དིང་རིའི་ས་ཡོམ་དང་འབྲེལ་བ་མེད་པའི་དཀྲོག་གཏམ།

时事   2025-01-09 14:52   西藏  

༢༠༢༥ལོའི་ཟླ་༡ཚེས་༧ཉིན་གྱི་ཆུ་ཚོད་༩དང་སྐར་མ་༥ཐོག བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་༦.༨བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་༡༠ཟིན་ཡོད། ད་ལྟ་ཉེན་སེལ་རོགས་སྐྱོབ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། མངོན་མེད་ཉེན་ཁ་གྲལ་བཤེར་དང་། མང་ཚོགས་བཀོད་སྒྲིག གཏོར་སྐྱོན་ཐེབས་པའི་སྒྲིག་ཆས་མྱུར་བཟོ་སོགས་ཀྱི་ལས་དོན་ཡང་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།

2025年1月7日9时5分

西藏日喀则市定日县

发生6.8级地震

震源深度10千米

目前

抢险救援各项工作

正在加紧进行

震区隐患排查、群众避险安置

受损设施修复工作

已全面开展

དྲ་དམངས་ཀྱིས་ཐེར་འདོན་བྱས་པར་གཞིགས་ན། སྒེར་གྱི་སྨྱན་སྦྱོར་ཁག་ཅིག་གིས་རང་གི་ཁེ་ཕན་ཆེད་དུ། དྲ་ཐོག་གི་པར་རྙིང་པ་དང་AIརིག་ནུས་ལག་རྩལ་སོགས་སྤྱད་དེ་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་དང་འབྲེལ་བ་མེད་པའི་པར་རིས་དང་བརྙན་ཐུང་སོགས་ཆ་འཕྲིན་རྫུན་མ་སྤེལ་ནས་དྲ་དམངས་ལོག་ཁྲིད་ཚབས་ཆེན་བྱས་འདུག

网民举报,有部分自媒体为博眼球、蹭流量、吸引粉丝,利用网络旧图、AI智能技术等手段合成发布日喀则市定日县地震不实图片及音视频等信息,严重误导网民。

(自媒体AI合成图片、视频截图,与此次地震无直接关联)

(自媒体发布的网络旧图、视频截图,与此次地震无直接关联)

གོང་གི་ཞྭ་མོ་གྱོན་པའི་ཕྲུ་གུ་གྱང་རོའི་འོག་མནན་པའི་པར་འདི་བརྙན་ཐུང་སྟེགས་བུ་ཞིག་གི་ཐོག ཉུང་མཐར་ཡང་ཨང་རྟགས་༡༠ཡན་གྱིས་སྤེལ་ཡོད་པར་མ་ཟད། གཞིས་ཀ་རྩེའི་ས་ཡོམ་སྐོར་གྱི་ཁ་བྱང་སོགས་བྲིས་ཡོད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། གོང་གི་པར་དེ་ནི་AIལག་རྩལ་ལ་བརྟེན་ནས་བཟོས་པ་ཞིག་ཡིན་ཞིང་། དེའི་ཐོག་མའི་རྩོམ་པ་པོས་༢༠༢༤ལོའི་ཟླ་༡༡ཚེས་༡༨ཉིན་བརྙན་ཐུང་དེ་དང་གཅིག་པ་གཅིག་རྐྱང་ཞིག་སྤེལ་ནས། གཤམ་དུ་AIལག་རྩལ་ལ་བརྟེན་ནས་བཟོས་པ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད།

上面这张图片显示,一个戴帽子的小孩被重压在倒塌的建筑物下,在某短视频平台上,至少有10个以上的账号发布,并和西藏日喀则地震关联,有些甚至获得好几万的转评赞。经查证,上述图片由AI工具创作,原始作者在2024年11月18日发布了相同画面的短视频,并声明是AI生成。

དྲ་དམངས་ཚོས་ས་ཡོམ་དང་འབྲེལ་བ་མེད་པའི་ནོར་འཁྲུལ་རང་བཞིན་གྱི་ཆ་འཕྲིན་སྤེལ་ནས་ཁེ་ཕན་རག་ཐབས་བྱེད་མཁན་རིགས་དང་། ཡོམ་འགོག་གེགས་སེལ་གྱི་དོན་དངོས་དང་མི་མཐུན་པའི་དཀྲོག་གཏམ་སྤེལ་མཁན། དྲ་ཐོག་གི་པར་རྙིང་པ་དང་AIརིག་ནུས་ལག་རྩལ་སོགས་ཀྱི་བྱ་ཐབས་སྤྱད་དེ། ས་ཡོམ་དང་འབྲེལ་བ་མེད་པའི་པར་རིས་དང་བརྙན་ཐུང་སོགས་ཀྱི་ཆ་འཕྲིན་རྫུན་མ་སྤེལ་མཁན། དེ་བཞིན་བསམ་ངན་བཅངས་ནས་ས་ཡོམ་དང་འབྲེལ་བ་མེད་པའི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་དང་ཞལ་འདེབས་སློང་མཁན་གྱི་ཆ་འཕྲིན་རྫུན་མ་སྤེལ་མཁན་སོགས་ལ་དོགས་ཟོན་བྱ་དགོས།    

请广大网民警惕通过发布涉地震误导性信息进行博眼球、蹭流量、吸引粉丝的谣言信息,通过发布不符合客观抗震救灾实际、歪曲事实的谣言信息,通过利用网络旧图、AI智能技术等手段合成发布涉地震不实图片及音视频等谣言信息,通过恶意发布地震相关非法集资募捐的谣言信息。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴

来源 | 西藏网警

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章