གེགས་སྐྱོབ་རླངས་འཁོར་སྔོན་ལ་གཏོང་དགོས།

时事   2025-01-09 11:59   西藏  


གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་ལས་དོན་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་བྱས་ནས། འཕྲལ་རྐྱེན་མྱུར་སེལ་དང་། སྨན་བཅོས་རོགས་སྐྱོབ་རླངས་འཁོར་སོགས་བདེ་འཇགས་དང་ཤར་གཏོང་ངང་འགྲོ་འོང་ཐུབ་པར་བྱ་ཆེད། བོད་རང་སྐྱོང་ལྗོངས་རིམ་མཐོའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས་མཉམ་དུ་སྤྱི་བསྒྲགས་སྤེལ་བའི་འབྲེལ་ཡོད་དོན་ཚན་གཤམ་གསལ།

ཡོམ་འགོག་གེགས་སེལ་ལས་དོན་མཇུག་མ་བསྒྲིལ་བར། རྒྱལ་ལམ་༤༢༡༨སི་ཁྲོན་གཡག་རྔ་ནས་ཤིན་ཅང་ཡེ་གྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྷ་སའི་སྣེའུ་ནས་གཞིས་ཀ་རྩེའི་བར་གྱི་དུམ་བུའི་གཞོགས་གཡོན་གྱི་འཁོར་ལམ་དེ་ཡོམ་འགོག་གེགས་སེལ་གྱི་རླངས་འཁོར་འགྲོ་འོང་བྱེད་པའི་ཤར་བགྲོད་འཁོར་ལམ་དུ་གཏན་འཁེལ་བྱས་ཡོད་པས། སྤྱི་ཚོགས་ཐོག་གི་རླངས་འཁོར་དག་གཞོགས་གཡས་ནས་བསྐྱོད་དགོས། དེར་བརྟེན་ཁ་ལོ་བ་རྣམས་ལ་དྲན་སྐུལ་ཞུ་རྒྱུར། འགྲུལ་བཞུད་བྱེད་པའི་བརྒྱུད་རིམ་ནང་ཡོམ་འགོག་གེགས་སེལ་དང་འབྲེལ་བའི་མཚོན་རྟགས་ཡོད་པའི་རླངས་འཁོར་མཐོང་ཚེ། རང་འགུལ་གྱིས་གཡོལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་གནང་ཐོག རོགས་སྐྱོབ་སྟོབས་ཤུགས་དང་གེགས་སེལ་དངོས་ཟོག་ཁག་དུས་ཐོག་ཏུ་ཡོམ་ཁུལ་དུ་འབྱོར་ནས། གནོད་འཚེ་ཕོག་པའི་སྤུན་ཟླ་སྔ་ཙམ་དཀའ་ངལ་ལས་ཐར་ཏེ་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུར་རོགས་རམ་གནང་རོགས།


为全力确保日喀则市定日县“1·07”抗震救灾工作顺利进行,保障应急救援、专用救灾和医疗救助等车辆安全顺畅通行,西藏自治区高等级公路事业发展和应急保障中心、西藏自治区公安厅公安交通管理局联合发布公告。现就有关事项公告如下↓


即日起至抗震救灾工作结束,将G4218雅叶高速拉萨柳梧至日喀则段左侧超车道设定为抗震救灾绿色通道,请社会车辆行驶右侧行车道,确保绿色通道畅通。在此,郑重提醒广大驾驶员朋友们,在行驶过程中发现悬挂有抗震救灾相关标识的应急救援、专用救灾和医疗救助车辆时,主动避让,以实际行动为抗震救灾工作提供有力支持,让每一份救援力量、每一批救灾物资都能及时抵达震区,帮助受灾同胞早日脱离困境,重建家园。



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章