གལ་སྲིད་དྲ་གྲོགས་ཀྱིས་ཁྱེད་རང་ལ་
ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ནས་སྒོར་ཁྲི་༥༠བསྐུར་ཏེ།
མ་འཇོག་བྱེད་རོགས་ཞུས་ན།
ཁྱེད་ཀྱིས་རོགས་པ་བྱེད་སྲིད་དམ།
གཟབ་གཟབ་གནང་ན་མ་གཏོགས་
འདི་ཡང་ཁྲམ་པས་ཇུས་འགོད་ཞིབ་ཚགས་བྱས་པའི་
གཡོ་ཇུས་ཤིག་རེད་འདུག
网友“慷慨”转了50万元
让你帮忙投资
这个忙,你帮不帮?
小心!这可能是诈骗分子
精心设计的一场骗局
ཉེ་དུས། ཅང་སུའུ་གྱི་ཨ་ཅག་ལི་ལགས་ལ་དྲ་ཐོག་ནས་དྲ་གྲོགས་ཤིག་ངོ་ཤེས་པ་དང་། དྲ་གྲོགས་དེས་ཁོང་ལ་སྒོར་ཁྲི་༥༠བསྐུར་ཏེ་མ་འཇོག་བྱེད་རོགས་ཞུས་པ་རེད། དང་ཐོག་ཨ་ཅག་ལི་ལགས་ཀྱིས་དྲ་གྲོགས་དེས་སྐུ་རྩེད་ཞུས་པར་སྙམ་ནས་སེམས་ནང་བཞག་མེད་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་དྲ་གྲོགས་དེས་དངོས་གནས་ཁོང་ལ་སྒོར་ཁྲི་༥༠བསྐུར་ཡོད་པ་རེད།
ཨ་ཅག་ལི་ལགས་དང་ཁོང་གིས་བཟའ་ཟླ་སྐུ་ཞབས་ལིའུ་ལགས་ཀྱིས་དེའི་རྗེས་དངུལ་འདོན་སའི་འཕྲུལ་ཆས་ནས་དངོས་གནས་སྒོར་ཁྲི་༤བཏོན་ཐུབ་པས། སྐུ་ཞབས་ལི་ལགས་ཀྱིས་འཕྲལ་དུ་ཉེན་རྟོག་པར་སྙན་སེང་ཞུས་པ་རེད།
ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་གོང་མགོ་སྐོར་ཕོག་མཁན་གྱིས་དངུལ་དེ་ཨ་ཅག་ལི་ལགས་ཀྱི་རྩིས་ཐོའི་ནང་བསྒྱུར་རྗེས། ཁྲམ་པས་ཨ་ཅག་ལི་ལགས་ལ་ཁྲིམས་འགལ་གྱི་མཉེན་ཆས་བརྒྱུད་མ་འཇོག་བྱེད་རོགས་ཞེས་བསླུ་བྲིད་བྱས་ནས། གཡོ་ཇུས་ལེགས་འགྲུབ་ཡོང་བར་བྱེད་ཀྱི་ཡོད་པ་རེད།
ད་ཆ། ཉེན་རྟོག་པས་མགོ་སྐོར་འོག་ཚུད་མཁན་དང་འབྲེལ་བ་བྱེད་ཐུབ་ཡོད་པ་དང་། དངུལ་ཡང་སྤྲོད་བཞིན་ཡོད་པ་རེད།
近日,江苏连云港东海县的李女士在网上认识了一名“网友”,对方“慷慨”地给李女士转了50万元让其帮忙投资。李女士本以为对方是说着玩的,没想到对方真的转了。
李女士和丈夫刘先生简直不敢相信,随后夫妻俩到取款机上真的取出来了4万元现金。刘先生越想越不对劲,于是报了警。
民警介绍,上一层的受骗人将钱款转入李女士的账户后,骗子便会诱导李女士通过非法的App软件进行所谓的投资,再把钱转走,完成诈骗闭环。
目前,民警已将两笔汇款取出,并联系到了该笔资金的真正受害人,返还工作正在进行中。
ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།
རང་ཉིད་ཀྱི་དངུལ་ཁང་བྱང་བུ་དང་།
ཁ་པར་བྱང་བུ་གཉིས་རང་ཉིད་ངོ་མས་བེད་སྤྱོད་བྱ་དགོས་པ་ལས།
མི་གཞན་ལ་གཡོར་བའམ་བཙོང་བ།
བོགས་མར་གཏོང་བ་སོགས་གཏན་ནས་བྱེད་མི་རུང་།
民警提醒大家
个人“两卡”不出借
银行卡、电话卡仅限本人使用
不得以任何形式
出借、出租、出售给他人使用
转发给身边的人!
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།
主编 | 吾见才让
副主编 | 平多 桑布
编辑 | 格丹 先巴
来源 | 新华社综合
译文 | 阳光西藏