དགུན་གྱི་ཕུ་མ་གཡུ་མཚོ།། གངས་ལྗོངས་མཛེས་པའི་རྒྱན་རེད།།

时事   2025-01-06 17:31   西藏  

   དགུན་གྱི་དུས་འདིར། འཛམ་གླིང་ཡང་རྩེའི་མདོ་དབུས་མཐོ་སྒང་གི་ཕྱོགས་མཐའ་ཀུན་ཏུ་རབ་དཀར་གངས་རིའི་ཕྲེང་བས་ཡོངས་སུ་སྐོར་ཞིང་དྲོ་ཞིང་འཇམ་པའི་ཉི་མས་འཛིན་མའི་བཞིན་བཟང་ཡངས་པོར་དྲོད་ཀྱི་འོད་སྣང་ངོམས་མེད་དུ་སྦྱིན་པར་བྱེད་པ་དང་། ཤེལ་གྱི་མཆོད་རྟེན་ལྟ་བུའི་འཁྱགས་རོམ་ནི་དེ་བས་ཀྱང་ངོ་མཚར་ལྟ་ན་སྡུག

     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རུ་ཡོད་པའི་ཕུ་མ་གཡུ་མཚོ་ནི་ཡིད་དབང་ཅིག་ཅར་འཕྲོག་སྲིད་པའི་མཛེས་སྡུག་ལྡན་པའི་མཚོ་ཞིག་ཡིན་ལ། མིང་དེའི་དོན་ནི་བུ་མོ་ཡིད་འཕྲོག་མ་ཞིག་གི་མིག་ཆུ་ལ་གོ མཚོ་དེ་ས་བབ་སྨི་༥༠༡༠ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་ཤིང་། བོད་ཀྱི་ཆེས་མཛེས་སྡུག་ལྡན་པའི་མཚོ་མོའི་ནང་གི་གཅིག་ཡིན་པར་མ་ཟད། འཛམ་གླིང་སྟེང་གི་ས་བབ་ཆེས་མཐོ་ཤོས་ཀྱི་ཚ་མེད་མཚོ་ཞིག་ཀྱང་ཡིན། གྲང་ངར་ཅན་གྱི་དགུན་རླུང་དྲག་པོ་ཧྲག་ཧྲག་ཏུ་ལྡིང་དུས་མཚོ་འདིའི་ངོས་སུ་འཁྱགས་རོམ་ཆགས་སྲིད་ལ། རྟ་བདུན་དབང་པོའི་འོད་ཟེར་སྤྲིན་པའི་བང་རིམ་བརྟོལ་ནས་མཚོ་མོའི་འཁྱགས་རོམ་ངོས་སུ་འཕྲོ་དུས། དོ་ཤལ་གྱི་འཕྱོར་སྒེག་སྤྲས་པའི་མཚོ་མོ་ཡང་འོད་ཆེམ་ཆེམ་ཅན་གྱི་སྔོན་མདངས་རྒྱས་སྲིད། 


冬日的西藏 

 除了雪山和日光城

还有惊艳整个冬日的

“蓝冰 ”奇观


普莫雍措

意为“少女的眼泪”

位于喜马拉雅山脉间

海拔约5010米

是西藏最美的湖泊之一

也是世界上海拔最高的淡水湖之一

每当深冬季节

湖面被逐渐冰封

阳光透过云层

照在普莫雍错巨大的湖面上

波光粼粼、蔚蓝剔透

形成“蓝冰”景观

པར་རིས།

多图直击









ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 西藏卫视+

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章