ང་ཚོ་ཐུན་མོང་གི་ཆུ་ཚོད་བདུན་ཅུ་དོན་གཉིས།

时事   2025-01-10 23:49   西藏  


དིང་རི་བ། ཁྱེད་ཀྱི་ཆུ་ཚོད་༧༢ནི། ང་ཚོའི་ཆུ་ཚོད་༧༢ཀྱང་ཡིན།

  པར་གཞི་འདི་ཡིས། དིང་རིར་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་༧༢བརྟན་དུ་ངེས་པར་སྨོན།



 ཞོགས་པ་འདིར། རི་བོ་སྔར་བཞིན་དགུང་ལ་སྙེགས། སྤྲིན་དཀར་སྔར་བཞིན་རླུང་གིས་འདེད།  གྲོང་ཚོ་སྔར་བཞིན་བབ་ཆགས་དབེན་པར་གནས།  ཉི་མའི་འོད་ཟེར་སྔར་བཞིན་ཤར་རིའི་རྩེ་མོའི་འཕགས་ནས་འཕྲོས།

        འོན་ཀྱང་། ཨ་མ་རྒན་མོས་གསོལ་ཇ་བསྲུ་མ་ཞལ་ལ་མཆོད་བཞིན་འཛུམ་མདངས་བཞད་ལ་ཁད་དུ། སློབ་མ་ཚོས་ཞོགས་པའི་དཔེ་ཀློག་གི་སྒྲ་སྒྲོག་བཞིན་པའི་དུས། ནོར་ལུག་ལྷས་ར་ནས་ས་མཐོའི་ཉི་མའི་འོག་ཏུ་ཐོན་བཞིན་པའི་སྐབས།  གློ་བུར་དུ་འཇིགས་སྣང་ཆེ་བའི་སྐད་སྒྲ་ཞིག་རྣ་བར་གྲགས་པ་དང་བསྟུན་ནས་ས་གཞི་ཡམ་ཡོམ་དུ་འགུལ།  ས་ཡོམ་རིམ་པ་༦་༨ བརྒྱབ་སྟེ། གཉིད་ལས་སད་མ་ཐག་པའི་གྲོང་ཚོ་ཡོངས་ཐལ་བའི་རྡུལ་དུ་བརླགས།  

       སྐད་ཅིག་ཉིད་དུ་ཚེ་སྲོག་མང་པོ་བཅོམ་པ་དེས། འགྲེམ་བསྒྲགས་ཚོགས་འདུའི་མགྲིན་པ་བསྣངས་ཡོད་ལ། ཉི་མ་དང་ཟླ་བའི་མགྲིན་པ་བསྣངས་ཤིང་། དངངས་སྐྲག་དང་སེམས་ཁྲལ་གྲངས་ལས་འདས་པའི་མགྲིན་པ་བསྣངས་ཡོད།

       ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད། དུས་འདི་རུ། རོགས་སྐྱོབ་དངོས་ཟོག་བླུགས་པའི་རླངས་འཁོར་གཅིག་རྗེས་གཉིས་མཐུད་དུ་ལ་རྒྱབ་ལུང་བརྒལ་བྱས་ནས། ཉིན་མཚན་ལྟོས་མེད་དུ་གནོད་འཚེ་ཕོག་ཁུལ་དུ་རྒྱུགས།  

        མདུན་དུ་བསྐྱོད།  མདུན་ནས་མདུན་དུ་བསྐྱོད།  མདུན་ནས་མདུན་དུ་བསྐྱོད།

        མཚན་མོ་དེར་ཚང་མ་གེགས་སྐྱོབ་གུར་སྔོན་པོའི་ནང་མཉམ་དུ་སྡད་དེ་དཀའ་ངལ་གྲོལ་ཐབས་བྱས་པ་དང་། དེའི་ཁྲོད་ཐག་རིང་ནས་ཕེབས་པའི་རོགས་སྐྱོབ་པ་མང་པོ་ཡོད། 

       མིག་སྔར། ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་༡༨༧བཙུགས་ཟིན་པ་དང་མང་ཚོགས་མི་གྲངས་༤༦༠༠༠ལྷག་ཙམ་གནས་སྤོས་བཀོད་སྒྲིག་གང་ལེགས་བྱུང་ཡོད།

        དགའ་དགོས་པ་ཞིག་ལ་འདི་ལྟ་བུའི་བཀོད་སྒྲིག་ཁང་པ་རེ་རེ་བཞིན་བསླངསཡོད་པ་དང་། མང་ཚོགས་ཚོར་སྡོད་གནས་གསར་པ་བྱུང་ནས་དྲོ་སོབ་སོབ་ངང་དགུན་ཁ་འདི་སྐྱེལ་རྒྱུ་བྱུང་ཡོད།

       འདི་ནི་མ་ཡུམ་མེས་རྒྱལ་གྱི་སྒེར་སེམས་མེད་པའི་བརྩེ་བ་ཡིན་ལ། འདི་ནི་རྒྱུ་སྐར་དང་གནམ་མཐའ་སྒྲོལ་བའི་མི་ཡུལ་གྱི་དྲོ་སྐྱིད་ཡིན།

       གཟིགས་དང་། ཇོ་མོ་གླང་མའི་ཞོགས་པའི་དབུ་རྩེ་སྔར་བཞིན་མཛེས་སྡུག་ལྡན།  

       པར་གཞི་འདི་ཡིས། དིང་རིར་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་༧༢བརྟན་དུ་ངེས་པར་སྨོན།

                         

                         དིང་རི་བ།  ཁྱེད་ཀྱི་ཆུ་ཚོད་༧༢ ནི།

                           ང་ཚོའི་ཆུ་ཚོད་༧༢ཀྱང་ཡིན།

                                  བདེ་བར་སྨོན།





ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 藏语节目中心

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章