས་རིམ་པ་དང་པོར་སྤར་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།
西藏自治区应急指挥部关于
将二级地震应急响应升级为
一级地震应急响应的通知
ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། སྤྱི་ཟླ་༡ཚེས་༧ཉིན་གྱི་ཆུ་ཚོད་༩དང་སྐར་མ་༥ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་ཉེ་འཁོར་དུ་༼ བྱང་གི་འཕྲེད་ཐིག་ཏུའུ་༢༨.༥༠དང་། ཤར་གྱི་གཞུང་ཐིག་ཏུའུ་༨༧.༤༥ ༽ས་ཡོམ་རིམ་པ་༦.༨བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་༡༠ཟིན་ཡོད། ས་ཡོམ་གྱི་འབྲེལ་ཡོད་གནས་ཚུལ་ལྟར། ལྗོངས་འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུས་བོད་རང་སྐྱོང་ལྗོངས་ས་ཡོམ་འཕྲལ་སྡོམ་སྔོན་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ས་ཡོམ་གྱི་འཕྲལ་སྡོམ་བྱ་ཐབས་དེ་རིམ་པ་དང་པོར་སྤར་བ་དང་། འཕྲལ་དུ་རིམ་པ་དང་པོའི་བྱ་ཐབས་ལྟར་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
བོད་རང་སྐྱོང་ལྗོངས་འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུའུ་ནས།
༢༠༢༥ལོའི་ཟླ་༡ཚེས་༧ཉིན།
据西藏地震台网测定:2025年1月7日09时05分,西藏自治区日喀则市定日县发生6.8级地震(北纬28.50度,东经87.45度),震源深度10公里。根据灾情有关情况,区应急指挥部按照《西藏自治区地震应急预案》相关规定,决定将地震应急响应级别升级为一级地震应急响应,立即进入一级地震应急响应状态。
西藏自治区应急指挥部
2025年1月7日
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།
主编 | 吾见才让
副主编 | 平多 桑布
编辑 | 格丹 先巴
来源 |西藏自治区应急指挥部
译文 | 阳光西藏