དིང་རི་རྫོང་ལ་ས་ཡོམ་རིམ་པ་༦.༨བརྒྱབ་འདུག

时事   2025-01-07 09:56   西藏  

速报参数

ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། སྤྱི་ཟླ་༡ཚེས་༧ཉིན་གྱི་ཆུ་ཚོད་༩དང་སྐར་མ་༥ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་༦.༨བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་༡༠ཟིན་ཞིང་། ས་ཡོམ་གྱི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་༢༨.༥༠དང་། ཤར་གྱི་གཞུང་ཐིག་ཏུའུ་༨༧.༤ཐོག་ཡིན་པ་རེད།


速报参数:据中国地震台网正式测定,1月7日9时5分在西藏日喀则市定日县发生6.8级地震,震源深度10公里,震中位于北纬28.50度,东经87.45度。


基础背景

མཐའ་འཁོར་གྱི་གྲོང་ཚོ། ཐེངས་འདིའི་ས་ཡོམ་རྒྱག་སའི་ཉེ་འགྲམ་གྱི་སྤྱི་ལེ་༥ནང་ཁོངས་སུ་ཐང་རི་གྲོང་ཚོ་དང་། གཞལ་བྲོད་གྲོང་ཚོ། དགའ་རེ་སྒོར་སྐྱིད་གྲོང་ཚོ། སྨོན་ཏོག་གྲོང་ཚོ། མཚོ་སྒང་ཤང་དང་། ཆུ་ལྷོ་ཤང་བཅས་ཡོད་པ་རེད།

附近村镇:本次地震周边5公里内的村庄有塘仁村、雪珠村、嘎热果吉村、美朵村、查吉、拉仓、康穷,20公里内的乡镇有措果乡、曲洛乡。


ས་ཡོམ་རྒྱག་སའི་ལྟེ་བ་དེ་གཏིང་སྐྱེས་རྫོང་དང་བར་ཐག་སྤྱི་ལེ་༣༤དང་། དིང་རི་རྫོང་དང་བར་ཐག་སྤྱི་ལེ་༣༦། ལྷ་རྩེ་རྫོང་དང་བར་ཐག་སྤྱི་ལེ་༦༧། ས་སྐྱ་རྫོང་དང་བར་ཐག་སྤྱི་ལེ་༧༡། ངམ་རིང་རྫོང་དང་བར་ཐག་སྤྱི་ལེ་༩༢། གཞིས་ཀ་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༡༦༤། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༣༧༩བཅས་ཡོད་པ་རེད།

周边县城:震中距定结县34公里、距定日县36公里、距拉孜县67公里、距萨迦县71公里、距昂仁县92公里,距日喀则市164公里,距拉萨市379公里。


ས་ཡོམ་རྒྱག་སའི་སྤྱི་ལེ་༥ཡི་སར་ས་བབ་མཐོ་ཚད་ལ་སྨི་༤༢༥༩ཡོད།

震中地形:震中5公里范围内平均海拔约4259米。


ཀྲུང་གོ་ས་ཡོམ་དྲ་བའི་མྱུར་མགྱོགས་སྙན་ཞུའི་དཀར་ཆག་གཞིར་བཟུང་། ཉེ་བའི་ལོ་༥ཡི་རིང་ཐེངས་འདིའི་ས་ཡོམ་ལྟེ་བའི་མཐའ་འཁོར་གྱི་སྤྱི་ལེ་༢༠༠ཡི་ནང་རིམ་པ་༣ཡན་གྱི་ས་ཡོམ་ཐེངས་༢༩བརྒྱབ་ཡོད་པ་དང་། དེའི་ཁྲོད་ཐེངས་འདིའི་ས་ཡོམ་ནི་རིམ་པ་མཐོ་ཤོས་ཡིན་པ་རེད། ས་ཡོམ་གྱི་རིམ་པ་ཆེ་ཆུང་ལྟར་གོང་གི་ལོ་རྒྱུས་སྟེང་གི་ས་ཡོམ་རིམ་པ་ཆེ་ཤོས་༥༠ཡི་ཁྱབ་ཚུལ་གཤམ་གསལ། 

历史地震:根据中国地震台网速报目录,震中周边200公里内近5年来发生3级以上地震共29次,最大地震是本次地震,历史地震分布如图。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先把

来源 | 中国地震台网 

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章