བོད་རང་སྐྱོང་ལྗོངས་འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུས་རིམ་པ་གཉིས་པའི་ས་ཡོམ་གྱི་འཕྲལ་སྡོམ་བྱ་ཐབས་སྤེལ་བའི་སྐོར་གྱི་བརྡ་ཐོ།
བོད་ལྗོངས་ས་ཡོམ་ལས་ཁུངས་ཀྱིས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ༢༠༢༥ལོའི་ཟླ་༡ཚེས་༧ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་སྐར་མ་༥ཐོག བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་༦.༨བརྒྱབ་ཡོད་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་༡༠ཟིན་ཞིང་། ས་ཡོམ་གྱི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་༢༨.༥༠དང་། ཤར་གྱི་གཞུང་ཐིག་ཏུའུ་༨༧.༤༥ཐོག་ཡིན་པ་རེད། ས་ཡོམ་གྱི་འཕྲལ་སྡོམ་ལས་དོན་ཡག་པོ་བསྒྲུབ་ཆེད། བོད་རང་སྐྱོང་ལྗོངས་ས་ཡོམ་འཕྲལ་སྡོམ་སྔོན་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྗོངས་འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུས་༢༠༢༥ལོའི་ཟླ་༡ཚེས་༧ཉིན་གྱི་ཆུ་ཚོད་༡༢དང་སྐར་མ་༣༠ནས་རིམ་པ་གཉིས་པའི་ས་ཡོམ་གྱི་འཕྲལ་སྡོམ་བྱ་ཐབས་སྤེལ་བ་རེད།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་། འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུའུ། དེ་བཞིན་ཁོངས་གཏོགས་ཚན་པ་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་བཅས་ཀྱི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་པོ་བྱས་ནས། གནོད་འཚེར་ཁ་གཏད་གཅོག་པ་དང་། མི་སྣ་མྱུར་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་གང་ལེགས་བྱེད་དགོས། རིམ་ཁག་འབྲེལ་ཡོད་འགན་འཁུར་བ་འཕྲལ་དུ་ལས་གནས་ཐོག་ལོག་སྟེ། ཉིན་མཚན་བསྟུད་མར་ལས་གནས་བརྟན་སྲུང་བྱེད་དགོས། རིམ་ཁག་ཉེན་སེལ་རོགས་སྐྱོབ་རུ་ཁག་གིས་གྲ་སྒྲིག་ཨང་གསར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་ཏེ། གནོད་འཚེའི་གྱོང་གུན་ཕོག་ཚད་ཆུང་ཤོས་སུ་གཏང་ཐུབ་པར་བྱེད་དགོས།
བོད་རང་སྐྱོང་ལྗོངས་འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུའུ་ནས།
༢༠༢༥ལོའི་ཟླ་༡ཚེས་༧ཉིན།
西藏自治区应急指挥部关于启动
二级地震应急响应的通知
据西藏地震台网测定:2025年1月7日09时05分,西藏自治区日喀则市定日县发生6.8级地震(北纬28.50度,东经87.45度),震源深度10公里。为切实做好地震应急工作,根据《西藏自治区地震应急预案》有关规定,区应急指挥部决定自2025年1月7日12时30分启动二级应急响应。
各级党委、政府、应急指挥部及成员单位要高度重视,认真执行自治区党委、政府、应急指挥部领导工作部署和要求,加强会商研判,做好灾害应对和人员搜救转移避险工作,全力保障人民群众生命财产安全。各级相关负责人立即上岗到位,24小时值班值守;各级抢险救援队伍严阵以待,确保人民群众生命安全,最大程度减轻灾害损失。
西藏自治区应急指挥部
2025年1月7日
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།
主编 | 吾见才让
副主编 | 平多 桑布
编辑 | 格丹 先巴
来源 | 西藏自治区应急指挥部
译文 | 阳光西藏