ཁང་པ་ཉོ་མཁན་ཚོར་ཕུལ་བའི་གཏམ་བཟང་།

时事   2025-01-03 10:23   西藏  

༢༠༢༤ལོའི་ཟླ་༥ཚེས་༡༧ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་གཏང་རྒྱུ་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་༠.༢༥དམའ་རུ་གཏང་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།  གཏན་འབེབས་གཞིར་བཟུང་། དེའི་གོང་སྤྲད་ཟིན་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་དེ་༢༠༢༥ལོའི་ཟླ་༡ཚེས་༡ཉིན་ནས་བཟུང་སྐྱེད་ཚད་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

2024年5月17日,中国人民银行发布关于下调个人住房公积金贷款利率的通知,宣布下调个人住房公积金贷款利率0.25个百分点。根据规定,在此之前已经发放的住房公积金个人住房贷款,将自2025年1月1日起执行新的利率。


ལག་ཡོད་ཁང་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ལེགས་སྒྲིག་ཇི་ལྟར་བྱ་དགོས།

ལག་ཡོད་ཁང་པའི་དངུལ་བུན་ཞེས་པ་ནི་༢༠༢༤ལོའི་ཟླ་༥ཚེས་༡༨ཉིན་གོང་སྤྲད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་ལ་ཟེར་ཞིང་། སྤྱི་ལོ་༢༠༢༥ལོའི་ཟླ་༡ཚེས་༡ཉིན་ནས་བཟུང་། མིང་འོག་གི་ཁང་པ་དང་པོ་དང་གཉིས་པ་གཞིར་བཟུང་སྐྱེད་ཚད་ལེགས་སྒྲིག་བྱ་རྒྱུ་སྟེ།

མིང་འོག་གི་ཁང་པ་དང་པོར། ལོ་༥མན་༼ ལོ་༥ཚུད ༽གྱི་དངུལ་བུན་སྐྱེད་ཚད་དེ་བརྒྱ་ཆའི་༢.༣༥ཡིན་པ་དང་། ལོ་༥ཡན་གྱི་དངུལ་བུན་སྐྱེད་ཚད་དེ་བརྒྱ་ཆའི་༢.༨༥ཡིན།

མིང་འོག་གི་ཁང་པ་གཉིས་པར། ལོ་༥མན་༼ ལོ་༥ཚུད ༽གྱི་དངུལ་བུན་སྐྱེད་ཚད་དེ་བརྒྱ་ཆའི་༢.༧༥ཡིན་པ་དང་། ལོ་༥ཡན་གྱི་དངུལ་བུན་སྐྱེད་ཚད་དེ་བརྒྱ་ཆའི་༣.༣༢༥ཡིན།


存量房公积金贷款利率如何调整


存量房贷款,是指2024年5月18日前发放的住房公积金个人住房贷款,于2025年1月1日起开始,按相应首套、二套利率调整,即——


  • 首套自住住房:5年以下(含5年)贷款利率为2.35%,5年以上贷款利率为2.85%;


  • 二套自住住房:5年以下(含5年)贷款利率为2.775%,5年以上贷款利率为3.325%。

སྐྱེད་ཚད་རང་འགུལ་གྱིས་ལེགས་སྒྲིག་བྱེད་ཀྱི་ཡོད་པས། ཆེད་མངགས་རེ་ཞུ་བྱ་མི་དགོས།

༢༠༢༤ལོའི་ཟླ་༥པར་བཏོན་པའི་སྲིད་ཇུས་དེ་༢༠༢༥ལོའི་ཟླ་༡ཚེས་༡ཉིན་གཞི་ནས་ལག་བསྟར་བྱ་དགོས་དོན་གང་ཡིན་ཞེ་ན། འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱ་ལྟར་ན། སྔོན་ནས་གཡར་ཟིན་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དེ་ལོ་རྗེས་མའི་ཟླ་༡ཚེས་༡ཉིན་ནས་བཟུང་ད་གཟོད་གཞི་ནས་ལེགས་སྒྲིག་བྱས་རྗེས་ཀྱི་སྐྱེད་ཚད་ལག་བསྟར་བྱ་དགོས་ཀྱི་ཡོད་པས་རེད།

དེ་ཡང་དངུལ་གྲངས་སྒོར་ཁྲི་༡༠༠དང་། དངུལ་བུན་གཡོར་ཚད་དུས་ཡུན་ལོ་༣༠བྱས་པའི་རང་ཉིད་མིང་འོག་གི་ཁང་པ་དང་པོའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དཔེར་བཞག་ན། གྲངས་མཚུངས་མ་སྐྱེད་ཀྱི་དངུལ་བུན་འཇལ་སྟངས་༼ ཟླ་རེར་འཇལ་དགོས་པའི་དངུལ་གྲངས་ལ་འགྱུར་བ་མེད ༽བདམས་ཚེ།  ཟླ་རེར་འཇལ་དགོས་པའི་དངུལ་གྲངས་དེ་སྒོར་༤༢༧༠.༡༦ནས་སྒོར་༤༡༣༥.༥༧བར་ཆག་རྒྱུ་དང་། སྤྱིའི་སྐྱེད་ཀའི་གཏོང་སྒོ་སྒོར་ཁྲི་༤.༨༥ཉུང་དུ་འགྲོ་རྒྱུ་རེད།

དོ་སྣང་བྱ་དགོས་པ་ཞིག་ནི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་གསར་པ་དེ་རང་འགུལ་ངང་ལེགས་སྒྲིག་བྱེད་ཀྱི་ཡོད་པས་ཆེད་མངག་རེ་ཞུ་བྱ་མི་དགོས། 


利率自动调整 不需要手动申请


为何2024年5月份出台的政策,2025年1月1日才下调?按照相关规定要求,之前的住房公积金贷款要到次年1月1日起,才能执行调整后的利率。


以一笔金额100万元、期限30年的首套住房公积金个人住房贷款为例,选择等额本息还款方式(每月还款额不变),月供将由4270.16元降至4135.57元,总利息支出将减少4.85万元。


需要注意的是,新的住房公积金贷款利率会自动调整,不需要手动申请。目前来看,当前的公积金贷款利率已经创造了历史最低纪录。


































































ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴

来源 | 央视新闻

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章