ཝང་ཅུན་ཀྲེང་ས་ཡོམ་རྒྱག་ཁུལ་དུ་ལས་དོན་མཛུབ་ཁྲིད་གནང་བར་ཕེབས་པ།

时事   2025-01-07 16:47   西藏  

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་བཀོད་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས། གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ་༦.༨ཀྱི་གནོད་འགོག་གེགས་སེལ་ལས་དོན་འཕྲལ་དུ་སྤེལ་བ། 

ཝང་ཅུན་ཀྲེང་གིས་དུས་ཚོད་ཨང་དང་པོར་བཀོད་སྒྲིག་བྱས་ཤིང་། ས་ཡོམ་རྒྱག་ཁུལ་དུ་ལས་དོན་མཛུབ་ཁྲིད་གནང་བར་ཕེབས་པ།


认真贯彻落实习近平总书记重要指示精神

迅速开展日喀则市定日县6.8级地震抗震救灾工作

王君正第一时间调度部署并赶赴震区现场指挥


སྤྱི་ཟླ་༡ཚེས་༧ཉིན་གྱི་ཆུ་ཚོད་༩དང་སྐར་མ་༥ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་༦.༨བརྒྱབ་པ་རེད། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད་བཀའ་བཀོད་གལ་ཆེན་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གནོད་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་དང་། འཕྲལ་རྐྱེན་མྱུར་སེལ་པུས་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ས་ཡོམ་བྱ་ཐབས་སྤེལ་འགོ་ཚུགས་ཤིང་། ས་ཡོམ་རྒྱག་ཁུལ་དུ་ལས་དོན་མཛུབ་ཁྲིད་བྱེད་པའི་ལས་དོན་ཚོ་ཆུང་བཏང་བ་རེད། བོད་ཀྱིས་གནོད་འགོག་གེགས་སེལ་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་བཀོད་གལ་ཆེན་གྱི་དགོངས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གནོད་འགོག་གེགས་སེལ་བཀོད་འདོམས་པུའི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་རིམ་པ་གཉིས་པའི་ས་ཡོམ་བྱ་ཐབས་ལག་བསྟར་བྱེད་འགོ་ཚུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་དུ་ལས་ཀའི་བླང་བྱ་བཏོན་ཏེ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ལས་དོན་བཀོད་སྒྲིག་གནང་བར་ཕེབས་པར་མ་ཟད། ས་ཡོམ་རྒྱག་ཁུལ་དུ་དངོས་སུ་མཛུབ་ཁྲིད་གནང་བར་ཕེབས་པ་རེད། ཁོང་གིས་མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ། འཕྲལ་དུ་བྱ་སྤྱོད་སྤེལ་ནས། ནུས་ཤུགས་ཡོད་རྒུས་གནོད་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་ཐོག མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་གང་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


1月7日9时5分,日喀则市定日县发生6.8级地震。地震发生后,习近平总书记高度重视并作出重要指示,国务院抗震救灾指挥部办公室、应急管理部启动国家地震应急三级响应,并派出工作组赴震区指导抗震救灾工作。西藏认真贯彻落实习近平总书记对抗震救灾工作的重要指示精神,贯彻落实国务院抗震救灾指挥部相关部署,启动自治区地震二级应急响应。自治区党委书记王君正第一时间提出工作要求,到自治区维稳指挥部调度部署,并赶赴震区现场指挥抗震救灾工作。强调,要坚持人民至上、生命至上,迅速行动起来,全力做好抗震救灾工作,最大限度保障人民群众生命财产安全。


1月7日,自治区党委书记王君正在自治区维稳指挥部调度部署日喀则市定日县6.8级地震抗震救灾工作。记者 旦增西旦 摄


ཝང་ཅུན་ཀྲེང་གིས་མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བྱས་ཏེ། མི་སྣ་མྱུར་སྐྱོབ་བྱེད་པའི་དུས་ཚོད་བཟང་ཤོས་དམ་འཛིན་ཧུར་ཐག་བྱས་ཐོག ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མི་སྣར་སྨན་བཅོས་ཡག་པོ་བྱེད་དགོས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱས་ཏེ། མི་སྣ་ཤི་རྨས་བྱུང་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


王君正强调,要坚持人民至上、生命至上的理念,科学调配专业救护力量,抢抓黄金救援期,全力救治受伤人员,及时组织防灾避险,妥善转移安置受灾群众,最大限度减少伤亡。


1月7日,自治区党委书记王君正在自治区维稳指挥部调度部署日喀则市定日县6.8级地震抗震救灾工作。记者 旦增西旦 摄


ཝང་ཅུན་ཀྲེང་གིས་འཕྲལ་རྐྱེན་མྱུར་སེལ་རོགས་སྐྱོབ་སྟོབས་ཤུགས་བཀོད་གཏོང་གང་ལེགས་བྱས་ཏེ། དངོས་ཟོག་གྲབས་གསོག་ཡག་པོ་བྱེད་དགོས་པ་དང་། གནོད་འཚེ་ཕོག་ཚུལ་ལེབ་བཤེར་དང་། མང་ཚོགས་ལ་སེམས་གསོ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་པ་དང་། ཁོ་ཚོའི་གཞི་རྩའི་འཚོ་བ་འགན་ལེན་གང་ལེགས་ཐུབ་པར་བྱེད་དགོས་ལ། མི་ཧྲེང་རྒན་རྒོན་དང་། གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་གཙོ་གནད་ཐོག་དོ་འཁུར་དང་དམིགས་བསལ་ལྟ་རྟོག་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཚོར་གྱོན་གོས་མཐུག་པོ་གོན་རྒྱུ་ཡོད་པ་དང་། ཁ་ལག་ཚ་པོ་བཟའ་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། བདེ་འཇགས་དང་དྲོ་སོབ་སོབ་ཀྱི་གནས་སྐབས་སྡོད་ས་ཡོད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


王君正强调,要强化应急抢险救援力量调度,做好物资准备,开展灾情摸排、安抚群众情绪,全力做好灾区群众安置和基本生活保障,对孤寡老人、留守儿童、困难群众给予重点关注和特殊照顾,让受灾群众有棉衣穿、有热饭吃、有干净水喝、有安全温暖的临时住所。


ཝང་ཅུན་ཀྲེང་གིས་ནུས་ཤུགས་ཡོད་རྒུས་ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱེད་དགོས་པ་དང་། ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལེབ་བཤེར་གང་མགྱོགས་བྱེད་དགོས་པར་མ་ཟད། ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་བྱས་ནས། ཞོར་ཐོན་གནོད་འཚེས་རྐྱེན་པའི་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གསར་པ་མི་ཕོག་པར་བྱེད་དགོས། ཆུ་མཛོད་དང་། རི་བོ། གློག་ཁང་། ཆུ་བོ་སོགས་གཙོ་གནད་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་ལེབ་བཤེར་བྱེད་དགོས་ཤིང་། དུས་ཐོག་ཏུ་སྡོད་ཁང་དང་གཞུང་ལམ་སོགས་ལ་གཏོར་སྐྱོན་ཐེབས་ཚད་ཞིབ་བསྡུར་ནན་པོ་བྱས་ཐོག གནོད་འཚེ་ཕོག་པའི་མང་ཚོགས་དང་སྡོད་ཁང་ལ་གཏོར་སྐྱོན་ཐེབས་ཚད་བསྡོམས་རྩིས་གནད་ལ་འཕིགས་པ་བྱས་ནས། གོམ་སྟབས་རྗེས་མའི་མྱུར་སྐྱོབ་གེགས་སེལ་དང་ས་ཡོམ་བརྒྱབ་རྗེས་ཀྱི་བསྐྱར་བསྐྲུན་ལས་དོན་ལ་འདེགས་སྐྱོར་གང་ལེགས་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


王君正强调,要全力抢修水、电、路等基础设施,迅速组织力量核查灾情,密切关注天气变化,严防发生次生灾害造成新的人员伤亡和财产损失,全面排查水库、山体、电站、河道等重点部位,及时核查房屋、道路等受损情况,进一步摸清底数,精准统计受灾群众和房屋受损情况,为下一步抢险救援和灾后重建提供有力支撑。


ཝང་ཅུན་ཀྲེང་གིས་ས་ཡོམ་གྱི་གནོད་འཚེ་ཕོག་ཚུལ་ལ་ཞིབ་གྲོས་ནན་པོ་བྱེད་དགོས་པ་དང་། ས་ཡོམ་དང་། འཕྲལ་རྐྱེན་མྱུར་སེལ་སོགས་ཚན་པས་ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་། ཚན་པ་ཁག་གིས་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བྱས་ཏེ། དུས་ཐོག་དང་ཡང་དག་པའི་སྒོ་ནས་ས་ཡོམ་གྱི་གནས་ཚུལ་དང་གནོད་འགོག་གེགས་སེལ་ལས་དོན་གྱི་འཕེལ་རིམ་ཡོངས་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱི་དོ་འཁུར་ལ་ལན་ཡོད་པར་བྱས་ཐོག སྤྱི་ཚོགས་ཁྱོན་ཡོངས་དང་མི་སེམས་བརྟན་པོ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


王君正强调,要跟踪研判震情灾情,地震、应急等部门要加强震情监测,各地市各部门要加强应急值守,及时准确发布震情灾情和抗震救灾进展情况,积极回应社会关切,确保社会大局稳定、人心安定。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴

来源 | 西藏日报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章