སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་བཀའ་བཀོད་དང་སྲིད་བློན་ལི་ཆང་གིས་བཏོན་པའི་བླང་བྱ་གཞིར་བཟུང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཀྲང་གོ་ཆིང་གིས་སྤྱི་ཚེས་༧ཉིན་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཁྲིད་དེ། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་ས་ཡོམ་རྒྱག་ཁུལ་གྱི་ཡུལ་དངོས་སུ་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
根据习近平总书记重要指示和李强总理要求,中共中央政治局委员、国务院副总理张国清于7日率有关部门负责同志赶赴西藏日喀则地震灾区现场指导应急救援处置工作。
ཀྲང་གོ་ཆིང་གཞིས་ཀ་རྩེར་འབྱོར་རྗེས། འཕྲལ་དུ་གནོད་འཚེ་ཚབས་ཆེན་ཕོག་པའི་དིང་རི་རྫོང་གྲང་སོ་ཤང་གི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་སྤེལ་ཡུལ་དང་། གནས་སྐབས་བཀོད་སྒྲིགས་ཁུལ། སྨན་ཁང་སོགས་ལ་ཕེབས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་རྨས་སྐྱོན་ཕོག་པའི་མི་སྣར་འཚམས་འདྲི་གནང་བ་མ་ཟད། མི་སྣ་འཚོལ་སྐྱོབ་དང་། སྨན་བཅོས་རོགས་སྐྱོབ། དངོས་ཟོག་འགན་སྲུང་། འཚོ་བ་བཀོད་སྒྲིག གཏོར་སྐྱོན་ཐེབས་པའི་སྒྲིག་བཀོད་མྱུར་བཟོ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་ཞིང་། ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བཀོད་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་དང་། སྲིད་བློན་ལི་ཆང་གི་བླང་བྱ་བརྒྱུད་བསྒྲགས་བྱས་ཏེ་གོམ་སྟབས་རྗེས་མའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཀྲང་གོ་ཆིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེའི་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད་པ་དང་། ས་ཡོམ་བརྒྱབ་རྗེས་དེ་མ་ཐག་མཛུབ་སྟོན་དང་མཆན་འགོད་གལ་ཆེན་གནང་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་མཁན་ལ་སྨན་བཅོས་བྱེད་དགོས་པ་དང་། གནོད་འཚེ་ཡང་བསྐྱར་ཕོག་པར་སྔོན་འགོག་བྱེད་དགོས་པ། མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ། གེགས་སྐྱོབ་དངོས་ཟོག་དུས་ཐོག་ཏུ་གཏོང་སྤྲོད་བྱེད་དགོས་པ། གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱེད་དགོས་པ། བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་གྱི་གྲང་ངར་མི་ཐེབས་པར་བྱེད་དགོས་པ་སོགས་ཀྱི་ཐད་བཀོད་སྒྲིག་གནང་ཡོད་ལ། སྲིད་བློན་ལི་ཆང་གིས་ཀྱང་ཉེན་སེལ་རོགས་སྐྱོབ་དང་། ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་སོགས་ལ་བཀོད་སྒྲིག་ཡག་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པས། བོད་ལྗོངས་དང་འབྲེལ་ཡོད་ཕྱོགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་དང་སྲིད་བློན་ལི་ཆང་གི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གོང་དུ་བཀུར་བ་གཉིས་མཐའ་འཁྱོངས་ཀྱིས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་མུ་མཐུད་སྤེལ་ནས། གེགས་ཁུལ་གྱི་མི་སྣ་ཤི་རྨས་དང་གནོད་འཚེའི་གྱོང་གུན་ཉུང་དུ་གཏང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
张国清抵达日喀则后即赶往受灾最重的定日县长所乡,先后到抢险处置现场、临时安置点和医院,代表党中央、国务院看望慰问受灾群众和受伤人员,查看人员搜救、医疗救治、物资保障、生活安置和损毁设施抢修等情况。随后主持召开会议,传达习近平总书记重要指示批示精神和李强总理要求,研究部署下一步抗震救灾工作。张国清指出,习近平总书记十分关心西藏日喀则地震灾情,十分牵挂受灾群众,地震发生后第一时间作出重要指示批示,对全力开展人员搜救、全力救治受伤人员、防止发生次生灾害、妥善安置受灾群众、及时调拨抢险救援物资、抓紧抢修损毁基础设施、确保安全温暖过冬等作出部署。李强总理对抢险救援、震情监测、受灾群众生活保障等作出安排,提出明确要求。西藏和各有关方面要坚决贯彻落实习近平总书记重要指示批示精神和李强总理要求,坚持“两个至上”,继续有力有序有效开展应急救援,最大限度减少人员伤亡和灾害损失。
ཀྲང་གོ་ཆིང་གིས། མུ་མཐུད་དུ་མི་སྣ་འཚོལ་སྐྱོབ་གང་ཐུབ་བྱས་ཏེ། གྲོང་ཚོ་དང་ཁྱིམ་ཚང་རེ་རེ་བཞིན་གྲལ་བཤེར་ཏེ་མི་སྣ་འཚོལ་སྐྱོབ་བྱས་ནས་མི་གཅིག་ཀྱང་མི་ལུས་པར་བྱེད་དགོས་པ་དང་། རྨས་སྐྱོན་ཕོག་མཁན་ལ་སྨན་བཅོས་གང་ཐུབ་བྱེད་པ་དང་། སྨན་བཅོས་སྐྱོབ་བཅོས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། རྨས་སྐྱོན་ཕོག་པའི་རྐྱེན་དབང་པོ་སྐྱོན་ཅན་དུ་འགྱུར་བའི་གནས་ཚུལ་ཉུང་དུ་གཏང་གང་ཐུབ་བྱེད་དགོས་ལ། གནོད་འཚེ་ཕོག་ཁུལ་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་རི་ཁུལ་དུ་གནས་ཤིང་། མི་རིགས་མཐའ་མཚམས་ས་ཁུལ་ཡིན་ལ། དགུན་དུས་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། དྲོད་སྲུང་དྲོད་ལེན་ལས་དོན་མགྱོགས་མྱུར་དང་ཞིབ་ཚགས་ངང་ལེགས་པར་སྒྲུབ་པ་དང་། དྲོད་སྲུང་དྲོད་ལེན་སོགས་ཀྱི་འཚོ་བའི་མཁོ་ཆས་གང་མགྱོགས་འདང་ངེས་བསྡུ་རུབ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཡོངས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས། ཡོམ་འཕྲོ་རྒྱག་མིན་ལྟ་ཞིབ་ཚད་ལེན་བྱས་ཏེ། སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཏོར་སྐྱོན་ཕོག་པའི་ཁང་པ་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཐོག ས་གནས་ས་ཐོག་གི་བདེ་འཇགས་དོ་དམ་ཚོད་འཛིན་དང་བདེ་འཇགས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཞོར་སྐྱོན་མི་ཡོང་བར་བྱེད་དགོས། བསྐྱར་སྐྲུན་ལས་ཀར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་། འཕྲལ་སྡོམ་བར་བརྒལ་སྐབས་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་དུས་ཐོག་ཏུ་གུར་ནང་སྡོད་ཐུབ་པ་བྱེད་དགོས་ལ། སྒྲོམ་ཁང་གང་མགྱོགས་བཀོད་སྒྲིག་བྱེད་དགོས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁང་པ་བསྐྱར་སྐྲུན་བྱེད་པའི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས་པར་མ་ཟད། འབྲེལ་ཡོད་ཚན་པས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་སྔ་ཙམ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ཁང་པའི་ནང་སྡོད་ཐུབ་པ་བྱེད་དགོས་ལ། འཕྲལ་སྡོམ་རོགས་སྐྱོབ་གནས་ཚུལ་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཡོད་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
张国清强调,要继续全力开展人员搜救,挨村挨户搜救人员,确保不落一人。要全力救治伤员,精心组织医疗救治力量,尽最大努力减少因伤致残。灾区位于高寒高海拔山区和民族边境地区,正值冬季且昼夜温差大,要尽速周密做好保暖取暖工作,尽速调集足够的保暖取暖等生活物资,安排好每一位受灾群众基本生活。要加强余震监测预警,全面排查受损房屋及地质灾害隐患,强化现场安全管控和安全巡查,坚决避免次生伤亡。要加快推进灾后重建,应急过渡期要确保所有受灾群众及时入住帐篷,同时尽快调配建设活动板房,统筹推进受灾群众房屋重建事宜,相关部门要继续加大支持力度、继续加快工作进度,确保受灾群众早日住上安全温暖房。要及时准确发布应急救援情况,积极回应社会关切。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ། རྒྱལ་མཚན།
主编 | 吾见才让
副主编 | 平多 桑布
编辑 | 格丹 先巴 坚才
来源 | 新华社
译文 | 阳光西藏